第03版:综合 上一版3  4下一版
 
版面导航

第01版
头版

第02版
重要新闻

第03版
综合
 
标题导航
| 山南网首页 |
2017年7月28日 星期
3 上一篇 放大 缩小 默认
​ལེགས་བཙའི་བྱ་ཐབས་གཙོ་བོ་ གང་དག་ཡོད་དམ།
 

1. ལེགས་བཙའི་སྐོར་གྱི་བཅའ་ཁྲིམས་ལག་བསྟར་ནན་པོ་བྱེད་དགོས། རང་རྒྱལ་གྱིས་གཉེན་སྒྲིག་བཅའ་ཁྲིམས་སོགས་འབྲེལ་ཡོད་བཅའ་ཁྲིམས་ནང་གཉེན་ཉེ་གཉེན་སྒྲིག་བྱེད་མི་ཆོག་པ་དང་། གསོ་རིག་ཐོག་གཉེན་སྒྲིག་བྱ་རྒྱུར་འཚམ་པོ་མེད་པའི་ནད་གཞི་ཕོག་པའི་ནད་པ་དང་གཉེན་སྒྲིག་བྱེད་མི་ཆོག་པ་སོགས་ཀྱི་གཏན་འབེབས་བྱས་ཡོད་པ་འདི་དག་ལག་བསྟར་བྱ་རྒྱུ་དེ་ལེགས་བཙའི་སྔོན་འགྲོའི་ཆ་རྐྱེན་རེད།

2. དབང་པོ་སྐྱོན་ཅན་གྱིས་མི་སྣས་གཉེན་སྒྲིག་མ་བྱས་གོང་གསོ་རིག་གི་བརྟག་དཔྱད་བྱེད་དགོས། ཕོ་མོ་གཉིས་པོས་གཉེན་སྒྲིག་ཐོ་འགོད་མ་བྱས་གོང་ནས་བློ་འདྲི་དང་། གཟུགས་པོར་བརྟག་དཔྱད་བྱས་ཏེ་གཉེན་སྒྲིག་བྱེད་མི་རུང་བ་དང་ཕྲུ་གུ་བཙའ་མི་ཐུབ་པའི་ནད་གཞི་དུས་ཐོག་ཏུ་ཤེས་རྟོགས་བྱེད་པའམ་ཡང་ན་སྐྱེ་འཕེལ་དབང་པོ་གཞན་སྐྱོན་ཅན་ཡིན་མིན་སོགས་བརྟག་དཔྱད་བྱས་ནས་གཉེན་སྒྲིག་བྱེད་མིན་བསམ་བློ་གཏོང་སྐབས་དཔྱད་གཞིར་འཛིན་དགོས།

3. གཉེན་སྒྲིག་པའི་འཚམ་ཤོས་ཀྱི་ལོ་ཚད་དང་མངལ་སྦྲུམ་དུས་ཚོད་ཡག་པོ་འདེམས་དགོས་ལ། མངལ་སྦྲུམ་བདེ་ཐང་ངང་འཚར་ལོངས་ཡོང་བར་མི་ཐབས་ཀྱིས་ཆ་རྐྱེན་བཟང་པོ་བསྐྲུན་དགོས།

4. ཕྲུ་གུ་འཁོར་རྗེས་སྦྲུམ་དུས་ཀྱི་བདེ་སྲུང་ཡག་པོ་བྱས་ནས་མངལ་སྦྲུམ་བདེ་ཐང་ངང་འཚར་ལོངས་ཡོང་བ་བྱེད་དགོས།

5. ལྷན་སྐྱེས་ཀྱི་ནད་ཡོད་པའི་ནད་པ་དང་དེའི་སྤུན་མཆེད་ཡིན་ཚེ། ཕྲུ་གུ་དབང་སྐྱོན་བཙའ་བའི་ཉེན་ཁར་སྔོན་དཔག་བྱས་ཏེ་དེ་མཚུངས་ཀྱི་བྱ་ཐབས་སྤྱད་ནས་ལྷན་སྐྱེས་ནད་རིགས་ལྡན་པ་དང་དབང་སྐྱོན་གྱི་ཕྲུ་གུ་བཙའ་ཉུང་དུ་གཏོང་དགོས།

6. ཕྲུ་གུ་མ་སྐྱེས་གོང་གི་བརྟག་དཔྱད་བྱེད་དགོས། མངལ་འཁོར་བའི་དུས་སུ་ཐབས་ཤེས་སྣ་མང་སྤྱད་དེ་མངལ་སྦྲུམ་གྱི་གནས་ཚུལ་ཤེས་ཐབས་བྱས་ནས་མངལ་སྦྲུམ་བདེ་ཐང་ཡིན་མིན་དང་ལྷན་སྐྱེས་ནད་གཞི་ཡོད་མེད་ལྟ་དགོས།

7. ཁོར་ཡུག་གི་གནོད་འཚེ་མི་ཕོག་པ་བྱེད་དགོས། དཔེར་ན་མཁའ་རླུང་དང་། འཐུང་ཆུ། གློག་གི་འགྱེད་འཕྲོ་དང་དེ་བཞིན་རྫས་འགྱུར་དང་། དངོས་ཁམས། སྐྱེ་དངོས་སོགས་ལས་མངལ་སྦྲུམ་ལ་གནོད་འཚེ་དང་ཤུགས་རྐྱེན་མི་ཕོག་པ་བྱེད་དགོས།

༨ མངལ་འཁོར་རིང་འཚོ་བཅུད་ཁ་གསབ་བྱེད་དགོས། སེམས་པ་སྐྱིད་པོ་བྱེད་དགོས་པ་དང་། འགུལ་སྐྱོད་དང་སྦྱོང་བརྡར་འོས་འཚམ་བྱས་ཏེ་ལྷོད་པོ་དང་སྐྱིད་པའི་ཁོར་ཡུག་ཁྲོད་མངལ་སྦྲུམ་འཚར་ལོངས་ཡོང་བ་བྱེད་དགོས།

3 上一篇 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:重要新闻
   第03版:综合
   第04版:藏区新闻
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ཏེ་མིག་སྔའི་དཔལ་འབྱོར་གྱི་
སེམས་ཁམས་བློ་བདེ་བག་ཕེབས་ཡོང་ཐབས་བཅུ།
མངལ་མ་འཁོར་གོང་གི་ལེཌ་བཙའི་བདེ་ཐང་བརྟག་དཔྱད་ལ་མཐོང་ཆེན་བྱེད་དགོས།
​ལེགས་བཙའི་བྱ་ཐབས་གཙོ་བོ་ གང་དག་ཡོད་དམ།