第02版:专版 上一版3  4下一版
 
版面导航

第01版
头版

第02版
专版

第03版
综合
 
标题导航
ས་བཅད་ལྔ་པ། ཞིང་འབྲོག་ལས་ཀྱི་ལྡབ་འཕར་འཆར་གཞི་ལག་བསྟར་ཤུགས་ཆེན་བྱ་རྒྱུ།
ས་བཅད་དང་པོ། བྱེད་ནུས་གཙོ་བོའི་ཁུལ་ཁག་དབྱེ་བྱ་རྒྱུ།
ལེའུ་དགུ་པ། བྱེད་ནུས་ཁུལ་དབྱེ་ནས་འཕེལ་རྒྱས་ལ་ཁྲིད་སྟོན་རྒྱུན་འཁྱོངས་བྱ་རྒྱུ།
ལེ་ཚན་ལྔ་པ། མཐུན་སྦྱོར་གོང་འཕེལ་རྒྱུན་འཁྱོངས་བྱས་ནས་དོ་མཉམ་གོང་འཕེལ་གྱི་རྣམ་པ་ཆགས་པ་བྱ་རྒྱུ།
| 山南网首页 |
2017年8月21日 星期
3 上一篇  下一篇 4 放大 缩小 默认
ས་བཅད་ལྔ་པ། ཞིང་འབྲོག་ལས་ཀྱི་ལྡབ་འཕར་འཆར་གཞི་ལག་བསྟར་ཤུགས་ཆེན་བྱ་རྒྱུ།
 

དེང་རབས་ཞིང་འབྲོག་ལས་འཕེལ་རྒྱས་དང་གོང་མཐོར་བཏང་སྟེ་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་འཕེལ་རྒྱས་བྱ་ཤུགས་ཆེར་བཏང་ནས། ཞིང་འབྲོག་པའི་རྒྱུན་མཐུད་འབབ་འཕར་ཡོང་བར་སྐུལ་འདེད་གཏོང་རྒྱུ། གཙང་པོའི་བྱང་རྒྱུད་ཀྱི་ཕྱོགས་བསྡུས་གསར་སྤེལ་དང་གཙང་པོའི་ལྷོ་རྒྱུད་ཀྱི་ཞིང་འབྲོག་ལས་ཕྱོགས་བསྡུས་ཁུལ་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་རྒྱུ། 2020ལོར་སླེབས་སྐབས་ཁྱད་ལྡན་ཞིང་འབྲོག་ལས་གཞི་ཁྱོན་ཅན་དང་ཚད་གཞི་ཅན་གྱི་སྒོ་ནས་ཐོན་སྐྱེད་བྱེད་པའི་ཆུ་ཚད་གོང་མཐོར་བཏང་སྟེ། ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར་8ཡན་ཟིན་པ་དང་ལོ་རེའི་ཆ་སྙོམས་འཕར་ཚད་བརྒྱ་ཆ་6གཡས་གཡོན་ལ་སླེབས་པ་བྱས་ནས་རྨང་གཞིའི་ཐོན་ལས་གནས་བབ་དེ་བས་སྲ་བརྟན་ཡོང་བ་བྱ་རྒྱུ།

དེང་རབས་ཞིང་འབྲོག་ལས་འཕེལ་རྒྱས་བྱ་ཤུགས་ཆེར་གཏོང་རྒྱུ། ནས་ཐོན་སྐྱེད་བྱེད་པའི་རྟེན་གཞི་འཛུགས་སྐྲུན་བྱ་རྒྱུ། ཐོན་འབབ་དམའ་འབྲིང་ས་ཞིང་ལེགས་བཅོས་བྱ་ཤུགས་ཆེར་བཏང་ནས་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་དང་སོན་བཟང་ཁེབས་ཚད་མཐོར་གཏོང་། འཕྲུལ་ཆས་ཅན་གྱི་ཆུ་ཚད་དང་ཚན་རྩལ་འདུས་ཚད་མཐོར་གཏོང་བཅས་བྱས་ནས། 2020ལོར་སླེབས་སྐབས་ནས་ཀྱི་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི་19བརྩོན་ལེན་བྱ་རྒྱུ། ཐོན་འབབ་དམའ་བ་གཉིས་ཀྱི་པད་ཁའི་རྟེན་གཞི་འཛུགས་སྐྲུན་རྒྱ་སྐྱེད་བྱ་རྒྱུ།བོད་ནས་2000དང་ཧི་མ་ལ་ཡ་ཨང་22དགུན་ནས་ཨང་17དང་18ལྷོ་ནས་ཨང་9པ། ལྷོ་ཁའི་དགུན་གྲོ་ཨང་7པ། བོད་ཀྱི་པད་ཁ་ཨང་5པ། ལྷོ་ཁའི་པད་ཁ་རིགས་གྲས་བཅས་ཁྱབ་གདལ་བཏང་ནས་2020ལོར་སླེབས་སྐབས་སྤུས་དག་པད་ཁའི་འདེབས་འཛུགས་རྟེན་གཞི་མུའུ་ཁྲི་2གསར་སྣོན་འཛུགས་སྐྲུན་བྱས་ཏེ་ས་ཁུལ་རང་བཞིན་གྱི་གྲགས་རྟགས་གཏོད་རྒྱུ། སྔོ་ཚལ་སྒྲིག་ཆས་ཚད་ལྡན་ཅན་གྱི་དཔེ་མཚོན་ཁུལ་འཛུགས་སྐུན་བྱས་ནས་སྣེ་གདོང་ཆུས་དང་གོང་དཀར་རྫོང་། གྲ་ནང་རྫོང་། ཟངས་རི་རྫོང་བཅས་སུ་སྔོ་ཚལ་བཟོ་གྲྭ་ཅན་གྱི་མྱུ་གུ་གསོ་སྤེལ་ལྟེ་གནས་འཛུགས་སྐྲུན་བྱས་ཏེ་སྔོ་ཚལ་མཁོ་འདོན་བྱེད་པའི་ནུས་པ་ཤུགས་ཆེར་གཏོང་རྒྱུ། བཟའ་ཆའི་ཤ་མོའི་རིགས་རྒྱུད་འདེབས་གསོ་བྱེད་པའི་སྒྲུབ་ཆ་ལེགས་སྒྲིག་བྱེད་པར་སྐུལ་འདེད་བཏང་སྟེ་བཟའ་ཆའི་ཤ་མོ་དང་ཤ་མོའི་རིགས་འཛུགས་སྐྲུན་བྱ་ཤུགས་ཆེར་གཏོང་རྒྱུ། སྤུས་དག་ཞོག་ཁོག་ཐོན་སྐྱེད་རྟེན་གཞི་འཛུགས་སྐྲུན་བྱས་ནས་ལྷོ་ཁའི་ཁྱད་ཆོས་ལྡན་པའི་ཞོག་ཁོག་དམར་པོའི་སོན་བཟང་གསོ་སྤེལ་རྒྱ་སྐྱེད་ལྟེ་གནས་བསྐྲུན་ཏེ། 2020ལོར་སླེབས་སྐབས་མུའུ་ཁྲི་10ཡི་ཐོན་སྐྱེད་རྟེན་གཞི་བཙུགས་ནས་སོན་བཟང་མཁོ་འདོན་ཐུབ་པ་བྱ་རྒྱུ། མུའུ་1000ཡི་བོད་སྨན་རྒྱུ་ཆའི་སོན་དང་ལྗང་སོན་གསོ་སྤེལ་རྟེན་གཞི་འཛུགས་རྒྱུ། བོད་སྨན་རྒྱུ་ཆའི་འདེབས་འཛུགས་རྟེན་གཞི་གསར་འཛུགས་བྱས་ནས་བོད་སྨན་རྒྱུ་ཆའི་ཐོན་ལས་ཅན་དང་

གཞི་ཁྱོན་ཅན་གྱི་ཐོན་སྐྱེད་ཆུ་ཚད་གོང་མཐོར་གཏོང་རྒྱུ། ཚན་རིག་ལ་བརྟེན་ནས་འདེབས་གསོ་དང་ཆུ་གྲོན་

ཆུང་གིས་ཞིང་ཆུ་འདྲེན་པ། འདེབས་གསོ་བཅས་ཀྱི་རྩལ་ནུས་གོང་མཐོར་བཏང་ནས་ནགས་གླིང་དང་ཤིང་འབྲས་འདེབས་འཛུགས་རྟེན་གཞི་འཛུགས་སྐྲུན་བྱ་རྒྱུ། སྣེ་གདོང་ནི་རྒྱལ་ཁབ་རིམ་པའི་དེང་རབས་ཞིང་ལས་དཔེ་མཚོན་སྡེ་གླིང་དུ་འཛུགས་སྐྲུན་བྱས་ནས་འབྱུང་ཁམས་སྐྱེ་ལྡན་ཕན་མཐོའི་ཞིང་ལས་འཕེལ་རྒྱས་ཆུ་འབྲོག་རར་རོགས་སྐྱོར་བྱ་རྒྱུ། བོད་ཕག་གསོ་ཚགས་ཆེད་ལས་མཉམ་ལས་ཁང་དང་སྣེ་འདྲེན་ཁེ་ལས་ཚད་ལྡན་ཅན་གྱི་གསོ་ཚགས་ར་བ་སྐྲུན་རྒྱུར་རོགས་སྐྱོར་བྱས་ནས་ཚོང་ཟོག་གི་ཕག་ཕྲུག་བཤས་གཏོང་ཚད་མཐོ་རུ་གཏོང་རྒྱུ། རང་སྐྱོང་ལྗོངས་རིམ་པའི་བོད་བྱ་ཐོན་ཁུངས་སྲུང་སྐྱོང་ཁུལ་1བཙུགས་ཐོག མཉམ་ལས་ཁང་གཞི་རྟེན་བྱས་ནས་བོད་བྱ་ཚད་ལྡན་ཅན་གྱི་གསོ་ཚགས་ཁུལ་ཆུང་སྐྲུན་རྒྱུ། 2020ལོར་སླེབས་སྐབས་ཞིང་པའི་ཆེད་ལས་མཉམ་ལས་ཁང་དུ་ཞུགས་པའི་ཞིང་དུད་བརྒྱ་ཆ་40ཡན་ཟིན་པ་དང་། ཞིང་ལས་ཐོན་ལས་ཅན་གྱི་གཉེར་སྐྱོང་སྐུལ་ཁྲིད་བྱ་ཚད་བརྒྱ་ཆ་40ཡན་ཟིན་པ། ལྗོངས་ཡོངས་ཀྱི་ཞིང་ཞོར་ཐོན་རྫས་སྤུས་ལེགས་གྲགས་ཅན་15ཡན་ཟིན་པ་བཅས་བྱ་རྒྱུ། དེང་རབས་འདེབས་འཛུགས་ལས་རིགས་ཀྱི་མཐོར་གཏོང་ལས་གཞི་ལག་བསྟར་ཤུགས་ཆེན་བྱ་རྒྱུ། ཞིང་འབྲོག་ལས་ཀྱི་གྲུབ་འབྲས་སྲུང་སྐྱོང་དང་སྤོ་སྒྱུར་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་ལྷོ་ཁའི་བ་གླང་གི་ཁམས་དཀར་འཁྱགས་རིལ་ས་ཚིགས་འཛུགས་རྒྱུ། བོད་བྱའི་རྒྱུད་སྤེལ་ཐོན་ཁུངས་སྲུང་སྐྱོང་ཁུལ་དང་བོད་བྱ་ར་བ་འཛུགས་རྒྱུ། ལྷོ་ཁ་དང་འཚམ་པའི་སྤུས་ལེགས་སོན་བཟང་འདེབས་འཛུགས་དང་ཁྱབ་གདལ་ཤུགས་ཆེར་བཏང་ནས་ནས་ནག་སོན་བཟང་འདེབས་འཛུགས་ལས་དོན་ཇེ་མགྱོགས་སུ་གཏོང་རྒྱུ། 2020ལོར་སླེབས་སྐབས་སྤུས་ལེགས་བཞོན་མ་དང་བོད་བྱ། ནས་ནག་བཅས་ལྷོ་ཁའི་གྲགས་རྟགས་གཏོད་རྒྱུ་མ་ཟད་ལྗོངས་ཡོངས་སུ་སོན་བཟང་སྐྱེལ་འདྲེན་ཐུབ་པའི་བརྩོན་ལེན་བྱ་རྒྱུ། རྒྱུད་རྫོང་གི་གྲོང་ཁྱེར་དང་གྲོང་རྡལ་ཁྱིམ་མཚེས་གྱི་ལྟ་སྐོར་ཞིང་ལས་འཕེལ་རྒྱས་ཡག་པོ་བཏང་ནས་སྤྲོ་གསེང་ལྟ་སྐོར་ཞིང་ལས་འཕེལ་རྒྱས་ཆུ་ཚད་གོང་མཐོར་གཏོང་རྒྱུ། 2020ལོར་སླེབས་སྐབས་རྒྱལ་ཁབ་རིམ་པའི་ཞིང་ལས་ཚད་གཞི་ཅན་གྱི་དཔེ་མཚོན་ཁུལ་15ཡན་དང་རྒྱལ་ཁབ་ས་གཤིས་མཚོན་རྟགས་སྲུང་སྐྱོང་ཐོན་རྫས་10ཡན། སྙན་གྲགས་ཀུན་ཁྱབ་ཚོང་རྟགས་3ཡན། གྲགས་ཅན་ཚོང་རྟགས་20ཡན་བཅས་གསར་གཏོད་ཐུབ་པའི་བརྩོན་ལེན་བྱ་རྒྱུ།

ནགས་གླིང་དང་ཤིང་འབྲས་ལས་རིགས་གོང་འཕེལ་མགྱོགས་སུ་གཏོང་རྒྱུ། སྟར་ཁ་དང་ཀུ་ཤུ་སོགས་ཀྱིས་གཙོ་བོ་བྱས་པའི་ཐོན་འབོར་ཆེ་བའི་དཔལ་འབྱོར་ནགས་ལས་རྟེན་གཞི་འཛུགས་སྐྲུན་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། སྣེ་འདྲེན་ཁེ་ལས་དང་གལ་ཆེའི་རྣམ་གྲངས་ལ་རྟེན་པ། རྒྱ་ཆེའི་ཞིང་དུད་སྣེ་ཁྲིད་བྱས་ནས་ཐོན་འབབ་དམའ་བའི་ནགས་གླིང་ཤིང་འབྲས་ར་བ་བསྒྱུར་བཀོད་དང་། སྣེ་མང་འདེབས་འཛུགས་དང་ནགས་ཁྲོད་ལས་དོན་སྤེལ་བ། ནགས་སའི་ཐོན་ཁུངས་ཕན་འབྲས་མཐོར་གཏོང་། ནགས་ཁྲོད་དཔལ་འབྱོར་གཞི་ཁྱོན་རྒྱ་སྐྱེད་གཏོང་བ་བཅས་བྱ་རྒྱུ། 2020ལོར་སླེབས་སྐབས་གྲོང་ཁྱེར་ཡོངས་ཀྱི་སྤུས་ལེགས་ཤིང་འབྲས་ར་བའི་རྟེན་གཞི་འཛུགས་སྐྲུན་བྱེད་པའི་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི་0.7ཡན་ཟིན་པའི་བརྩོན་ལེན་བྱ་རྒྱུ།

ཁྱད་ལྡན་གྱི་འབྲོག་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་རྒྱུ། དེང་རབས་ཀྱི་འབྲོག་ལས་ཚད་བརྒལ་ལས་གྲྭ་ལག་བསྟར་བྱས་ཏེ། འབྲི་གཡག་དང་བོད་ལུག་བཞོན་མ། བོད་ཕག བོད་བྱ་སོགས་གཙོ་གནད་ཐོན་རྫས་སུ་བྱས་ནས་གསོ་ཚགས་གྲུབ་ཆ་ལེགས་སྒྲིག་བྱེད་པ་དང་གསོ་ཚགས་གཞི་ཁྱོན་ཆེ་རུ་བཏང་ཐོག་སྒོ་ཕྱུགས་དང་ཁྱིམ་བྱའི་ཐོན་རྫས་ཀྱི་འགྲན་རྩོད་ནུས་པ་མཐོ་རུ་གཏོང་རྒྱུ། གསོ་ཚགས་ཁེ་ལས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ། རྒྱུད་བཟང་ནང་འདྲེན་དང་ལེགས་སྒྱུར་ཇེ་མགྱོགས་སུ་བཏང་ནས་བ་གླང་དང་འབྲི་གཡག བོད་ལུག བོད་ཕག བོད་བྱ་བཅས་གསོ་ཚགས་དང་རྒྱགས་གསོའི་རྟེན་གཞི་འཛུགས་སྐྲུན་བྱ་རྒྱུ། ལྷུན་རྩེ་རྫོང་དང་སྣེ་གདོང་ཆུས། གོང་དཀར་རྫོང་། གྲ་ནང་རྫོང་བཅས་བཞིའི་བཞོན་མ་ཁྱད་ལྡན་ཐོན་ཁུལ་གྱི་བ་གླང་ལེགས་སྒྱུར་བྱ་རྒྱུ། བཞོན་མའི་ལྟེ་གནས་ཐོན་ཁུལ་ཚད་ལྡན་ཅན་གྱི་བཞོན་མ་གསོ་ཚགས་རྟེན་གཞི་འཛུགས་སྐྲུན་བྱས་ཐོག བཞོན་མ་གསོ་ཚགས་དུད་ཚང་ཆེ་གྲས་དང་ཁྱིམ་ཚང་འབྲོག་རར་རོགས་སྐྱོར་བྱ་རྒྱུ། འབྲི་གཡག་གསོ་ཚགས་དང་རྒྱགས་གསོ། ཐོན་སྐྱེད་དཔེ་མཚོན། སྦྱོང་བརྡར་རྟེན་གཞི་བཅས་འཛུགས་སྐྲུན་བྱས་ནས་སྟག་ཤེལ་འབྲི་གཡག་རྒྱུད་བཟང་འདེགས་སྐྱོར་བྱེད་པ་དང་ལྷོ་ཁའི་ཁྱད་ལྡན་འབྲི་གཡག་རྒྱུད་གསར་གསོ་སྤེལ་བྱས་ཐོག འབྲི་གཡག་གསོ་ཚགས་ཀྱི་དུད་ཚང་ཆེ་གྲས་དང་ཁྱིམ་ཚང་འབྲོག་རར་རོགས་སྐྱོར་བྱ་རྒྱུ། སྣ་དཀར་རྩེ་རྫོང་དང་མཚོ་སྨད། གོང་དཀར། འཕྱོངས་རྒྱས་རྫོང་བཅས་སུ་ལུག་ཡུན་ཐུང་རྒྱགས་གསོའི་རྟེན་གཞི་དང་ལུག་གི་རྒྱུད་བཟང་རྟེན་གཞི་འཛུགས་སྐྲུན་བྱ་རྒྱུ། བོད་ལུག་ལྟེ་གནས་ཐོན་ཁུལ་དུ་ལུག་རྒྱུད་གསོ་སྤེལ་ར་བ་རྒྱ་སྐྱེད་བཏང་ནས་ཡུན་ཐུང་རྒྱགས་གསོའི་རྟེན་གཞི་འཛུགས་སྐྲུན་བྱ་རྒྱུ་དང་གྲོང་ཚོའི་མཉམ་སྡེབ་ཡུན་ཐུང་རྒྱགས་གསོའི་མཉམ་ལས་ཁང་འཛུགས་པ། གསོ་ཚགས་དུང་ཚང་ཆེ་གྲས་དང་ཁྱིམ་ཚང་འབྲོག་རར་རོགས་སྐྱོར་བྱ་རྒྱུ། བོད་ཕག་གསོ་ཚགས་ཆེད་ལས་མཉམ་ལས་ཁང་དང་སྣེ་འདྲེན་ཁེ་ལས་ཚད་ལྡན་ཅན་གྱི་གསོ་ཚགས་ར་བ་སྐྲུན་རྒྱུར་རོགས་སྐྱོར་བྱས་ནས་ཚོང་ཟོག་གི་ཕག་ཕྲུག་བཤས་གཏོང་ཚད་མཐོ་རུ་གཏོང་རྒྱུ། རང་སྐྱོང་ལྗོངས་རིམ་པའི་བོད་བྱ་ཐོན་ཁུངས་སྲུང་སྐྱོང་ཁུལ་1 བཙུགས་ཐོག མཉམ་ལས་ཁང་གཞི་རྟེན་བྱས་ནས་བོད་བྱ་ཚད་ལྡན་ཅན་གྱི་གསོ་ཚགས་ཁུལ་ཆུང་སྐྲུན་རྒྱུ། 2020ལོར་སླེབས་སྐབས་ཞིང་པའི་ཆེད་ལས་མཉམ་ལས་ཁང་དུ་ཞུགས་པའི་ཞིང་དུད་བརྒྱ་ཆ་40ཡན་ཟིན་པ་དང་། ཞིང་ལས་ཐོན་ལས་ཅན་གྱི་གཉེར་སྐྱོང་སྐུལ་ཁྲིད་བྱ་ཚད་བརྒྱ་ཆ་40 ཡན་ཟིན་པ། ལྗོངས་ཡོངས་ཀྱི་ཞིང་ཞོར་ཐོན་རྫས་སྤུས་ལེགས་གྲགས་ཅན་15 ཡན་ཟིན་པ་བཅས་བྱ་རྒྱུ། དེང་རབས་འདེབས་འཛུགས་ལས་རིགས་ཀྱི་མཐོར་གཏོང་ལས་གཞི་ལག་བསྟར་ཤུགས་ཆེན་བྱ་རྒྱུ། ཞིང་འབྲོག་ལས་ཀྱི་གྲུབ་འབྲས་སྲུང་སྐྱོང་དང་སྤོ་སྒྱུར་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་ལྷོ་ཁའི་བ་གླང་གི་ཁམས་དཀར་འཁྱགས་རིལ་ས་ཚིགས་འཛུགས་རྒྱུ། བོད་བྱའི་རྒྱུད་སྤེལ་ཐོན་ཁུངས་སྲུང་སྐྱོང་ཁུལ་དང་བོད་བྱ་ར་བ་འཛུགས་རྒྱུ། ལྷོ་ཁ་དང་འཚམ་པའི་སྤུས་ལེགས་སོན་བཟང་འདེབས་འཛུགས་དང་ཁྱབ་གདལ་ཤུགས་ཆེར་བཏང་ནས་ནས་ནག་སོན་བཟང་འདེབས་འཛུགས་ལས་དོན་ཇེ་མགྱོགས་སུ་གཏོང་རྒྱུ། 2020ལོར་སླེབས་སྐབས་སྤུས་ལེགས་བཞོན་མ་དང་བོད་བྱ། ནས་ནག་བཅས་ལྷོ་ཁའི་གྲགས་རྟགས་གཏོད་རྒྱུ་མ་ཟད་ལྗོངས་ཡོངས་སུ་སོན་བཟང་སྐྱེལ་འདྲེན་ཐུབ་པའི་བརྩོན་ལེན་བྱ་རྒྱུ།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:专版
   第03版:综合
   第04版:国际国内
ས་བཅད་ལྔ་པ། ཞིང་འབྲོག་ལས་ཀྱི་ལྡབ་འཕར་འཆར་གཞི་ལག་བསྟར་ཤུགས་ཆེན་བྱ་རྒྱུ།
ས་བཅད་དང་པོ། བྱེད་ནུས་གཙོ་བོའི་ཁུལ་ཁག་དབྱེ་བྱ་རྒྱུ།
ལེའུ་དགུ་པ། བྱེད་ནུས་ཁུལ་དབྱེ་ནས་འཕེལ་རྒྱས་ལ་ཁྲིད་སྟོན་རྒྱུན་འཁྱོངས་བྱ་རྒྱུ།
ལེ་ཚན་ལྔ་པ། མཐུན་སྦྱོར་གོང་འཕེལ་རྒྱུན་འཁྱོངས་བྱས་ནས་དོ་མཉམ་གོང་འཕེལ་གྱི་རྣམ་པ་ཆགས་པ་བྱ་རྒྱུ།