第04版:藏区新闻 上一版3
 
版面导航

第01版
头版

第02版
重要新闻

第03版
综合
 
标题导航
| 山南网首页 |
2017年7月28日 星期
3 上一篇  下一篇 4 放大 缩小 默认
འདི་ལོའི་ཞོ་སྟོན་སྐོར་གྱི་རྩོམ་ཡིག་བསྡུ་བའི་བྱེད་སྒོ་སྤེལ་འགོ་ཚུགས་ཤིང་ཨང་དང་པོར་བྱ་དགའ་སྒོར་3000སྤྲོད་རྒྱུ་ཡིན་པ།
 

མི་དམངས་དྲ་བའི་ཐོག་གནས་ཚུལ་སྤེལ་གསལ། འདི་ལོའི་ལྷ་སའི་ཞོ་སྟོན་སྤྱི་ཟླ་8ཚེས་21ཉིན་ནས་ཚེས་27ཉིན་བར་གཏོང་རྒྱུ་ཡིན་ལ། ད་ལོའི་ཞོ་སྟོན་གྱི་བྱེད་སྒོར་འགོ་ཚུགས་པའི་མཛད་སྒོ་དང་། གོས་སྐུ་གཤོམ་པ། ལྷ་མོ་འཁྲབ་སྟོན། ལྷོ་ནུབ་ཞིང་ཆེན་རང་སྐྱོང་ལྗོངས་གྲོང་ཁྱེར་དྲུག་གི་པར་ལེན་མཉམ་འབྲེལ་འགྲེམས་སྟོན། མི་རིགས་སྲོལ་རྒྱུན་རྟ་རྩལ་འགྲན་བསྡུར། ཚོང་འགུགས་དངུལ་འདྲེན་རྣམ་གྲངས་འོས་སྦྱོར་ཚོགས་འདུ་དང་ལས་གཞིར་གཅིག་བསྡུས་ཆིངས་འཇོག་མཛད་སྒོ། ལྷ་ས་ནས་གནམ་མཚོ་བར་གྱི་རྐང་ཐང་ཚོགས་ཆེན་སྐབས་བཅུ་པ། ཚོང་ཟོག་སྤུས་ལེགས་གྲགས་ཅན་ཚོང་འདུས། དགའ་སྤྲོ་འཁོལ་བའི་ཞོ་སྟོན་དང་ཞོ། སྦི་རག ཞིམ་ཟས། རོལ་དབྱངས་བཅས་ཀྱི་གཟའ་འཁོར། དྲ་ཐོག་ཞོ་སྟོན་སྨྱན་སྦྱོར་གསར་པའི་དྲིལ་བསྒྲགས་ངོས་སྦྱོར་ཚོགས་འདུ་བཅས་འདུས་ཡོད་པས། ལྷ་ས་གྲོང་ཁྱེར་གྱི་མང་ཚོགས་དང་ཡུལ་སྐོར་བ་ཚོས་དུས་ཡུན་གཟའ་འཁོར་གཅིག་རིང་གི་ཞོ་སྟོན་སྐབས་མཐོང་ཐོས་རོ་ཚོར་སོགས་ཀྱི་དགྱེས་སྟོན་གྱ་ནོམ་པ་ཞིག་ལོངས་སུ་སྤྱོད་རྒྱུ་རེད།

ཞོ་སྟོན་ནི་ལྷ་ས་གྲོང་ཁྱེར་གྱི་ལོ་རྒྱུས་ཡུན་རིང་ལྡན་པའི་སྲོལ་རྒྱུན་དུས་ཆེན་གྱི་གྲས་ཤིག་ཡིན་ལ། དུས་ཆེན་གྱི་སྐབས་སུ་གོས་སྐུ་གཤོམ་པ་དང་། ལྷ་མོ་འཁྲབ་སྟོན། རྟ་རྒྱུག་འགྲན་བསྡུར་སོགས་ཀྱི་བྱེད་སྒོ་ནི་མི་རྣམས་ཀྱི་ཡིད་དབང་འགུགས་ཤོས་ཡིན་པ་དང་། ཞོ་སྟོན་གྱི་མཐོང་ཐོས་ཞེས་པའི་བྱ་དགའ་ཡོད་པའི་རྩོམ་ཡིག་བསྡུ་བའི་བྱེད་སྒོ་དངོས་སུ་སྤེལ་འགོ་ཚུགས་ཡོད་པས། ཚང་མས་རྩོམ་ཡིག་ཧུར་ཐག་སྐུར་བར་དགའ་བསུ་ཞུ་རྒྱུ་ཡིན་ལ། བྱ་དགའ་ཨང་དང་པོར་བྱ་དགའི་དངུལ་སྒོར་3000སྤྲོད་རྒྱུ་རེད།

ཐེངས་འདིའི་ཞོ་སྟོན་སྐོར་གྱི་བྱ་དགའ་ཡོད་པའི་རྩོམ་ཡིག་བསྡུ་བའི་བྱེད་སྒོའི་བརྩམས་ཆོས་ནི་ཞོ་སྟོན་གྱི་མཐོང་ཐོས་བརྗོད་དོན་གཙོ་བོ་ཡིན་པ་དང་། རྩོམ་སྟངས་གང་ཡིན་ཡང་ཆོག་པ། ཡིག་འབྲུ་མང་ཉུང་ལ་ཚད་བཀག་མེད་པ་བཅས་རེད། རྩོམ་ཡིག་འགྲན་བསྡུར་ལ་ཞུགས་མཁན་ཚོས་རང་ཉིད་ཀྱི་བརྩམས་ཆོས་རྩོམ་ཡིག་བསྡུ་བའི་ཡིག་སྒམ་ས་གནས་ལ་བསྐུར་ཆོག་པ་དང་། རྩོམ་ཡིག་བསྡུ་བའི་བྱེད་སྒོའི་དུས་ཡུན་ནི་སྤྱི་ཟླ་7ཚེས་20ཉིན་ནས་སྤྱི་ཟླ་8ཚེས་27ཉིན་བར་རེད། ཐེངས་འདིའི་བྱེད་སྒོར་བྱ་དགའ་ཨང་དང་པོ་དང་། ཨང་གཉིས་པ། ཨང་གསུམ་པ་བཅས་གསུམ་དང་། དེ་བཞིན་ཕུལ་བྱུང་གི་བྱ་དགའ་10བཅས་བཙུགས་ཡོད་པ་རེད། ཆེད་མཁས་པ་དང་མཁས་དབང་སྒྲིག་འཛུགས་བྱས་ཏེ་འདུས་པའི་བརྩམས་ཆོས་(བརྩམས་ཆོས་གཟེངས་སུ་ཐོན་པ་ནི"ཞོ་སྟོན"གྱི་གཞུང་ཕྱོགས་འཕྲིན་ཕྲན་དུ་སྤེལ་རྒྱུ་ཡིན་པ)ལ་དཔྱད་བསྡུར་ལེགས་འདེམས་བྱ་རྒྱུ་ཡིན་ཞིང་། ཨང་དང་པོར་བྱ་དགའི་དངུལ་སྒོར་3000སྤྲོད་རྒྱུ་རེད། བྱ་དགའ་ཐོབ་མཁན་གྱི་མིང་ཐོ་ནི་གཞུང་ཕྱོགས་པོད་ཕྲན་དང་གཞུང་ཕྱོགས་ཀྱི་འཕྲིན་ཕྲན་ནས་ཁྱབ་བསྒྲགས་བྱ་རྒྱུ་ཡིན་པ་དང་། བྱ་དགའ་ཐོབ་མཁན་གྱིས་སྒེར་གྱི་འཕྲིན་ཡིག་ཐོག་གམ་ལན་འཕྲིན་འཇོག་པའི་ཐོག་ནས་རང་ཉིད་ཀྱི་མིང་དང་། ཀྲི་ཧྥུ་པའོ་ཡི་ཨང་གྲངས་སམ་དངུལ་ཁང་གཱ་ཡི་ཨང་གྲངས། ལག་ཁྱེར་ཁ་པར་གྱི་ཨང་གྲངས་བཅས་བསྐུར་ནས་བྱ་དགའ་བསྐུར་བདེ་བར་བྱ་དགོས། ཡིན་ནའང་འགྲན་ཞུགས་བརྩམས་ཆོས་ཚང་མ་ངེས་པར་དུ་རང་ཉིད་ཀྱིས་གསར་དུ་བརྩམས་པའི་རྩོམ་ཡིག་ཡིན་དགོས། གལ་སྲིད་འགྲན་ཞུགས་བརྩམས་ཆོས་ལས་རྩོམ་དབང་རྩོད་གླེང་བྱུང་ན། འགན་ཡོད་ཚད་རྩོམ་པ་པོ་ཉིད་ཀྱིས་འཁུར་དགོས། རྩོམ་པ་པོས་བརྩམས་ཆོས་ཀྱི་ཁྲིམས་མཐུན་རང་བཞིན་ལ་འགན་འཁུར་དགོས་པ་དང་། འགྲན་ཞུགས་བརྩམས་ཆོས་ནི་རྒྱལ་ཁབ་ཀྱི་ཁྲིམས་ལུགས་དང་ཁྲིམས་སྲོལ་ལ་འགལ་བའི་ནང་དོན་ཡོད་མི་ཆོག

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:重要新闻
   第03版:综合
   第04版:藏区新闻
4
འདི་ལོའི་ཞོ་སྟོན་སྐོར་གྱི་རྩོམ་ཡིག་བསྡུ་བའི་བྱེད་སྒོ་སྤེལ་འགོ་ཚུགས་ཤིང་ཨང་དང་པོར་བྱ་དགའ་སྒོར་3000སྤྲོད་རྒྱུ་ཡིན་པ།
འོང་སྐོར། ཞིང་ཁུལ་གྱི་དམིགས་བསལ་རིག་གནས།
མེ་ལོང་
ཁྲོན་བོད་གཞུང་ལམ་ལམ་རྒྱུད་ལོ་འཁོར་གྱི་ རང་བྱུང་གནོད་འཚེ་ཐོན་མང་བའི་ དུས་སུ་སླེབས་པ།