འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་5ཚེས་19ཉིན། གྲོང་ཨུད་་ཧྲུའུ་ཅི་ལི་ཧྥུའུ་ཀྲུང་གིས་གྲོང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་མཉམ་སྡེབ་སློབ་སྦྱོང(རྒྱ་ཆེའི)ཚོགས་འདུ་གཙོ་སྐྱོང་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“སྲུང་སྐྱོང་གཉིས”ནི་ཏང་གི་ཆེས་མཐོའི་ཆབ་སྲིད་རྩ་དོན་དང་རྩ་བའི་ཆབ་སྲིད་སྒྲིག་ལམ་ཡིན་པའི་འབྲེལ་ཡོད་དགོངས་དོན་དང་། 《དུས་རབས་གསར་པའི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་དངོས་བྲིས》བམ་པོ་དང་པོའི་འབྲེལ་ཡོད་ནང་དོན་སོགས་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་པ་རེད། ཁོང་གིས་ནན་བཤད་གནང་དོན། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་།“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བྱེད་པ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་མཐར་ཕྱིན་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆེས་གསར་ཤོས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་རྗེས་སྙེགས་སློབ་སྦྱོང་བྱེད་པ། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱེད་པ།《དུས་རབས་གསར་པའི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་དངོས་བྲིས》སོགས་ཀྱི་དབང་གྲགས་ལྡན་པའི་ཀློག་དེབ་གསར་ཤོས་སློབ་སྦྱོང་དང་བེད་སྤྱོད་ཡག་པོ་བྱེད་པ། ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བ་བཅས་བྱས་ཏེ་ཏང་ལ་ལྷག་བསམ་རྣམ་དག་གཙང་བཙན་བྱེད་པའི་ཐོག་ནས“དོན་ཆེན་བཞི”ལྷོ་ཁར་རྩ་བ་ཚུགས་པ་དང་འབྲས་བུ་སྨིན་པ་བྱས་ཐོག་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ལྷོ་ཁ་གསར་པ་འཛུགས་སྐྲུན་ཆེད་སྐུལ་འདེད་ཧུར་ཐག་གཏོང་དགོས་པའི་ནན་བཤད་གནང་བ་རེད།
ཚོགས་འདུས་བླང་བྱ་བཏོན་དོན། ཆབ་སྲིད་ལ་སྣང་ཆེན་བྱེད་པ་ནི་ཞིབ་ཕྲ་ཞིག་ཡིན་པ་དང་། “གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་བྱེད་རྒྱུ་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱེད་པའི་བྱ་སྤྱོད་ཐོག་མངོན་པ་བྱེད་དགོས་པ་དང་། རང་འགན་གཙང་སྒྲུབ་དང་རང་འཁྲིའི་ལས་དོན་ཡག་པོ་སྒྲུབ་པའི་ཕན་འབྲས་ཐོག་མངོན་པར་བྱེད་པ། ཏང་ཡོན་དང་ལས་བྱེད་པའི་རྒྱུན་གཏན་གྱི་གཏམ་སྤྱོད་ཐོག་མངོན་པ་བཅས་བྱེད་དགོས། “དོན་ཆེན་བཞི”ལ་དམིགས་པ་དང“འཛུགས་གཏོད་བཞི”ལ་སེམས་ནུས་བསྒྲིལ་ཏེ། ཏང་ཀྲུང་དབྱང་གི་དགོངས་དོན་དང་ལྗོངས་ཏང་ཨུད་ཀྱི་བླང་བྱ་ལག་བསྟར་བྱ་རྒྱུ་དེ་འཐབ་ཇུས་འདིང་བ་དང་། སྲིད་ཇུས་བཟོ་བ། ལས་འགན་བཀོད་སྒྲིག་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཞིབ་ཕྲའི་བྱ་སྤྱོད་ནང་མངོན་མཚོན་བྱས་ཏེ་གསར་འབྱེད་གསར་གཏོད་དང་དམ་པ་དོན་གཉེར་གྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ལྷོ་ཁ་གསར་པ་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བའི་རྒྱང་ལམ་གསར་པའི་ཐོག་དཔའ་ངར་ཆེན་པོས་སྔོན་སྐྱོད་བརྩོན་ལེན་དང་བྱས་རྗེས་གསར་པ་འཇོག་དགོས། སྤྱི་ཚོགས་འཆམ་མཐུན་དང་བརྟན་ལྷིང་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་དགོས། མ་མཐའི་མཚམས་ཐིག་གི་བསམ་ཕྱོགས་མཐའ་འཁྱོངས་དང་ཉེན་ཁའི་འདུ་ཤེས་ཟབ་ཏུ་བཏང་ནས་འགལ་ཟླ་དང་རྩོད་གཞི་གྲལ་བཤེར་དང་སེལ་བར“ལྷུ་ཚིགས་གསུམ”ལ་དམ་འཛིན་དང་། “འཇོན་ནུས་གསུམ”ཆེ་རུ་གཏོང་བ། “ལམ་སྲོལ་གསུམ”འཐུས་སྒོ་ཚང་དུ་གཏོང་བ་བཅས་སྐོར་གྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་ལས་ཀའི་བླང་བྱ་དོན་འཁྱོལ་ནན་པོ་བྱེད་དགོས་པ། ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། སྤྱི་ཚོགས་ལས་དོན་གྱི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། དྲ་མིག་ཅན་གྱི་དོ་དམ་ལེགས་ཆ་འདོན་སྤེལ་ཡག་པོ་བྱེད་པ།“གཞི་རིམ་དུ་སྐྱོད་པ་བཞིའི”བླང་བྱ་དོན་འཁྱོལ་ནན་ཏན་བྱེད་པ། འགལ་ཟླ་དང་རྩོད་གཞི་དུས་ཐོག་ཏུ་ཤེས་རྟོགས་དང་ཐག་གཅོད་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་འཛུགས་སྐྱོང་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བ། ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པ་བཅས་ཀྱི་ཐོག་ནས་མཐུན་སྒྲིལ་བརྟན་ལྷིང་གི་ཆབ་སྲིད་རྣམ་པ་རྒྱུན་མཐུད་ངང་སྲ་བརྟན་དུ་གཏོང་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།“ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་ལྷ་ས་དང་ལྷོ་ཁའི་འཕེལ་རྒྱས་ཀྱི་ལྟེ་བ་དང“སྣེ་གཅིག་ཁུལ་ལྔའི”འཕེལ་རྒྱས་ཀྱི་ངེས་གནས་རྒྱ་སྟོབས་ཆེ་རུ་གཏོང་རྒྱུར་དམ་པོར་དམིགས་ཐོག་ཐོན་ལས་འཛུགས་སྐྱོང་དང་། རྣམ་གྲངས་ལ་སྐུལ་འདེད། ཚོང་འགུགས་མ་འདྲེན། འཛད་སྤྱོད་སྐུལ་སྤེལ། ཞིང་འབྲོག་པའི་འབབ་འཕར་སོགས་ཀྱི་གཙོ་གནད་ལས་དོན་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ་དུས་ཚིགས་གཉིས་པར་ནུས་ཤུགས་ཡོད་རྒུས་མཐའ་མའི་གདོང་མཆོང་བྱས་ནས“ལོ་ཕྱེད་ཡོལ་གྲབས་ཡོད་པས་ལས་འགན་ཕྱེད་ཀ་འགྲུབ་ཐུབ་པའི”འགན་ལེན་བྱེད་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱ་དགོས། ཚད་མཐོའི་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ལ་བརྟེན་ནས་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལྟ་བཤེར་ལས་ཀར་གཞོགས་འདེགས་ཡག་པོ་བྱས་ཐོག་དག་ཐེར་དོན་འཁྱོལ་ལ་དམ་འཛིན་ཏན་ཏིག་བྱེད་དགོས་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་གྱི་བྱ་སྤྱོད་སྤེལ་བ། རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཁྱེར་འཛུགས་གཏོད་གོ་སྐབས་སུ་བྱས་ཏེ“ཤེས་དཔལ་ཡར་ཐོན་གྱི་སྲོལ་བཟང་སྐྱོང་ནས་བདེ་ཐང་དང་བདེ་སྐྱིད་ལྡན་པའི་འཚོ་བ་དར་སྤེལ་གཏོང་དགོས”པའི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་གཏིང་ཟབ་སྤེལ་ཏེ་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་མཉམ་དུ་བསྐྲུན་དགོས། མཐའ་མཚམས་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་དགོས། མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་ལག་བསྟར་ཤུགས་ཆེན་བྱེད་པ་དང་། མཐའ་མཚམས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་སྤྱི་པའི་ཞབས་ཞུའི་ཆུ་ཚད་རྒྱུན་མཐུད་ངང་ལེགས་སུ་གཏོང་བ། ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ། ཐབས་ལམ་མང་པོའི་ཐོག་ནས་མང་ཚོགས་ཀྱི་ལས་ཞུགས་འབབ་འཕར་ལ་སྐུལ་འདེད་གཏོང་བ། དམག་དཔུང་དང་ས་གནས་ཀྱི“མཉམ་ལྔ་བརྟན་ལྔ”ཆ་སྒྲིག་མཉམ་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ཏེ་དར་རྒྱས་སྲ་བརྟན་ལྡན་པའི་མེས་རྒྱལ་གྱི་མཐའ་མཚམས་འཛུགས་སྐྲུན་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་དགོས།
ཚོགས་འདུའི་ཐོག་ནན་བཤད་གནང་དོན། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་རང་རྟོགས་ངང“གཏན་འཁེལ་གཉིས”ཀྱི་སྲུང་སྐྱོང་བ་དང་། “སྲུང་སྐྱོང་གཉིས”ཀྱི་ལག་ལེན་པ་ཡག་པོ་ཞིག་བྱས་ཏེ་ཐོག་མཐའ་བར་གསུམ་དུ་ལྷག་བསམ་རྣམ་དག་སེམས་ལ་འཇོག་པ་དང་། བྱ་སྤྱོད་ཐོག་དོན་འཁྱོལ་བྱེད་པ། རང་རྟོགས་ངང་ཏང་གཤིས་བློ་སྦྱོང་དང་། ཆབ་སྲིད་ཀྱི་བྱང་ཚད་མཐོ་རུ་གཏོང་བ། ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་བ། སྒྲིག་ཁྲིམས་དང་སྒྲིག་ལམ་ནན་པོ་སྲུང་བ། བརྩི་བཀུར་དང་ལག་བསྟར་བྱ་རྒྱུ་དེ་རྒྱུན་གཏན་ཅན་དང་། ཞིབ་ཕྲའི་བྱ་སྤྱོད་ཐོག་མངོན་པ་བཅས་བྱས་ཏེ་བྱ་གཞག་འཕེལ་རྒྱས་ཆེད་སྲ་ཞིང་བརྟན་པའི་ཆབ་སྲིད་ཀྱི་འགན་ལེན་བྱེད་དགོས། རིམ་ཁག་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིས་བསམ་བློ་ཆབ་སྲིད་ལས་དོན་གྱི་འགན་འཁུར་བ་དང་པོའི་འགན་འཁྲི་མཐའ་གཅིག་ཏུ་འཁུར་དགོས་པ་དང་། ཚན་ཁག་ཁོངས་མིས“ལས་གནས་གཅིག་ལ་འགན་འཁྲི་གཉིས”དོན་འཁྱོལ་ནན་པོ་བྱས་ཏེ་རྟེན་གཞི་སྲུང་བ་དང་། ཁ་ཕྱོགས་སྟངས་འཛིན། སྤྱི་ཡོངས་ལ་དོ་དམ། དོན་འཁྱོལ་འགན་ལེན་བཅས་བྱས་ཏེ་ཏང་ཡོན་ལས་བྱེད་པའི་བསམ་བློ་གཅིག་གྱུར་དང་། འདོད་བློ་གཅིག་གྱུར། བྱ་སྤྱོད་གཅིག་གྱུར་བཅས་ཡོང་རྒྱུར་ཁྲིད་སྟོན་བྱེད་དགོས། ཆབ་སྲིད་ཐད་བློ་དཀར་སེམས་དཀར་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱས་ཏེ་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་པོ་སྲུང་བ་དང་། རང་རྟོགས་ངང་ཆབ་སྲིད་ཐད་ཀྱི་བསམ་ཤེས་ཅན་དང་ཚུལ་ལྡན་ཅན་ཞིག་བྱེད་དགོས། “སྲུང་སྐྱོང་གཉིས”ཀྱི་ལམ་ལུགས་དང་ལམ་སྲོལ་འཐུས་ཚང་དང་དོན་འཁྱོལ་བྱེད་པ་དང་། ལྟ་སྐུལ་དང་འགན་འཁྲི་རྩད་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་སྒྲིག་ཁྲིམས་སྲུང་བ་དང་སྒྲིག་ལམ་ལ་སྣང་ཆེན་བྱ་རྒྱུའི་ཁྲིད་སྟོན་བྱེད་དགོས།
གྲོང་ཨུད་རིགས་གཞུང་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་ཁོངས་མིས་སྤེལ་རེས་གཏམ་བཤད་གནང་བ་རེད།།
བསོད་ནམས་བསྟན་པས་བསྒྱུར། བསོད་བདེ་ལོས་ཞུས།