འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཉེ་བའི་ལོ་ཤས་རིང་། ཟངས་རི་རྫོང་བྲག་དཀར་གྲོང་གསར་གྱིས་ས་མཐོའི་གནས་སྤོས་ལས་ཀའི་དོན་དངོས་ལ་གཞི་ཚུགས་ཏེ།
གནས་འཕྲོད་བདེ་སྡོད་དང་འཚོ་སྡོད་མཉམ་སྐྱོང་གི་རེ་སྒུག་ལ་བལྟོས་ནས་ཏང་འཛུགས་སྐྱོང་གིས་ཁྲིད་སྟོན་བྱེད་པ་དང་། མཉམ་སྐྱོང་གིས་འདེགས་སྐྱོར་ནུས་པ། ཞབས་ཞུས་གཞི་ཚོན་འདིང་བ་བཅས་ལ་བརྟེན་ཏེ། ལྟེ་བའི་ཁྲིད་སྟོན་1དང་། མཉམ་སྐྱོང་ནུས་སྐྱེད་5ལ་ཁྱབ་པ། དྲོ་སྐྱིད་ཞབས་ཞུ་ཁག་4བཅས་“154”ལ་འབོད་པའི་གཞི་རིམ་བཅོས་སྐྱོང་དཔེ་གཞི་ཞིག་འཚོལ་ཞིབ་ཐོག་གྲུབ་ཡོད་པ་རེད།
ཏང་འཛུགས་སྐྱོང་གི“སྐུད་སྣེ་གཅིག”གིས་གཞི་རིམ་བཅོས་སྐྱོང་གི“སྐུད་སྣེ་སྟོང”སྦྲེལ་མཐུད་བྱེད་པ། མཉམ་བཅོས་ཀྱི་“བསམ་ཇུས་གཅིག”གིས་མང་ཚོགས་ཀྱི་བདེ་སྐྱིད་འཚོ་བའི་“འདུ་འགོད་གཅིག”བཏོད་པར། ཏང་འཛུགས་སྐྱོང་རྨང་གཞི་བརྟན་གཏོང་དང་། བཅོས་སྐྱོང་གི་ཕན་ནུས་མཐོ་བ། ཤེས་དཔལ་སྲོལ་བཟང་དར་བ། དམངས་འཚོའི་ཆུ་ཚད་མཐོ་བ་བཅས་ལྡན་པའི་ས་མཐོའི་གནས་སྤོས་གྲོང་གསར་ལམ་བུར་བཅོས་སྐྱོང་ལེགས་པའི་ལམ་བུའི་ཐོག་བསྐྱོད་ཡོད་པ་རེད། “ལྟེ་བ་གཅིག”ལ་དམིགས་ནས་བཅོས་སྐྱོང་གི་“གཙོ་རྐང་”བཏོད་པ། ཏང་འཛུགས་སྐྱོང་གི་ཁྲིད་སྐུལ་དེ་བཅོས་སྐྱོང་གི“རྩ་བ”དང་འཕེལ་རྒྱས་ཀྱི“བླ་སྲོག”ཏུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས། “གྲོང་ཚོའི་ཏང་ཨུད་དང་ཏང་ཀྲི་པུའུ། དྲ་མིག་དོ་དམ་ཏང་ཚོ་ཆུང་། ཏང་ཡོན་གྱི་ལྟེ་བའི་དུད་ཚང”བཅས་ལ་འབོད་པའི་རིམ་བཞིའི་རྩ་འཛུགས་དྲ་མིག་དམ་ནན་དུ་བཏང་སྟེ། ཏང་རྩ་འཛུགས་དྲ་མིག་དོ་དམ་ཁུལ་དུ་གཞི་རྐང་ཚུགས་པ་དང་། སྟོབས་ཤུགས་འཐབ་ས་དང་པོར་འདོན་སྤེལ། ཞབས་ཞུ་སྒོ་འགྲམ་དུ་ཐད་ཀར་སྤེལ་བ་བཅས་ལ་སྐུལ་འདེད་ཐུབ་ཡོད་པ་རེད། ཏང་ཡོན་གྱི་གདོང་ལེན་སྒུལ་ནུས་འདོན་སྤེལ་གང་ལེགས་བྱས་ནས། གདོང་ལེན་ལས་གནས་འཛུགས་པ། འགན་འཁྲི་འཁུར་ཁུལ་དབྱེ་བ། ཏང་ཡོན་སྲིད་ཇུས་སྒྲོག་འགྲེལ་པ་དང་། འདུམ་འགྲིག་པ། དམངས་འཚོར་ཞབས་ཞུ་བ་བཅས་ལ་འགྱུར་བ་བྱས་ཏེ། ཏང་ཡོན་གྱི་ཞབས་ཞུ་བསྒྲུབ་པའི་ལྷག་བསམ་དག་དམངས་འཚོར་ཕན་འདོགས་པའི་འོད་ཟེར་ལྟ་བུ་འཕྲོ་བར་བྱས་པས། སྲ་ཞིང་བརྟན་པའི་གཞི་རིམ་གྱི་བཙན་རྫོང་ལྟ་བུ་ཞིག་བཏོད་ཡོད་པ་རེད།
“མཉམ་སྐྱོང་ལྔ་ཁྱབ་”ལ་སྟོབས་ཤུགས་བསྒྲིལ་ནས་བཅོས་སྐྱོང་ལེགས་པའི་“དྲ་བ་གཅིག”རང་ཤུགས་སུ་གྲུབ་པ། ཁྲིམས་སྐྱོང་རྩ་བར་འཛིན་པ་དང་དུས་བདེའི་མ་མཐའི་མཚམས་ཐིག་ནན་སྲུང་བྱས་པ་དང་། རྒྱལ་ཡོངས་ཀྱི་དམངས་གཙོའི་ཁྲིམས་སྐྱོང་མིག་དཔེའི་གྲོང་ཚོ་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་བྱས་ཏེ། “ཁྲིམས་སྐྱོང་འདེགས་སྒམ”ལ་འབོད་པའི་འགུལ་སྐྱོད་རྣམ་པའི་ཁྲིམས་ལུགས་ཁྱབ་གདལ་ལན་པར་སྤུས་རྟགས་ཤིག་གསར་སྤེལ་ཐོག་བཏོད་པ་དང་། “སེམས་གསོ་ལྔ་ཡི་འདུམ་འགྲིག་ཁང”ལ་འབོད་པའི་ལན་པར་ཡག་པོ་ཞིག་བསྐྱངས་ཏེ། ཁྲིམས་སྐྱོང་གི་ཉི་འོད་དེ་གྲོང་གསར་ཡོངས་སུ་འཕྲོ་བར་བྱས་པ། རང་སྐྱོང་རྨང་གཞིར་འཛིན་ནས་ཡ་རབས་ཀྱི་ཡུལ་སྲོལ་དར་སྤེལ་བཏང་བ། རྒྱལ་གཅེས་གྲོང་གཅེས་དང་། མི་རིགས་མཐུན་སྒྲིལ། སྲོལ་ངན་དོར་བ། ཁོར་ཡུག་བཀོད་གཙང་སོགས་《ཡུལ་སྲོལ་དམངས་ཆིངས》ཀྱི་ནང་དོན་གལ་ཆེན་ལ་བརྩིས་ནས་བཀོད་པ། དྲང་ནུས་ལ་སྐུལ་ལྕག་དང་ལྡོག་ནུས་ལ་གཅུན་འདོམས་ཀྱི་ལམ་སྲོལ་ལག་ལེན་མཉམ་བསྟར་བྱེད་པ་བཅས་བརྒྱུད། ཤེས་དཔལ་སྲོལ་བཟང་གི་སོན་བཟང་དེ་གྲོང་གསར་མངའ་ཁོངས་སུ་རྩ་བ་རྒྱས་པ་དང་འབྲས་བུ་གཏགས་རྒྱུར་འབད་ཡོད་པ་རེད། དུས་མཚུངས་སུ། “མི་ཕྱུགས་ལོགས་དབྱེ་དང་། གཅིག་སྡུད་གསོ་ཚགས”ཀྱི་དཔེ་སྟོན་གྲོང་ཚོ་ཡག་པོ་བཏོད་ཡོད་པ་དང་། བཟང་པོ་ལྔ་ལྡན་ཁྱིམ་གཞིས་དཔྱད་འདེམས་བྱེད་སྒོ་ཟབ་སྤེལ། དྲ་ཐོག་དང་ས་ཡུལ་དངོས་ནས་བཅོས་སྐྱོང་མཉམ་འགུལ་ལས་རྣམ་གསར་གཏོད། རིག་ནུས་ཏང་འཛུགས་སྐྱོང་དང་། དུས་བདེའི་གྲོང་གསེབ། གྲངས་འཛིན་གྲོང་དོན་བཅས་གཞི་གཅིག་ཅན་ལ་སྐུལ་འདེད་བཏང་བ། གྲོང་ཚོའི“ཨུ་ལྷན་གཉིས”དང་། བཅའ་སྡོད་ལས་དོན་རུ་ཁག དྲ་མིག་དོ་དམ་པ། དང་བླངས་པ། ཁྲིམས་འཛིན་འཕྲོད་བསྟེན་བདེ་ཐང་སོགས་ཕྱོགས་མང་པོའི་སྟོབས་ཤུགས་ཟླ་བསྒྲིལ་བཏང་ནས་མཉམ་སྐྲུན་མཉམ་སྤྱོད་ཐུབ་པའི་བཅོས་སྐྱོང་གཅིག་མཐུན་ཚོགས་པ་བསྐྱངས་ནས། གཞི་རིམ་བཅོས་སྐྱོང་ལ་ཚང་མས་འགན་འཁུར་བའི་ལག་ལེན་དངོས་དཔེ་ཞིག་བཏོད་ཡོད་པ་རེད།“ཞབས་ཞུ་ཁག་བཞི”ཏན་ཏིག་བསྒྲུབས་ནས་བདེ་སྐྱིད་འཚོ་བའི་རེ་ལྟོས་“དོན་ལ་འབབ་ས”ཡོད་པ་བྱས་པ། རྒན་སྐྱོང་ལ་ཕན་པའི་རོགས་སྐྱོར་དྲོ་སྐྱིད་ལྡན་པ་ཡོང་ཆེད། རྒན་རྒོན་ཚོགས་སྤྱིའི་རེ་སྨོན་བཞིན་ཞལ་ལག་ལོངས་སྤྱོད་ཡག་པོ་ཐུབ་ས་བསྐྲུན་པས། བགྲེས་སོང་ཚོར་ཞལ་ལག་གང་བདེར་རོལ་མི་ཐུབ་པའི་དཀའ་ཁག་གནད་དོན་ཐག་གཅོད་ཐུབ་པས། དམངས་འཚོའི་དྲོ་སྐྱིད་ལྷག་ཏུ་འཕེལ། ལོ་ཆུང་བྱིས་པ་བདེ་ཐང་འཚར་ལོངས་ལ་དོ་ཁུར་ཡག་པོ་ཐུབ་ཕྱིར། “མཐུན་སྒྲིལ་ས་ཚིགས”ལ་བརྟེན་ནས་སེམས་ནུས་ཡོད་རྒུས་གཞོན་ནུ་ལོ་ཆུང་གི་ལུས་བདེ་སེམས་སྐྱིད་དང་བདེ་ཐང་འཚར་ལོངས་ཡོང་རྒྱུར་འགན་སྲུང་བྱས་ཡོད་པ་རེད།
མང་ཚོགས་ཀྱི་གཟུགས་གཞིའི་བདེ་ཐང་ལ་འགན་སྲུང་དམིགས་ཏེ། འཕྲོད་བསྟེན་ཁང་ཁང་ཀུན་ལ་ཁྱབ་པ་དང་། འོས་འགན་སྨན་བཅོས་རྒྱུན་རྣམ་ཅན་སྤེལ་བ། བདེ་ཐང་ཤེས་བྱ་ཁྱབ་གདལ། བདེ་ཐང་འཚོ་བའི་སྲོལ་བཟང་སྐྱེད་སྲིང་བཅས་མངོན་འགྱུར་ཐུབ་ཡོད་པ་དང་། སྡོད་མལ་ཁོར་ཡུག་དེ་བདེ་ཐང་འཚོ་བའི་ཆུ་ཚད་དང་དུས་མཉམ་མཐོར་འདེགས་ཀྱི་གནས་འཕྲོད་བདེ་སྡོད་དང་འབྱུང་འཕྲོད་ལས་བརྩོན་གྱི་གྲོང་གསར་བཏོད་ཡོད་པ་རེད། སེམས་རྩ་འཁོལ་པོས་མང་ཚོགས་ཚོར་རྒྱུན་གཏན་སྟབས་གང་བདེ་ཡོང་ཆེད། ཚབ་གཉེར་དཔུང་ཁག་བཙུགས་ནས་ཞབས་ཞུ་སྒོ་འགྲམ་དུ་སྐྱེལ་བ་དང་དམངས་ལ་དྲོ་སྐྱིད་ཚོར་བ་བྱས་ཏེ། གཞི་རིམ་བཅོས་སྐྱོང་ལས་དོན་སྤེལ་བ་ལས། གཞི་རིམ་དུ་སྔར་བས་དྲོ་སྐྱིད་ལྡན་པ། ལས་དོན་སྔར་བས་སྤུས་ཚད་མཐོ་བ། ཞབས་ཞུ་སྔར་བས་སྟབས་བདེ་ཅན་བཅས་ཚོར་བ་བྱས་ཡོད།
ཟངས་རི་རྫོང་ཨུད་དྲིལ་བསྒྲགས་པུའུ་དྲ་འཕྲིན་གཞུང་ལས་ཁང་། ལྷག་སྒྲོན།