第03版:综合 上一版3  4下一版
 
版面导航

第01版
头版

第02版
专版

第03版
综合
 
标题导航
ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་བོད་དུ་བཅའ་སྡོད་བྱས་པ།
ཞུས་ཁྲེང་ཚང་གིས་ཚོགས་འདུ་གཙོ་སྐྱོང་གནང་སྟེ་འབྲེལ་ཡོད་ཡིག་ཆ་བརྒྱུད་བསྒྲགས་སློབ་སྦྱོང་དང་ཉེ་དུས་ཀྱི་ལས་ཀར་བཀོད་སྒྲིག་གནང་བ།
མངལ་མ་འཁོར་གོང་དང་མངལ་སྦྲུམ་ཆགས་དུས་ཞི་མི་དང་།ཁྱི། བྱ་བྱེའུ་སོགས་དང་ཉེ་པོ་བྱེད་མི་རུང་བའི་རྒྱུ་མཚན་གང་ཡིན་ནམ།
བོད་རང་སྐྱོང་ལྗོངས་ཀྱི་སློབ་མའི་རོགས་དངུལ་དོ་དམ་ལྟེ་གནས་ཀྱིས་ 《བོད་རང་སྐྱོང་ལྗོངས་ཀྱི་མཐོ་སློབ་སློབ་མའི་རོགས་དངུལ་སྲིད་ཇུས་ངོ་སྤྲོད་མདོར་བསྡུས》ཡོངས་བསྒྲགས་བྱས་པ།
ཕུར་བུ་དོན་གྲུབ་ཀྱིས་ཡར་ཀླུང་གཙང་པོའི་ལྷོ་ཁའི་རྒྱུག་ཁུལ་གྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་འཛུགས་སྐྱོང་གནས་ཚུལ་ལ་རྟོག་ཞིབ་གནང་བ།
| 山南网首页 |
2017年8月21日 星期
3 上一篇  下一篇 4 放大 缩小 默认
ཞུས་ཁྲེང་ཚང་གིས་ཚོགས་འདུ་གཙོ་སྐྱོང་གནང་སྟེ་འབྲེལ་ཡོད་ཡིག་ཆ་བརྒྱུད་བསྒྲགས་སློབ་སྦྱོང་དང་ཉེ་དུས་ཀྱི་ལས་ཀར་བཀོད་སྒྲིག་གནང་བ།
 
(པར་ངོས་དང་པོར་མཐུད) ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་བསུ་བའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་ཞུས་ཁྲེང་ཚང་གིས་རྫོང་ངམ་ཆུས་དང་ཚན་པ་ཁག་གིས་ཆབ་སྲིད་ལ་སྣང་ཆེན་དང་སྤྱི་ཡོངས་ལ་སྣང་ཆེན། སྒྲིག་སྲོལ་ལ་སྣང་ཆེན་བཅས་བྱེད་པའི་ཐོག་ནས་གང་མགྱོགས་ལྟ་ཞིབ་བསུ་བའི་ལས་ཀར་ཞུགས་དགོས་པ་དང་། རིགས་འདྲ་མིན་གྱི་གནད་དོན་དུས་ཐོག་ཏུ་བཅོས་སྒྲིག་བྱེད་དགོས་པ། བཅོས་སྒྲིག་བྱེད་རྒྱུ་དག་ཞིབ་ཚགས་པ་དང་གཏིང་ཟབ་པ། དྲང་གཞག་ཡིན་པ་བཅས་བྱེད་དགོས་པ། གནད་དོན་ཐོན་སའི་རྒྱུ་རྐྱེན་ལ་ཡང་དག་པའི་དབྱེ་ཞིབ་དང་དོན་དངོས་སྣང་ཚུལ་དང་ལོ་རྒྱུས་རྒྱབ་ལྗོངས་སོགས་ཀྱི་གནས་ཚུལ་ཕྱོགས་ཡོངས་ཞིབ་ཕྲའི་ཐོག་ནས་ངོ་སྤྲོད་བྱེད་པ། དམ་པ་དོན་གཉེར་ཐོག་ནས་ཁོར་ཡུག་སྲུང་སྐྱོབ་ལ་ཐོབ་པའི་གྲུབ་འབྲས་དྲིལ་བསྒྲགས་བྱེད་དགོས་པ་དང་། ཞུས་ཁྲེང་ཚང་གིས་རྫོང་དང་ཚན་པ་ཁག་གིས་སློབ་སྦྱོང་ལག་བསྟར་དམ་འཛིན་གྱིས་འདུ་ཤེས་ཆེ་བཞི་བརྟན་པོ་འཛུགས་དགོས་པ་དང་། འབད་འབུངས་ཡར་བརྩོན་གྱི་ལོ་ལྔ་བརྗོད་དོན་བྱས་པའི་དྲིལ་བསྒྲགས་བྱེད་སྒོ་དམ་འཛིན་གྱིས་མང་ཚོགས་ཀྱི་སྐད་ཆ་དང་མང་ཚོགས་ཉེ་འགྲམ་གྱི་འགྱུར་ལྡོག་ལ་བརྟེན་ནས་མི་རིགས་ཁག་གི་མང་ཚོགས་ཚོས་བློ་རྩ་བརྟན་པོས་ཏང་གི་རྗེས་སུ་འབྲངས་རྒྱུར་སློབ་གསོ་འཁྲིད་སྟོན་བྱེད་དགོས་ཞེས་དང་།

ཞུས་ཁྲེང་ཚང་གིས་མིག་སྔར་གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ཚན་པ་དང་རྒྱ་ཆེའི་ལས་བྱེད་ལས་བཟོས་ལྷོད་གཡེང་གི་བསམ་བློ་ཁྱད་བསད་བྱས་ཏེ་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཁག་ཡག་པོ་བསྒྲུབ་དགོས་པའི་རེ་བ་བཏོན་གནང་བ་དང་། ཆབས་ཅིག་ནུས་ཤུགས་ཡོད་རྒུས་དཔལ་འབྱོར་ལས་དོན་དམ་འཛིན་བྱེད་དགོས་པ། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་དང་ལེགས་བཅོས་བྱས་ནས་ཏང་རྩ་འཛུགས་ཀྱི་ཁྱོན་ཡོངས་ལ་སྤྱི་འདོམས་བྱེད་པ་དང་ཕྱོགས་གང་ཅིར་འགོ་ཁྲིད་མཐུན་སྦྱོར་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པའི་ནན་བཤད་གནང་བ་རེད།

ཁྲེན་ཧའེ་ཆིང་དང་། བཀྲ་ཤིས། ཉི་མ་ཚེ་རིང་། ཧོང་ཅིན་ཁྲེང་། བཀྲ་ཤིས་རྒྱ་མཚོ། ཀྲང་ཡུང་ལིན། ཕུར་བུ་རྡོ་རྗེ། ཕུར་བུ། ཝང་ཞཱ། ཇང་མིང་ཧའོ། བློ་བཟང་ཕུན་ཚོགས་སོགས་དབུ་ཁྲིད་ཚོགས་འདུར་ཞུགས་སོ།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:专版
   第03版:综合
   第04版:国际国内