第03版:综合新闻 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
ངེད་གྲོང་ཁྱེར་གྱིས་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ་ལ་བརྟེན་ནས་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པ་རྒྱ་ཆེར་བཏང་བ།
ཏང་གི་བཀའ་དྲིན་ལ་སྣང་ཆེན་གྱིས་སྲོག་ཤིང་ལ་དགའ་ཞེན་བྱེད་དགོས།
རྒྱལ་ནང་ཁ་པར་གྱི་ཐག་རིང་དང་རྒྱང་སྒྲོལ་ ཁ་པར་འགྲོ་གྲོན་མེད་པར་བཟོས་པ།
བོད་ཀྱི་གཞུང་བཙུགས་སྨན་ཁང་གི་སྨན་རིན་གྱི་ ཁེ་བཟང་ཕྱོགས་ཡོངས་ནས་མེད་པར་བཟོས་པ།
| 山南网首页 |
2017年9月11日 星期
下一篇 4 放大 缩小 默认
ངེད་གྲོང་ཁྱེར་གྱིས་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ་ལ་བརྟེན་ནས་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པ་རྒྱ་ཆེར་བཏང་བ།
 

(པར་ངོས་དང་པོར་མཐུད) གལ་ཆེན་གྱི་དགོངས་པ་ལྷོ་ཁའི་སྒྱུར་འཕེལ་བརྟན་གསུམ་ལ་སྐུལ་འདེད་གཏོང་བའི་བྱ་གཞག་ཁག་ཏུ་ཁྱབ་པར་བྱས་ཡོད།

བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ་དབུལ་སྒྲོལ་འགག་སྒྲོལ་གྲོང་ཁྱེར་གྱིས་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ་སློབ་སྦྱོང་གཉིས་དང་ཚད་ལོན་གཅིག་གི་སློབ་སྦྱོང་སློབ་གསོ་རྒྱ་ཆེར་གཏོང་བའི་གཞི་རྟེན་གལ་ཆེན་དུ་བྱས་ནས་གནད་སྨིན་དབུལ་སྒྲོལ་དང་ཟུང་འབྲེལ་གྱིས་ཏང་འཛུགས་སྐྱོང་དང་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་ཏང་འཛུགས་སྐྱོང་གིས་དབུལ་སྒྲོལ་ལ་སྣེ་ཁྲིད་དང་དབུལ་སྒྲོལ་གྱིས་ཏང་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བ་དང་།ཏང་ཀྲི་པུའུ་དང་།སྣེ་འདྲེན་ཁེ་ལས།དུད་ཚང་དབུལ་པོ་བཅས་ཀྱི་བྱེད་ཐབས་ཕྱོགས་སྡོམ་དང་ཁྱབ་གདལ་བཏང་ནས་གཞི་རིམ་ཏང་རྩ་འཛུགས་དབུལ་སྒྲོལ་ཕྱུག་འགྱུར་གྱི་སྣེ་ཁྲིད་པ་དང་།སྣེ་འདྲེན་ཁེ་ལས།དུད་ཚང་དབུལ་པོ་བཅས་ཀྱི་སྦྲེལ་ཐག་དང་ཐོན་ལས་འཕེལ་རྒྱས་ཀྱི་གཞི་རྟེན་དུ་གྱུར་པར་བྱས་ཡོད།ཏང་ཡོན་ལས་བྱེད་པའི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་དུད་ཚང་དབུལ་པོས་ས་ཞིང་ནང་བཤུག་བཏང་ནས་བོགས་དངུལ་ལེན་པ་དང་།མ་རྐང་ལ་ཞུགས་ནས་ཐོབ་ཆ་བགོ་བ།ལས་ཀར་ཞུགས་ནས་གླ་ཆ་ལེན་པ།སློབ་གསོ་གསོ་སྦྱོང་བྱས་ནས་རྩལ་ནུས་ཤེས་པ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་འབབ་འཕར་ཕྱུག་འགྱུར་བྱས་པར་བརྟེན་མང་ཚོགས་དབུལ་པོའི་ཐོབ་སེམས་དང་བདེ་ཚོར་དེ་བས་ཆེ་རུ་ཕྱིན་ཡོད།

བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་དང་བླངས་པའི་ཞབས་ཞུ་གྲོང་ཁྱེར་གྱིས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་འབྲེལ་ཡོད་ནང་དོན་དང་ཟུང་འབྲེལ་བྱས་ཏེ་བསམ་འདུན་ཆུང་ངུ་དང་།གཞི་གཅིག་ཅན་གྱི་ཞབས་ཞུ།གདོང་སྐྱོད་བཞིའི་ཞབས་ཞུ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་ཏང་ཡོན་ལས་བྱེད་པས་ཡུལ་བབ་དང་བསྟུན་ནས་དམངས་ཕན་དང་།འོས་འགན་སྨན་བཅོས་དང་འཁྲབ་སྟོན།ཞལ་འདེབས་སློབ་རོགས།ཁོར་ཡུག་བཟང་སྒྲིགའགྲིམ་འགྲུལ་ལས་གནས།སྤྱི་ཚོགས་སྤྱི་ཕན་སོགས་དང་བླངས་པའི་ཞབས་ཞུའི་བྱེད་སྒོ་སྤེལ་ནས་གང་དུ་དགོས་མཁོ་ཆེ་ན།དེར་ཏང་ཡོན་དང་བླངས་པའི་བྱེད་སྒོ་སྤེལ་ཐུབ་པར་བྱས་ཡོད།

བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་ཆབ་སྲིད་རིག་གནས་གྲོང་ཁྱེར་གྱིས་ཕུལ་བྱུང་རིག་གནས་ཁྲིད་སྟོན་དུ་བྱས་ནས་ཏང་ནང་ཁུལ་གྱི་ཆབ་སྲིད་རིག་གནས་འཛུགས་སྐྱོང་ལ་གསར་བརྗེའི་རིག་གནས་ཀྱི་འབྱུང་རྩའི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་ལྷོ་ཁའི་སྔོན་གཤེགས་དཔའ་བོའི་བང་སོ་དང་།ཁེ་གསུམ་དམངས་གཙོའི་བཅོས་སྒྱུར་གྱི་གྲོང་ཚོ་དང་པོ་སོགས་ལ་བརྟེན་ནས་ཁྱིམ་སྲོལ་རིག་གནས་དང་།རྒྱལ་གཅེས་རིག་གནས།སྲིད་གཙང་རིག་གནས་སོགས་ཏང་ནང་ཁུལ་གྱི་ཆབ་སྲིད་རིག་གནས་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ཡོད།དཔེ་མཚོན་དཔེ་སྟོན་ཁྲིད་སྟོན་དུ་བྱས་ནས་ལྷོ་ཁའི་མི་སེམས་འགུལ་བའི་མི་སྣ་ཆེ་གྲས་བཅུའི་དཔྱད་འདེམས་བྱེད་སྒོ་དང་སྔོན་ཐོན་དཔེ་མཚོན་བྱས་རྗེས་སྙན་ཞུའི་ཚོགས་འདུ་འཚོགས་ནས་ཉེ་འགྲམ་གྱི་མི་དང་ཉེ་འགྲམ་གྱི་བྱ་བར་བརྟེན་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྤྱི་ཚོགས་ཀྱི་དྲང་ནུས་དང་གུང་ཁྲན་ཏང་མིའི་རིན་ཐང་ལྟ་བ་དར་སྤེལ་གཏོང་བར་སྐུལ་ལྕག་བྱས་ཡོད།ཡང་དག་གི་སྟོན་ཕྱོགས་ཁྲིད་སྟོན་དུ་བྱས་ཏེ།ཏང་ཞུགས་དམ་བཅའ་བསྐྱར་དྲན་དང་།ཏང་གི་བཀའ་དྲིན་ལ་བསྟོད་གླུ་ཕུལ་ནས་གདོང་ལེན་པ་བྱེད་པ། ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་འགྱུར་ལྡོག་གླེང་བ་དང་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་རྒྱང་ལྟ་བྱེད་པ་སོགས་ཀྱི་བྱེད་སྒོ་སྤེལ་ཏེ་ཏང་ཡོན་ལས་བྱེད་པ་ཚང་མས་ལས་གཅེས་ལས་བཀུར་དང་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བར་སྐུལ་ལྕག་བྱས་ནས་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད།

下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:国际国内
ངེད་གྲོང་ཁྱེར་གྱིས་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ་ལ་བརྟེན་ནས་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པ་རྒྱ་ཆེར་བཏང་བ།
ཏང་གི་བཀའ་དྲིན་ལ་སྣང་ཆེན་གྱིས་སྲོག་ཤིང་ལ་དགའ་ཞེན་བྱེད་དགོས།
རྒྱལ་ནང་ཁ་པར་གྱི་ཐག་རིང་དང་རྒྱང་སྒྲོལ་ ཁ་པར་འགྲོ་གྲོན་མེད་པར་བཟོས་པ།
བོད་ཀྱི་གཞུང་བཙུགས་སྨན་ཁང་གི་སྨན་རིན་གྱི་ ཁེ་བཟང་ཕྱོགས་ཡོངས་ནས་མེད་པར་བཟོས་པ།