第01版:头版 4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས 《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་འཕེལ་རྒྱས་གཏོང་བའི་ལས་དོན་གྱི་ཞིབ་སྲོལ》བཀྲམ་པ།
ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བརྟན་པོ་འཛུགས་པ་དང་ལག་བསྟར་གཏིང་ཟབ་བྱས་ཐོག་ཚད་གཞི་མཐོ་བའི་རྣམ་གྲངས་འཛུགས་སྐྲུན་ གྱིས་ས་ཁོངས་འཕེལ་རྒྱས་ལ་ནུས་སྐྱེད་སྤྲོད་པ་དང་། གནད་དོན་བཅོས@
ལྷོ་ཁ་གྲོང་ཁྱེར་གྱི་སྤུས་ཚད་མཐོ་བའི་འཕེལ་ རྒྱས་ཞིབ་འཇུག་ཁང་བཙུགས་པ།
ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱི་མང་ཚོགས་ཀྱི་ཡིག་འབུལ་ཞུ་བཅར་དང་ཐེར་འདོན་བདག་སྤྲོད་བྱེད་ཐབས་སྐོར་གྱི་སྤྱི་བསྒྲགས།
ཐོན་ལས་དར་ནས་རྒྱང་ལམ་གསར་པར་སྐུལ། ཟངས་རིའི་འཕོ་འགྱུར་རྣམ་པ་ལེགས་པར་སྣང་།
བཀྲག་འཚེར་བའི་ལྷོ་ཁའི་ལོ་ངོ་
| 山南网首页 |
2026年5月25日 星期
3 上一篇  下一篇 4 放大 缩小 默认
ཡར་ཀླུང་དུ་ལེ་ཚན་གསར་པ་རྩོམ། ལོ་ངོ་བཅུ་ཡི་ལྷོ་ཁའི་འཕོ་འགྱུར་ཆེ།
ཐོན་ལས་དར་ནས་རྒྱང་ལམ་གསར་པར་སྐུལ། ཟངས་རིའི་འཕོ་འགྱུར་རྣམ་པ་ལེགས་པར་སྣང་།
 

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཡར་ཐོན་འབད་འབུངས་ལོ་ཟླར་བྱས་རྗེས་བརྐོས། །ཡར་ཆབ་རླབས་སྒྲས་འཕོ་འགྱུར་བདེན་དཔང་ཐུབ། །ཟངས་རི་རྫོང་དུ་བསྐྱོད་ཚེ། ཧྭ་ཤིན་ཨར་འདམ་བཟོ་གྲྭའི་འཁོར་ཁང་ནས་ས་ཁྱོན་མུའུ་གྲངས་ཁྲི་ཡི་རྒུན་འབྲུམ་རྟེན་གཞིའི་སྐྱེ་ཁམས་བར་ཁྱམས་ཀྱི་བར། ད་དུང་ཕག་གྲུའི་བདུད་རྩི་ཆང་ཕབ་བསྙལ་ཁང་ནས་འཐུལ་བའི་དྲི་ཞིམ་གྱི་བར། གང་སར་ཐོན་ལས་དར་སྤེལ་ལ་འབུངས་པའི་ཡར་ཐོན་རྣམ་པས་ཁེངས།

ལྷོ་ཁ་ས་སྒྱུར་གྲོང་འཛུཊ་བྱས་ནས་ལོ་བཅུ་སོང་ཚུན། ཟངས་རི་རྫོང་གིས་ (པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད)གྲོང་ཁྱེར་ཡོངས་ཀྱི་འཕེལ་རྒྱས་སྤྱི་ཡོངས་ལ་གཞི་བཅོལ་ཏེ། ཐུན་མིན་ས་ཁོངས་དགེ་མཚན་དང་། ཐོན་ཁུངས་ལེགས་ཆ། ཐོན་ལས་རྨང་གཞི་བཅས་ལ་གཞི་རྐང་ཚུགས་པ་བྱས་ཐོག སྐྱེ་ཁམས་སྔོན་འཇོག་དང་། ཐོན་དར་རྫོང་ཆེན། རིག་གནས་ཡུལ་སྐོར་འཕེལ་རྒྱས་མཉམ་འདྲེས་བཅས་གཙོ་ཐིག་ལ་དམ་ཟབ་དམིགས་ནས། བཟོ་ལས་བརྗེས་སྒྱུར་རིམ་སྤོར་དང་། ཁྱད་ལྡན་ཞིང་ལས་སྤུས་ཚད་མཐོར་འདེགས། རིག་གནས་དང་ཡུལ་སྐོར་གྱི་ལས་རྣམ་རྒྱ་སྐྱེད་སོགས་ཁྱབ་ཁོངས་སུ་ནུས་ཤུགས་འདོན་སྤེལ་རྒྱུན་མཐུད་བྱས་པས། ཡར་ཀླུང་གཙང་པོའི་ངོགས་སུ། ཐོན་ལས་དར་རྒྱས་དང་། སྐྱེ་ཁམས་མཛེས་པ། མང་ཚོགས་ཕྱུག་འགྱུར་བཅས་མངོན་པའི་འཕེལ་རྒྱས་ལ་རྒྱུགས་ལན་ཡག་པོ་ཞིག་ཕུལ་ཡོད།

ཧྭ་ཤིན་ཨར་འདམ་གྱིས་ལོ་ངོ་བཅུའི་འཕོ་འགྱུར་ལམ་བུའི་ཐོག་འབྱུང་འཕྲོད་བཟོ་ལས་ཀྱི་མིག་དཔེ་བཟང་པོ་བཏོད་པ།

ལོ་ངོ་བཅུ་གྲངས་ཡར་སྔོན། ཟངས་རི་རྫོང་གི་ས་སྟོང་ཞིག་ཏུ། དེང་རབས་སྒྲིག་ཆས་ཀྱིས་བརྒྱན་པའི་ཨར་འདམ་བཟོ་གྲྭ་ཞིག་བསྐྲུན་པས། ལྷོ་ཁའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཆེད་དུ་སྟོབས་ཤུགས་རྒྱུན་མཐུད་ལེགས་སྐྱེས་ཕུལ་ཡོད་པ་རེད། ཟངས་རིའི་བཟོ་ལས་འཕེལ་རྒྱས་ཀྱི་སྣེ་ཁྲིད་ཁེ་ལས་ཤིག་ཡིན་པའི་ངོས་ནས། ཧྭ་ཤིན་ཨར་འདམ(བོད་ལྗོངས)ཚད་ཡོད་ཀུང་སིས་ལྷོ་ཁ་ས་སྒྱུར་གྲོང་འཛུགས་ཀྱི་དཔྱིད་རླུང་དང་སྡེབ་སྟེ། སྲོལ་རྒྱུན་ཨར་འདམ་བཟོ་ལས་བཟོ་གྲྭ་ཞིག་ནས་འབྱུང་འཕྲོད་ནུས་གྲོན་འཁོར་རྒྱུག་མིག་དཔེར་འོས་པའི་ཁེ་ལས་ཤིག་ཏུ་འཕོ་འགྱུར་ལེགས་པར་བྱུང་ཡོད་པ་རེད།

ལོ་ངོ་བཅུ་ཡི་རིང་། ཟངས་རི་རྫོང་གིས་སྐྱེ་ཁམས་རྫོང་འཛུགས། འབྱུང་འཕྲོད་འཕེལ་རྒྱས་ཞེས་པའི་འདུ་ཤེས་བསྐྱངས་ཐོག ཁེ་ལས་ཀྱིས་ཁོར་ཡུག་སྲུང་སྐྱོང་ཐད་མ་འཇོག་དང་ལག་རྩལ་གསར་སྤེལ་ལ་ཁྲིད་སྐུལ་བྱས་མཐར། སྲོལ་རྒྱུན་ཨར་སྐྲུན་རྒྱུ་ཆ་མཁོ་འདོན་ཁེ་ལས་ཤིག་ནས་ག་ལེར་བརྗེས་སྒྱུར་རིམ་སྤོར་བྱུང་བས། ཐོན་སྐྱེད་ལས་གཉེར་དང་། ཁོར་ཡུག་སྲུང་སྐྱོང་གི་བཅོས་སྒྲིག མང་ཚོགས་ལས་ཞུགས་སོགས་ཕྱོགས་ཁག་ལ་འཕུར་མཆོང་བླ་མེད་མངོན་འགྱུར་བྱུང་ཡོད།

ཧྭ་ཤིན་ཨར་འདམ(བོད་ལྗོངས)རྟེན་གཞིའི་བདེ་འཇགས་སྤྱི་ཁྱབ་ལྟ་སྐུལ་བ་ཧྲུའུ་ཁྲེང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཁེ་ལས་ཀྱིས་བརྗེས་སྒྱུར་རིམ་སྤོར་གོམ་སྟབས་ཇེ་མགྱོགས་སུ་བཏང་སྟེ། སྲོལ་རྒྱུན་ཨར་འདམ་ཁོ་ན་ཐོན་སྐྱེད་དཔེ་གཞི་ནས་འགག་སྒྲོལ་ཐུབ་པ་བྱས་ཏེ། ཨར་འདམ་དང་། ཁོར་ཡུག་སྲུང་སྐྱོང་། མ་རྒྱུ། བསྲེས་འདམ་བཅས་གཞི་གཅིག་འཕེལ་རྒྱས་སྣེ་མང་ལ་ཕྱོགས་པའི་མ་ལག་ཚང་བ་བྱས་མཐར། བོད་ལྗོངས་སུ་ཨར་འདམ་ཚ་དྲོད་འབྲིང་ཆུང་ཐོན་སྐྱེད་ཐུབ་མཁན་གྱི་ཁེ་ལས་ཅིག་ཤོས་སུ་གྱུར་ཡོད། ཐོག་མར་ཨར་འདམ་ལོར་ཐོན་སྐྱེད་ཀྲོན་ཁྲི་30ནས་ད་ལྟའི་ལོར་ཀྲོན་ཁྲི་260ལྷག་མཐོར་འདེགས་ཤུགས་ཆེན་བྱུང་ཡོད། དུས་མཚུངས་སུ། ཁེ་ལས་ཀྱིས་འབྱུང་འཕྲོད་འཕེལ་རྒྱས་ལམ་བུར་ཏན་ཏིག་ཞུགས་ཏེ། བོད་ལྗོངས་སུ་ཨར་འདམ་ཐབ་ཀས་འཚོ་བའི་གད་སྙིགས་རྣམ་གྲངས་ཅིག་ཅར་དུ་མཐུན་སྦྱོར་ཐག་གཅོད་ཐུབ་མཁན་ཁེ་ལས་ཤིག་ཏུ་བསྐྲུན་ཞིང་། ཉིན་རེར་གད་སྙིགས་ཀྲོན་300ཐག་གཅོད་བྱེད་ཐུབ་ཀྱི་ཡོད་པ་དང་། རིམ་རྩིས་བྱས་ན། ལྷོ་ཁ་གྲོང་ཁྱེར་གྱི་རྫོང་ཁག་8དང་ཆུས་གཅིག་གི་འཚོ་བའི་གད་སྙིགས་ཀྲོན་ཁྲི་30ལྷག་གནོད་མེད་ཐག་གཅོད་བྱས་ཡོད་པས། འཚོ་བའི་སྙིགས་རོ་ས་སྦས་གཏོང་ཤུལ་གཏན་ནས་མེད་པའི་དམིགས་ཚད་མངོན་འགྱུར་ཐུབ་ཡོད་པ་རེད། དེ་མིན། ཁེ་ལས་ཀྱིས་སྤྱི་ཚོགས་འགན་འཁྲི་ལག་བསྟར་ཡག་པོ་བྱས་ཏེ། ཉེ་འཁོར་མང་ཚོགས་800ཙམ་ལས་ཀར་བཅུག་ནས་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ལ་སྐུལ་འདེད་བཏང་བས། ཁེ་ལས་ཀྱི་སྤུས་མཐོའི་འཕེལ་རྒྱས་དང་། མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན། སྐྱེ་ཁམས་ལེགས་བཅོས་རྒྱུན་མཐུད་བཅས་ཚང་མར་ཕན་འདོགས་པའི་དམིགས་ཚད་མངོན་འགྱུར་བྱུང་ནས། ལྷོ་ཁ་གྲོང་ཁྱེར་གྱི་བཟོ་ལས་འཕེལ་རྒྱས་གཏོང་བའི་ཐད་འབྱུང་འཕྲོད་ཐཱན་ཉུང་ཕྱོགས་སུ་བརྗེ་སྒྱུར་གྱི་དངོས་དཔེར་གྱུར་ཡོད་པ་རེད།

2012ལོར་ལས་ཀར་ཞུགས་པའི་པད་མ་རྡོ་རྗེ་ནི་ཐོག་མར་ལག་རྩལ་མི་སྣ་དཀྱུས་མ་ཞིག་ནས་ད་ལྟ་གཞུང་ལས་ཁང་གི་ཀྲུའུ་རེན་དུ་རིམ་པས་འཚར་ལོངས་བྱུང་ཡོད་ཅིང་། ལོ་མང་རིང་། ཁོ་པས་ཤེས་བྱར་སྦྱངས་བརྩོན་དང་དམ་པ་དོན་གཉེར། ཉམས་མྱོང་གསོག་འཇོག་བཅས་ལ་བརྟེན་ནས། ལས་གནས་བརྗེས་སྒྱུར་དང་འཇོན་ནུས་མཐོར་འདེགས་བདེ་བླག་བྱུང་བ་ལས། ཁེ་ལས་ཀྱིས་སྤུས་མཐོའི་འཕེལ་རྒྱས་སྐུལ་སྤེལ་ཕྱོགས་ལ་མཆོང་སྐྱོད་རྣམ་པའི་བར་བརྒལ་བྱུང་བར་བདེན་དཔང་ལོས་ཐུབ་བོ།

པད་མ་རྡོ་རྗེས་གསར་འགོད་པར། ཀུང་སིའི་ནང་ཐོབ་ཐང་ཡག་པོ་ཡོད་པ་མ་ཟད། འཚོ་བར་མཁོ་བའི་ལེ་ལག་སྒྲིག་བཀོད་ཚང་བས། བློ་བདེ་བག་ཕེབས་ཀྱིས་ལས་ཀར་གཞོལ་ཆོག རྗེས་སོར། རང་ཉིད་ཀྱིས་ལས་གནས་ཐོག་གཞི་རྐང་ཚུགས་པ་བྱས་ཏེ། འགན་ནུས་ལག་བསྟར་ཏན་ཏིག་ལ་བརྟེན་ནས། འཕེལ་རྒྱས་གོམ་སྟབས་ལ་སྙེག་ཐོག ཁེ་ལས་ཀྱི་ཕུགས་ཕན་སྐྱོན་བྲལ་གོང་འཕེལ་ཆེད་སེམས་ནུས་ཅི་ཡོད་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བརྗོད།

ད་ལྟའི་ཧྭ་ཤིན་ཨར་འདམ(བོད་ལྗོངས)ཚད་ཡོད་ཀུང་སི་ནི། ལྷོ་ཁ་གྲོང་ཁྱེར་ཙམ་མ་ཟད། བོད་ལྗོངས་སུ་རང་ཁ་རང་གསོ་བྱེད་མཁན་སྒུལ་ཤུགས་མ་འཁོར་རྩེ་གྲ་ལྟ་བུའི་གྲས་ཤིག་ཏུ་གྱུར། མིག་སྔར། ཧྭ་ཤིན་ཨར་འདམ་གྱི་བྲིན་ཚོང་བསྡོམས་འབོར་ཀྲོན་ཁྲི་3500ཟིན་ཞིང་། བཟོ་ལས་ཐོན་ཐང་སྒོར་དུང་ཕྱུར་200བརྒལ་ཡོད་པ་དང་། བཟོ་ལས་ཐོན་ཐང་ཁོ་ནས་ཟངས་རི་རྫོང་བཟོ་ལས་ཐོན་ཐང་གི་བརྒྱ་ཆ་80ཟིན་གྱི་ཡོད་པ་རེད། ཧྲུའུ་ཁྲེང་གིས། གོམ་སྟབས་རྗེས་མར། ང་ཚོས་མུ་མཐུད་ནས་ལྷོ་ཁར་གཞི་རྐང་ཚུགས་ཏེ་བོད་ལྗོངས་ལ་ཞབས་ཞུ་བསྒྲུབ་ཐོག འབྱུང་འཕྲོད་བརྗེས་སྒྱུར་གྱི་ཁྲིད་སྟོན་འོག གཙོ་ལས་ལ་ཤུགས་སྣོན་དང་འགན་འཁྲི་ལག་བསྟར་ཏན་ཏིག་སྒོས། ལྷོ་ཁའི་སྤུས་མཐོའི་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་བའི་རྒྱང་ལམ་གསར་པའི་སྟེང་ཧྭ་ཤིན་གྱི་སྟོབས་ཤུགས་གསར་པ་དེ་བས་མང་བ་འབུལ་རྒྱུར་བརྩོན་བཞིན་ཡོད་ཅེས་གླེང་།

ལོ་ངོ་བཅུའི་རིང་། ཟངས་རི་རྫོང་གིས་རང་ཁོངས་ཐོན་ཁུངས་ཀྱི་དགེ་མཚན་བསྔོག་འདོན་བྱས་ཏེ། ཁྱད་ལྡན་དམངས་ཕྱུག་ཐོན་ལས་སྣེ་མང་འཕེལ་རྒྱས་བཏང་ཡོད། རྫིང་ཕྱི་ཤང་ཞོལ་པ་གྲོང་ཚོས་འོལ་ཁ་ཆུ་ཚན་ལ་གཞི་བཅོལ་ནས་རིག་གནས་ཡུལ་སྐོར་དང་ལུས་ཁམས་བདེ་གསོའི་ཐོན་ལས་རྩེ་གྲ་བཏོད་ཐོག་རིམ་པས་སྤུས་ཚད་མཐོར་འདེགས་བྱས་པ་དང་། རོང་ཤང་འཕྲིན་པ་གྲོང་ཚོའི་ལོ་མ་ཤིང་ཆ་རྡོ་རྒྱུ་ཆེད་ལས་ཁྲོམ་ར་འཁོར་རྒྱུག་བརྟན་འཁྱོངས་བྱས་པར། མངའ་ཁོངས་ཨར་སྐྲུན་རྒྱུ་ཆའི་ཐོན་ལས་གཅིག་སྡུད་འཕེལ་རྒྱས་ཡོང་རྒྱུར་རམ་འདེགས་ཐུབ་པ། འབོད་ཐོས་ཤང་གཞུ་མོ་གྲོང་ཚོའི་སྦྲང་ནོར་བུ་གསོ་ཚགས་རྟེན་གཞི་རྒྱ་སྐྱེད་ཧུར་ཐག་བཏང་བས། མང་ཚོགས་ཚོར་འབབ་འཕར་བརྟན་འཁྱོངས་ཀྱི་ཐབས་ལམ་རྒྱ་སྐྱེད་ཐུབ་པ་སོགས་ཕན་འབྲས་མངོན་གསལ་དོད་པོ་བྱུང་ཡོད་པ་རེད།

རིག་གནས་ཡུལ་སྐོར་དང་ལུས་ཁམས་བདེ་གསོ་ནས། ཨར་སྐྲུན་རྒྱུ་ཆ་ལས་སྣོན་དང་ས་མཐོའི་ཁྱད་ལྡན་འདེབས་འཛུགས་བཅས་ཀྱི་བར། ཤང་གྲོང་གི་ཐོན་ལས་སྣ་ཚོགས་ཡུལ་བབ་དང་བསྟུན་ནས་རིམ་པས་དར་སྤེལ་དང་རྒྱ་སྐྱེད་བྱུང་ཡོད་པ་མ་ཟད། ལས་སྣོན་རིན་ཐང་མཐོར་འདེགས་བརྒྱུད་ཤང་གྲོང་ཐོན་ཁུངས་བསྔོག་འདོན་ཡག་པོ་བྱུང་ནས་མང་ཚོགས་ཚོའི་འབབ་འཕར་བརྟན་འཁྱོངས་ལ་ཁྲིད་སྐུལ་ཐུབ་སྟེ། ཟངས་རི་རྫོང་གིས་ཕྱོགས་ཡོངས་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་སྤེལ་ཆེད་ནང་གནས་སྒུལ་ཤུགས་འཛད་མཐའ་མེད་པ་ཞིག་བསྣན་ཡོད་དོ། །

ས་ཁྱོན་མུའུ་ཁྲི་རུ་རྒུན་འབྲུམ་འདེབས་འཛུགས་བྱས་པས། ས་སྟོང་འབྲས་གླིང་དུ་གྱུར་ནས་ཕྱུག་འགྱུར་ལམ་བུ་ཡངས་པོ་ཕྱེ་བ།

ཡར་ཀླུང་གཙང་པོའི་བཞུར་རྒྱུན་འདེད་ནས་སོང་ན། ས་ཁྱོན་མུའུ་གྲངས་ཁྲི་ལོན་པའི་ངོགས་སུ་མངར་བསིལ་རྒུན་འབྲུམ་འདེབས་འཛུགས་སྐས་རིམ་ལྟར་ཝ་ལེར་གསལ། བསམ་ཡུལ་ལས་འདས་པ་ཞིག་ནི། ལོ་ངོ་བཅུའི་སྔ་རོལ་དུ། འདི་ན་བྱེ་སས་གནམ་བཀབ་ཅིང་རྩྭ་ངན་གྱིས་ཁེངས་པའི་བྱེ་ཐང་ས་སྟོང་དུ་ལུས་པ་དེའོ།

ལྷོ་ཁ་ས་སྒྱུར་གྲོང་འཛུགས་བྱས་ཚུན། ཟངས་རི་རྫོང་གིས་ས་བབ་མཐོ་བ་དང་། ཉི་འོད་འཕྲོ་ཡུན་རིང་བ། ཉིན་མཚན་དྲོད་ཚད་ཧེ་བག་ཆེ་བ་བཅས་ཀྱི་ཐུན་མིན་ལེགས་ཆར་གཞི་བཅོལ་ཏེ། ཤིང་འབྲས་རྒུན་འབྲུམ་ཐོན་ལས་འདི་ཉིད་ཁྱད་ལྡན་དམངས་ཕྱུག་ཐུབ་པའི་ཀ་རྟེན་ཐོན་ལས་ལ་བརྩིས་ནས་སྐྱེད་སྲིང་བྱས་ཤིང་། སྲིད་ཇུས་རོགས་སྐྱོར་དང་། ས་ཆ་བོགས་གཏོང་། ཚན་རྩལ་ནུས་སྐྱེད་བཅས་བྱས་པ་བརྒྱུད། བྱེ་ཐང་ས་སྟོང་དེ་འབབ་འཕར་འབྲས་གླིང་དུ་གྱུར་བ་རེད།

རྒུན་འབྲུམ་ཐོན་ལས་འདི་2016ལོའི་འདེབས་ཁྱོན་མུའུ་གྲངས་ཆིག་སྟོང་ནས་ད་ལྟའི་འདེབས་ཁྱོན་མུའུ་གྲངས་ཁྲི་ཡི་བར་རྒྱ་སྐྱེད་ཐུབ་ཡོད་པ་རེད། དེའང་སྐྱེ་སྲིང་དང་ཚོད་བསྟར་འདེབས་འཛུགས་ལྷོད་མེད་བྱས་པ་བརྒྱུད། སོན་སྣ་60ལྷག་གི་ཁྲོད་ནས་ས་བབ་འདིར་འདེབས་འཛུགས་ལ་འཕྲོད་པའི་སོན་སྣ་སྤུས་དག་6སྐྱེད་སྲིང་ལེགས་གྲུབ་བྱུང་བ་རེད།

ཐོན་ལས་འཕེལ་རྒྱས་གཏོང་བའི་མཐའ་མཇུག་གི་དམིགས་ཡུལ་ནི་དམངས་ཕྱུག་ཡོང་བ་བྱ་རྒྱུ་དེ་ཡིན་སོང་གཤིས། རྒུན་འབྲུམ་ཐོན་ལས་ཀྱིས་ཉེ་འཁོར་གྲོང་ཚོ་10ལྷག་གི་མང་ཚོགས་ཚོས་འདེབས་འཛུགས་དང་། དོ་དམ། འཐུ་ལེན་བཅས་ལས་གནས་ཐོག་ཞུགས་རྒྱུར་ཁྲིད་སྐུལ་བྱས་པར། མང་ཚོགས་ཀྱི་ཞོར་ལས་ཡོང་འབབ་མཐོར་འདེགས་བརྟན་འཁྱོངས་བྱུང་ཡོད། ད་ལྟའི་ཆར། རྒུན་འབྲུམ་འདེབས་འཛུགས་བྱ་རྒྱུ་འདི་ཉིད་ས་གནས་དེ་གའི་མང་ཚོགས་ཚོའི་འབབ་འཕར་གྱི་སྒུལ་ཤུགས་ཆེ་ཤོས་སུ་འགྱུར་ཏེ། སྒོ་འགྲམ་ནས་ལས་ཞུགས་དང་འབབ་འཕར་རྒྱུན་མཐུད་ཡོང་བའི་དམིགས་ཚད་མངོན་འགྱུར་བྱུང་ཡོད།

འདེབས་ཁྱོན་མུའུ་གྲངས་ཁྲི་ཡི་རྒུན་འབྲུམ་རྟེན་གཞི་འཛུགས་སྐྱོང་བརྒྱུད། ཟངས་རི་རྫོང་གིས་ཐོན་ལས་སྦྲེལ་ལམ་འཕྲོ་མཐུད་དང་རིན་ཐང་སྦྲེལ་ཐག་འཕར་སྣོན་རྒྱུན་འཁྱོངས་བྱས་ཐོག གཅིག་སྡུད་དུ་རྒུན་འབྲུམ་འདེབས་འཛུགས་དང་། རྒུན་འབྲུམ་ཨ་རག་བསྙལ་ཕབ། རིག་གནས་དང་ཡུལ་སྐོར་སྤྲོ་གསེང་བཅས་གཞི་གཅིག་ཅན་ལ་འཐུས་པའི་ཕག་གྲུ་ཨ་རག་གཞིས་ཀའི་ལན་པར་བཏོད་པས། ས་མཐོ་ནས་དར་བའི་ཤིང་འབྲས་རྒུན་འབྲུམ་དེ་འཁོར་ཁང་གི་ལས་སྣོན་བྱ་གཞིར་འགྱུར་བ་དང་། དེ་ནས་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བའི་ཕྱག་རྟགས་སུ་འགྱུར་བ་ལས། ཐོན་ལས་མཉམ་འདྲེས་གཏིང་ཟབ་བྱེད་པའི་དམིགས་ཚད་མངོན་འགྱུར་བྱུང་བ་རེད།

ཕག་གྲུ་ཨ་རག་གཞིས་ཀར་བསྐྱོད་ཚེ། གནའ་ཉམས་ཀྱིས་ཕྱུག་པའི་བཟོ་སྐྲུན་བཀོད་པ་དང་དེང་རབས་ཅན་གྱི་ཕབ་བསྙལ་འཁོར་ཁང་བརྩེགས་པའི་ཁྱད་གཤིས་མངོན་པར་འཕགས་ཤིང་། བསྙལ་ཕབ་བཟོ་ལས་གོ་རིམ་ཚད་ལྡན་ཁར། སྒྲིག་བཀོད་ཁག་སོ་སོར་ཚན་རིག་དང་མཐུན་པར་དབྱེ་བ་དང་། ཆང་མའམ་བསྙལ་པ་པོ་ཡིས་ལས་རིམ་ཡོངས་ལ་ཚོད་འཛིན་བྱང་ཆུབ་པར་བྱས་མཐར། རྒུན་འབྲུམ་འབྲས་རྡོག་རེ་རེ་དག རོ་ཡི་ཟིལ་མངར་འཐུལ་ཞིང་བཅུད་ཀྱི་བྲོ་ཞིམ་ཁ་བའི་རྒུན་འབྲུམ་ཨ་རག་བདུད་རྩི་རུ་ཕབ། ལོ་མང་འཕེལ་རྒྱས་ལ་བརྩོན་པ་བརྒྱུད། ཕག་གྲུ་ཨ་རག་གཞིས་ཀ་འདི། ཐོག་མའི་ཨ་རག་ཕབ་བསྙལ་འཁོར་ཁང་ཆུང་ངུ་ཞིག་ནས། གྲོང་ཁྱེར་རིམ་པའི་ཞིང་ལས་ཐོན་ལས་ཅན་དུ་འགྱུར་བའི་སྣེ་ཁྲིད་ཁེ་ལས་ཤིག་ཏུ་འཕོ་འགྱུར་བྱུང་ཞིང་། ད་ལྟའི་ཆར། རྒུན་འབྲུམ་ཨ་རག་དམར་ཁུ་སོགས་ས་མཐོའི་ཁྱད་ལྡན་རྒུན་འབྲུམ་ཨ་རག་ཚོང་རྫས་སྣེ་མང་ཞིབ་འཇུག་ཐོག་གསར་སྤེལ་བྱས་པས། གྲོང་མི་དང་ཡུལ་སྐོར་བ་ཚོའི་དགའ་བསུ་ཐོབ་ནས། ལས་རིགས་རྣམ་གྲངས་མང་དག་གི་གཟི་བརྗིད་མཚན་སྙན་ཐོབ་ཡོད་པ་རེད།

ཕག་གྲུ་ཨ་རག་གཞིས་ཀའི་ཅིང་ལི་ལི་ཞའོ་ཕིང་གིས་ངོ་སྤྲོད་གནང་བར་གཞིགས་ན། 2011ལོར། རྒུན་འབྲུམ་མྱུག་སོན་འདེབས་འཛུགས་ལོ་16ཏག་ཏག་ཚོད་བསྟར་འདེབས་འཛུགས་དང་སྐྱེད་སྲིང་བྱས་མཐར། འདེབས་ཁྱོན་ཡང་ཐོག་མའི་མུའུ་15ནས་ད་ལྟའི་མུའུ་གྲངས་ཁྲི་ཡི་གཞི་ཁྱོན་ལོན་པའི་རྟེན་གཞིར་གྱུར་ཡོད། ཐོན་ལས་དར་བས་ས་གནས་དེ་གའི་མང་ཚོགས་ཚོས་སྒོ་འགྲམ་ནས་ལས་ཀར་ཞུགས་ཐུབ་ནས་འབབ་འཕར་བརྟན་འཁྱོངས་བྱུང་བ་མ་ཟད། ཡར་ཀླུང་གཙང་པོའི་ངོགས་ཀྱི་སྐྱེ་ཁམས་ཁོར་ཡུག་ཀྱང་སླར་གསོ་རྒྱུན་མཐུད་ཐུབ་ཡོད། མིག་སྔར། ཨ་རག་གཞིས་ཀས་རྒུན་འབྲུམ་ཨ་རག་མི་འདྲ་བ་སྣེ་ཁ་9ཙམ་ཐོན་སྐྱེད་བྱས་ཡོད་པ་དང་། ཚོང་ཟོག་སྣེ་ཁའང་ཕུན་སུམ་ཇེ་ཚོགས་སུ་སོང་ནས་ཁྲོམ་རར་བྲིན་ཁ་རྒྱུག་ཚད་མཐོར་འདེགས་བརྟན་པོ་འདུག་ཅེས་བརྗོད།

ཐོན་ལས་མཉམ་འདྲེས་བྱུང་བས། བྲོ་ཞིམ་ཨ་རག་བསྙལ་ཕབ་ཐུབ་པ་མ་ཟད། ཡུལ་སྐོར་ལས་རིགས་ཀྱང་དར་སོང་། ལྷོ་ཁའི་རིག་གནས་དང་ཡུལ་སྐོར་ཐོན་ལས་དར་འཕེལ་གྱི་དཔྱིད་རླུང་དང་སྡེབ་སྟེ། ཟངས་རི་རྫོང་གིས་ཕག་གྲུ་རྒུན་འབྲུམ་གྲོང་རྡལ་ཆུང་གྲས་ཡག་པོ་བཏོད་ཐོག སྤྲོ་གསེང་ཞོར་ལ་ཤིང་འབྲས་འཐུ་ལེན་དང་། ཨ་རག་བདུད་རྩི་ཕབ་བསྙལ་ཉམས་ལེན། དམངས་སྲོལ་གནས་ཚང་སོགས་སྒྲིག་བཀོད་ལེ་ལག་འཐུས་ཚང་བསྐྲུན་པར། ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་ཡོད།

རྒུན་འབྲུམ་འབྲས་རྡོག་རེ་རེ་ནས་ཨ་རག་ཤེལ་དམ་རེ་རེའི་བར་དང་། ཡུལ་སྐོར་ལམ་ཐིག་གསར་སྤེལ་ནས་ཕག་གྲུ་ཨ་རག་གཞིས་ཀའི་ལན་པར་བཏོད་པའི་བར། ཕག་གྲུའི་ཨ་རག་གཞིས་ཀས་འདེབས་འཛུགས་བྱས་ན་ཁེ་ཕན་ཡོད་པ་དང་། ལས་སྣོན་བྱས་ན་རིན་ཐང་འཕར་ཐུབ་པ། ཡུལ་སྐོར་བར་སྣེ་ལེན་ཞུས་ན་ཡོང་འབབ་ཡོད་པ་བཅས་ཐོན་ལས་གསུམ་པའི་མཉམ་འདྲེས་འཕེལ་རྒྱས་ལམ་བུ་གསར་པ་ཞིག་གི་ཐོག་བསྐྱོད་ཡོད་པ་རེད།

ཐར་མ་གྲོང་ཚོའི་གྲོང་མི་དབྱངས་ཅན་མཚོ་མོ་ནི་2021ལོར། ཕག་གྲུ་ཨ་རག་གཞིས་ཀའི་ལས་ཀར་ཞུགས་པ་ནས་བཟུང་། ད་ལྟ་ཆེད་ལས་ཕྱིར་འཚོང་མི་སྣ་ཞིག་ཏུ་འཚར་ལོངས་བྱུང་ཡོད། ཁོ་མོས། ངའི་ལས་ཀའི་ཐོབ་ཐང་ཧ་ཅང་ཡག་པོ་ཡོད། ཁྱིམ་དང་ཐག་ཉེ་བའི་ཁར། འབབ་འཕར་བརྟན་པོ་འདུག དེ་བས་ཁྱིམ་ལས་མི་འཕྱུག་པ་བྱེད་ཐུབ་ཀྱི་འདུག་པས། དངོས་གནས་ཡག་པོ་འདུག་ཅེས་གླེང་།

བགྲང་བྱ་བཅུའི་ཡར་ཐོན་གྱི་འབད་འབུངས་འོག གཡུར་དུ་ཟ་བའི་འབྲས་བུ་ཀུན་ལ་སྨིན། ལྷོ་ཁ་ས་སྒྱུར་གྲོང་འཛུགས་བྱས་ནས་ལོ་བཅུ་སོང་ཚུན། ཟངས་རི་རྫོང་གིས་བཟོ་ལས་བརྗེས་སྒྱུར་དང་འཕེལ་ཤུགས་ཇེ་ཆེར་བརྩོན་ཏེ། ཁྱད་ལྡན་དམངས་ཕྱུག་ཐོན་ལས་དར་སྤེལ་དང་སྐྱེ་ཁམས་སྔོན་འཇོག་ཁྱིམ་གཞིས་བསྐྲུན་པར་བརྟེན་ནས། སྤུས་མཐོའི་འཕེལ་རྒྱས་ལ་བཀྲག་འཚེར་བའི་རྒྱུགས་ལན་ཞིག་ཕུལ་ཡོད། དམིགས་ས་གསར་པའི་ཐོག ཟངས་རི་རྫོང་གིས་བཟོ་ལས་ཀྱི་འབྱུང་འཕྲོད་བརྗེས་སྒྱུར་དང་། ཁྱད་ལྡན་ཐོན་ལས་སྤུས་ཚད་མཐོར་འདེགས། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་རིམ་སྤོར་བཅས་རྒྱུན་མཐུད་སྐུལ་སྤེལ་ལ་བརྟེན་ནས། ཡར་ཀླུང་གཙང་པོའི་ངོགས་སུ། ཐོན་ལས་དར་བ་དང་། སྐྱེ་ཁམས་མཛེས་པ། མང་ཚོགས་ཕྱུག་འགྱུར་བཅས་ཀྱི་ལེ་ཚན་རྩོམ་ཏེ། ལྷོ་ཁའི་སྤུས་མཐོའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཆེད་ཟངས་རིའི་སྟོབས་ཤུགས་སྐྱེས་སུ་འབུལ་མུས་ཡིན་པ་ནི་སྨོས་མེད་ལགས། །

བསོད་ནམས་དོན་གྲུབ་ཀྱིས་བསྒྱུར། བསོད་ཡེ་ལོ་ཡིས་ཞུས།

ལྷོ་ཁ་ས་སྒྱུར་གྲོང་འཛུགས་བྱས་ནས་ལོ་བཅུ་སོང་ཚུན། ཟངས་རི་རྫོང་གིས་རྫོང་དེའི་ཁྱད་ལྡན་ཐོན་ཁུངས་ལ་གཞི་བཅོལ་ཏེ་རྒུན་འབྲུམ་འདེབས་འཛུགས་བརྒྱུད་ས་ཁོངས་ཁུལ་གྱི་མང་ཚོགས་ལ་ལས་ཞུགས་དང་འབབ་འཕར་གཉིས་སྐུལ་བྱས་པར་ཕན་འབྲས་བཟང་པོ་ཐོན་པ།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:视觉山南
ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས 《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་འཕེལ་རྒྱས་གཏོང་བའི་ལས་དོན་གྱི་ཞིབ་སྲོལ》བཀྲམ་པ།
ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བརྟན་པོ་འཛུགས་པ་དང་ལག་བསྟར་གཏིང་ཟབ་བྱས་ཐོག་ཚད་གཞི་མཐོ་བའི་རྣམ་གྲངས་འཛུགས་སྐྲུན་ གྱིས་ས་ཁོངས་འཕེལ་རྒྱས་ལ་ནུས་སྐྱེད་སྤྲོད་པ་དང་། གནད་དོན་བཅོས@
ལྷོ་ཁ་གྲོང་ཁྱེར་གྱི་སྤུས་ཚད་མཐོ་བའི་འཕེལ་ རྒྱས་ཞིབ་འཇུག་ཁང་བཙུགས་པ།
ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱི་མང་ཚོགས་ཀྱི་ཡིག་འབུལ་ཞུ་བཅར་དང་ཐེར་འདོན་བདག་སྤྲོད་བྱེད་ཐབས་སྐོར་གྱི་སྤྱི་བསྒྲགས།
ཐོན་ལས་དར་ནས་རྒྱང་ལམ་གསར་པར་སྐུལ། ཟངས་རིའི་འཕོ་འགྱུར་རྣམ་པ་ལེགས་པར་སྣང་།
བཀྲག་འཚེར་བའི་ལྷོ་ཁའི་ལོ་ངོ་