ཤིང་གི་ཁྱིམ་ཆས་ལ་བདག་སྐྱོང་བྱ་ཐབས། ཁྱིམ་ཆས་བཞའ་ཅུང་ཡོད་སའི་ས་ཆར་འཇོག་པ་དང་སྦྲགས་ཉི་འོད་མི་ཕོག་པའམ་ཡང་ན་ཉི་འོད་འཕྲོད་སར་རས་སྲབ་པོ་ཞིག་གིས་བཀབ་པའམ་ཡང་ན་དཀར་ཆ་དོད་པའི་སེང་རས་སྲབ་མོའི་ཤེལ་ཡོལ་བཟོས་ནས་ཉི་མ་སྒྲིབ་ཐབས་བྱེད་དགོས། འོན་ཀྱང་ཤིང་གིས་བཟོས་པའི་ཁྱིམ་ཆས་དག་བཞའ་ཚན་ཆེན་པོ་ཡོད་སར་འཇོག་རྒྱུ་མེད་ལ་ཤིང་ཆ་མི་རུལ་བའི་ཐབས་ཤེས་ཀྱང་བྱེད་དགོས། གཞན་ཡང་ཁྱིམ་ཆས་བདག་སྐྱོང་བྱེད་པའི་ཆེད་སྤྱོད་ཤིང་སྣུམ་བེད་སྤྱད་ན་ཁྱིམ་ཆས་ཀྱི་སྤྱོད་ཡུན་རིང་དུ་གཏོང་ཐུབ།
པང་ལེབ་ལས་གྲུབ་པའི་ཁྱིམ་ཆས་བདག་སྐྱོང་བྱེད་ཐབས། པང་ལེབ་ལས་གྲུབ་པའི་ཁྱིམ་ཆས་བཙོག་པ་ཆགས་ན་ཨ་ཅོར་སྟེང་ཆུའམ་འདག་གཤེར་ཕྲན་ཙམ་བྱུགས་ནས་གཙང་དག་ཡོང་བ་བྱེད་པ་དང་། དུས་ངེས་གཏན་བཞིན་པང་ལེབ་ཁྱིམ་ཆས་བདག་སྐྱོང་པྲ་ཚིལ་གྱིས་བདག་སྐྱོང་བྱེད་པ་དང་དུས་མཚུངས་ཆ་སྒམ་ནང་ངོས་ལའང་གཙང་མ་ཡོང་བ་བྱེད་དགོས། གལ་ཏེ་པང་ལེབ་ལས་གྲུབ་པའི་ཁྱིམ་ཆས་ལ་རི་མོ་འཐེན་པའམ་ཆག་སྐྱོན་བྱུང་ཚེ། ཚོས་གཞི་གཅིག་མཚུངས་ཀྱི་བཀྲག་རྩིས་ཚོན་མདོག་གསབ་དགོས། འཛད་སྤྱོད་པས་དུས་ངེས་མེད་ཐོག་ཁྱིམ་ཆས་ཀྱི་སྦྲེལ་ལྷུག་ལ་ཞིབ་བཤེར་བྱས་ནས་ལྷུག་བརྒྱབ་པ་དག་ཕྲལ་མར་བརྟན་དུ་གཏོང་དགོས། གལ་སྲིད་རང་གིས་བཟོ་མི་ཐུབ་ཚེ་ཆེད་ཚོང་ཁང་གི་ལས་མི་དང་འབྲེལ་བ་བྱས་ཏེ་བཟོ་དགོས་སོ།
ཙན་དན་དམར་པོའི་ཁྱིམ་ཆས་བདག་སྐྱོང་བྱེད་ཐབས། ཙན་དན་དམར་པོའི་ཁྱིམ་ཆས་ཀྱི་རིན་གོང་ནི་རྒྱུ་ཆ་གཞན་གྱི་ཁྱིམ་ཆས་གོང་ཚད་ལས་ལྡབ་ཀྱིས་མཐོ་བ་ཡོད་པ་མ་ཟད་ཙན་དན་དམར་པོ་ལས་གྲུབ་པའི་ཁྱིམ་ཆས་དེ་རིགས་ལ་དེང་དུས་མི་མང་ཆེ་བས་དར་བཟོ་ཆེན་པོ་བྱེད་ཀྱི་ཡོད། ཙན་དན་དམར་པོའི་ཁྱིམ་ཆས་ཀྱི་བདག་སྐྱོང་བྱེད་ཐབས་ཐད་སྤྱིར་བཏང་བྱས་ན་རྡུལ་སེལ་དང་། གནོད་འབུ་སྔོན་འགོག སྐམ་རློན་སྔོན་འགོག ཉི་འོད་སྔོན་འགོག པྲ་ཚིལ་བྱུག་རྒྱུ་སོགས་བྱེད་རྒྱུ་དེ་ཡིན།