གཅིག གན་རྐྱལ་བསློགས་ནས་ཉལ་བ།
ཁ་ལག་བཟས་མ་ཐག་འཕྲལ་དུ་གན་རྐྱལ་བསློགས་ནས་ཉལ་ན་ཕོ་བའི་ཆུ་སྐྱུར་ལངས་སླ་པོ་ཡོད།
ངེས་པར་དུ་ཁ་ལག་བཟས་རྗེས་ཉུང་མཐར་ཡང་སྐར་མ་30འཇོག་དགོས།
གཉིས། ཐ་མག་འཐེན་པ།
མི་མང་པོ་ཞིག་གིས་ཁ་ལག་བཟས་མ་ཐག་ཐ་མག་འཐེན་གྱི་ཡོད། འོན་ཀྱང་ཞིབ་འཇུག་ལས་མངོན་པར། ཐ་མག་ལ་དུག་ལྡན་དངོས་རྫས་སྣ་ཁ་93དང་སྐྲན་ནད་སློང་བའི་དངོས་རྫས་རིགས་78ཡོད་པ་ར་སྤྲོད་གསལ་པོ་བྱས་ཡོད།
ཁ་ལག་བཟས་རྗེས་ལམ་སེང་ཐ་མག་འཐེན་མི་རུང་། དེ་བས་ཀྱང་དུས་རྒྱུན་ནས་རབ་བྱུང་ན་ཐ་མག་འཐེན་རྒྱུ་མེད།
གསུམ། འགུལ་སྐྱོད་ཤུགས་ཆེན་པོ་རྒྱག་པ།
ཁ་ལག་བཟས་རྗེས་འགུལ་སྐྱོད་འོས་འཚམ་བྱས་ན་ཟས་འཇུ་བ་དང་ཁྲག་མངར་ཚོད་འཛིན་བྱེད་པར་ཕན་ཐོགས་ཡོད།
འོན་ཀྱང་ཁ་ལག་བཟས་རྗེས་འགུལ་སྐྱོད་ཤུགས་ཆེན་པོ་བརྒྱབ་ན་འཇུ་སྟོབས་ཞན་པ་དང་། གྲོད་པ་ན་བ། ཐ་ན་རྒྱུ་མ་འགག་པ་སོགས་ཀྱི་གནས་ཚུལ་ཐོན་སླ་པོ་ཡོད།
ཁ་ལག་བཟས་རྗེས་འཆམ་འཆམ་ཏོག་ཙམ་བྱས་ན་ཟས་འཇུ་བར་ཕན་ཐོགས་ཡོད། ཤུགས་དྲག་ཆེ་བའི་འགུལ་སྐྱོད་བྱེད་འདོད་ན། མ་མཐར་ཡང་ཁ་ལག་བཟས་ནས་ཆུ་ཚོད་གཅིག་སོང་རྗེས་བྱེད་དགོས།
བཞི། སོ་བཀྲུ་བ།
སོ་བཀྲུ་བ་ནི་གོམས་གཤིས་ཡག་པོ་ཞིག་རེད། ཡིན་ནའང་ཁ་ལག་བཟས་མ་ཐག་སོ་བཀྲུ་རྒྱུ་མེད། གང་ལགས་ཤེ་ན། ཁ་ལག་བཟས་མ་ཐག་སོ་བཀྲུས་ན་སོ་ལ་གནོད་པ་ཆེན་པོ་ཡོད།
ཁ་ལག་བཟས་རྗེས་སྔོན་ལ་ཁ་བཤལ་བཤལ་གཏོང་བའམ། ཡང་ན་སོ་སྐུད་ཀྱིས་སོའི་བར་ལ་གཙང་སྦྲ་བྱེད་དགོས། སྐར་མ་30སོང་རྗེས་གཞི་ནས་སོ་བཀྲུ་དགོས།
དེ་མིན། སྔོ་ཚལ་བཀྲུས་རྗེས་གཏུབ་དགོས་ཀྱི་ཡོད། ཡིན་ནའང་ཞིབ་མོ་གཏུབ་རྒྱུ་མེད། གང་ལགས་ཤེ་ན། ཞིབ་མོར་གཏུབས་ན་འཚོ་བཅུད་ཤོར་གྱི་ཡོད། སྔོ་ཚལ་གཏུབས་རྗེས་དུས་ཚོད་རིང་པོ་འཇོག་རྒྱུ་མེད་ལ། ཆུའི་ནང་དུ་ཡུན་རིང་པོ་སྦང་རྒྱུ་མེད། རྒྱུ་མཚན་ནི་སྔོ་ཚལ་གྱི་འཚོ་བཅུད་ཁག་གཅིག་ཤོར་སྲིད། སྔོ་ཚལ་གྱི་འཚོ་བཅུད་མི་ཤོར་བ་བྱེད་ཆེད་སྔོ་ཚལ་སོས་པ་གཏུབས་མ་ཐག་བརྔོ་དགོས་ཀྱི་ཡོད།སྔོ་ཚལ་བརྔོ་སྐབས། ཚལ་སླང་ནང་གི་སྣུམ་བཙག་ཆོད་རྗེས་ཚལ་བླུགས་དགོས། དེ་འདྲ་བྱས་ན་འབུ་ཕྲ་གསོད་ཐུབ་ལ། ཚལ་ཡང་མགྱོགས་པོ་བརྔོས་ཚར་བ་དང་སྔོ་ཚལ་ནང་གི་འཚོ་བཅུད་ག་པ་མང་པོ་ཤོར་འགྲོ་ཡི་མེད།
མི་ལ་ལས་ཚལ་སླང་གི་ཁེབས་གཅོད་མ་བརྒྱབ་པར་ཚལ་བརྔོ་བར་དགའ་པོ་ཡོད། དེ་ལྟར་བྱས་ཚེ། འཚོ་བཅུད་ག་པ་50%དང་འཚོ་བཅུད་ཀ་པ་10%ནས་30%བར་ཤོར་གྱི་ཡོད། གལ་ཏེ་ཚལ་སླང་གི་ཁེབས་གཅོད་བརྒྱབ་ནས་བཙོས་ན་འཚོ་བཅུད་དབྱང་འགྱུར་བྱེད་ཚད་ཉུང་དུ་སོང་ནས་འཚོ་བཅུད་སྲུང་ཐུབ་ཀྱི་ཡོད། ཚལ་བརྔོ་སྐབས། ཚུའུ་ཕྲན་བུ་བླུགས་ན་འཚོ་བཅུད་ག་པ་མི་ཤོར་བའི་ཁྱད་ཡོད། ཡག་ཤོས་བྱུང་ན་ཚལ་བརྔོས་རྗེས་ལམ་སེང་བཟའ་དགོས། ལ་ལས་སླར་ཡང་ཚ་པོ་བཟོས་ནས་བཟའ་བར་དགའ་པོ་བྱེད་ཀྱི་ཡོད། འོན་ཀྱང་དེས་འཚོ་བཅུད་ཤོར་འགྲོ་ཡི་ཡོད།