གངས་ལྗོངས་ས་མཐོའི་ཞིང་ཁུལ་གྱི་ལུང་ཚན་སོ་སོས་སྔ་རྗེས་སུ་འོང་ཁ་བསྐོར་བ་དང་། རྟ་རྒྱུག་གཏོང་བ། རིག་རྩལ་ལེ་ཚན་འཁྲབ་སྟོན་བྱེད་པ་བཅས་རིག་གནས་བྱེད་སྒོའི་སྣང་ཚུལ་བཟང་པོ་ཞིག་གང་སར་མཐོང་རྒྱུ་ཡོད་པ་ནི་ཞིང་ཁུལ་དུ་ལོ་གསར་ཕུད་པའི་དུས་སྟོན་རྒྱས་ཤོས་འོང་སྐོར་གཏོང་བའི་རྣམ་པ་ཡིན།
འདི་ནི་ཕོ་གཞོན་རྣམས་ཀྱིས་ལུས་ལ་གཟབ་མཆོར་ལེགས་པར་སྤྲས་ནས་མདའ་གཞུ་སོགས་བཏགས་ནས་སྒ་སྲབ་ལེགས་པའི་རྟ་ལ་བཅིབས་ཏེ་རྟ་རྒྱུག་འགྲན་བསྡུར་བྱེད་བཞིན་ཡོད།