第03版:综合 上一版3  4下一版
 
版面导航

第01版
头版

第02版
重要新闻

第03版
综合
 
标题导航
| 山南网首页 |
2017年7月28日 星期
3 上一篇  下一篇 4 放大 缩小 默认
སེམས་ཁམས་བློ་བདེ་བག་ཕེབས་ཡོང་ཐབས་བཅུ།
 

དངོས་ཡོད་ཀྱི་དམིགས་ཚད་བཟོ་བ།

རང་ཉིད་དང་མི་གཞན་གྱི་རེ་བ་དེ་འཚམས་པ་ཞིག་འདོན་དགོས་ལ་ལག་བསྟར་བྱེད་ཐུབ་པ་ཞིག་ཀྱང་དགོས་པ།

གནོན་ཤུགས་དེ་དག་ཡིག་ཐོག་ཏུ་འགོད་པ།

གནོན་ཤུགས་དེ་དག་རེ་རེ་བཞིན་བྲིས་ནས་སེལ་སྐབས་དེ་ཞི་ལྷོད་དུ་གཏོང་བདེ་པོ་ཞིག་ཡིན་པ་ཁྱེད་ཀྱིས་ཤེས་ཐུབ།

གཅིག་འདོམས་བཀོད་སྒྲིག

བྱ་བ་དེ་དག་ངེས་པར་དུ་སྒྲུབ་དགོས་པ་དང་། སྒྲུབ་འོས་པ། སྒྲུབ་འདོད་པ་བཅས་སུ་དབྱེ་ནས་གལ་ཏེ་སྒྲུབ་དགོས་ངེས་ཀྱི་བྱ་བ་སྒྲུབ་མེད་ཚེ་སེམས་ནང་དངངས་འཚབ་སྐྱེ་བའང་གནོན་ཤུགས་འཕྲད་ཀྱི་ཡོད། དེར་བརྟེན་ཁྱེད་ཀྱིས་ངེས་པར་དུ་སྒྲུབ་དགོས་པའི་བྱ་བ་སྔོན་ལ་སྒྲུབ་ཚེ་གནོན་ཤུགས་ཆུང་དུ་འགྲོ་སྲིད།

འོས་འཚམ་ངང་ལྷོད་ལ་ཕབ་པ།

མི་ཚང་མས་ལས་ཀའི་རྗེས་སུ་སེམས་ལྷོད་དུ་ཕབ་དགོས་པ་དཔེར་ན། རོལ་དབྱངས་ཉན་པ་དང་། གཟུགས་པོ་འཁྲུ་བ། དགོད་བྲོའི་ལྟད་མོ་ལྟ་བ། ཕྱི་ཕྱོགས་སུ་ཡུལ་སྐོར་དུ་འགྲོ་བ། གཉིད་འདང་ངེས་ལོག་པ་སོགས་བྱེད་དགོས།

ལྟོ་ཆས་དལ་པོའི་ངང་ཟ་བ།

དུས་ཚོད་འདང་ངེས་སྤྱད་དེ་ལྟོ་ཆས་བཟས་ཚེ་གནོན་ཤུགས་ཆུང་དུ་འགྲོ་ཐུབ་པ་དང་ཧབ་ཟ་ཧུབ་འཐུང་བྱས་ན་དངངས་འཚབ་ལངས་ཀྱི་ཡོད།

བསམ་པའི་འཆར་སྒོ

ཨ་སྔོན་སྤྲིན་དཀར་འོག་རང་ཉིད་རྩྭ་སྔོན་པོའི་སྟེང་བསྡད་དེ་སེམས་བག་ཕེབས་པ་དང་དབེན་འཇམ་གྱི་བསམ་པའི་འཆར་སྒོ་འཕེལ་བ་བྱས་ཚེ་དུས་ཐུང་ནང་དངངས་འཚབ་ཞི་ལྷོད་དུ་སོང་ནས་སྙིང་སྟོབས་འཕེལ་ཐུབ།

དྲི་ཞིམ་སྣོམ་པ།

དྲི་ཞིམ་གྱིས་ཀླད་པའི་དབང་རྩའི་ཕྲ་ཕུང་ཚོད་འཛིན་ཐུབ་ནས་དངངས་འཚབ་དང་སེམས་ཁམས་ཀྱི་གནོན་ཤུགས་ཆུང་དུ་གཏོང་བར་ཕན་འབྲས་མངོན་གསལ་དོད་པོ་ཐོན་གྱི་ཡོད།

དཔེ་དེབ་ཀློག་པ།

དཔེ་དེབ་ཀློག་ན་ཁྱེད་ཀྱི་སེམས་ནང་གི་སྐྱོ་སྣང་ཚང་མ་བརྗེད་སྲིད། དཔེ་དེབ་བཀླགས་ཚེ་མིའི་བསམ་བློ་རིམ་བཞིན་ཁོག་ཡངས་དང་སྐྲག་སྣང་མེད་པར་འགྱུར་ཐུབ།

རོགས་སྐྱོར་གནང་རོགས་ཞུ་བ།

ཁྱེད་ཀྱི་བསམ་ཚུལ་གཞན་གྱིས་ཉན་དགོས་པ་དང་དགེ་མཚན་ལྡན་པའི་བསམ་འཆར་འདོན་པའི་རོགས་སྐྱོར་གནང་རོགས་ཞེས་མ་བསང་དྲང་པོའི་ངང་ཤོད་དགོས།

ངུ་ཅོ་འདོན་པ།

ངུ་ཅོ་འདོན་ན་གནོན་ཤུགས་ཞི་ལྷོད་དུ་འགྲོ་གི་ཡོད་པས་སེམས་ནད་ཁོག་ཉར་བྱེད་པ་ལས་ཕྱི་ངོས་སུ་བཏོན་ན་ཕན་ཐོགས་དེ་བས་ཆེ་བ་ཡོད།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:重要新闻
   第03版:综合
   第04版:藏区新闻
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ཏེ་མིག་སྔའི་དཔལ་འབྱོར་གྱི་
སེམས་ཁམས་བློ་བདེ་བག་ཕེབས་ཡོང་ཐབས་བཅུ།
མངལ་མ་འཁོར་གོང་གི་ལེཌ་བཙའི་བདེ་ཐང་བརྟག་དཔྱད་ལ་མཐོང་ཆེན་བྱེད་དགོས།
​ལེགས་བཙའི་བྱ་ཐབས་གཙོ་བོ་ གང་དག་ཡོད་དམ།