第02版:综合新闻 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
| 山南网首页 |
2026年5月22日 星期
3 上一篇 放大 缩小 默认
ཡར་ཀླུང་བསྡུས་འཕྲིན།
 

ཀླུང་

འཕྲིན་

ཉེ་དུས། གྲ་ནང་རྫོང་གིས་2026ལོའི་དྲིལ་བསྒྲགས་བསམ་བློ་རིག་གནས་དང་འདུ་ཤེས་ཁྱབ་ཁོངས་ལས་ཀའི་གསོ་སྦྱོང་གཉེར་བ། ཉེ་ལམ། འཕྱོངས་རྒྱས་རྫོང་མང་ཚོགས་ཚོགས་པའི་ལས་དོན་པུའུ་ཡིས་བློ་གཅིག་སེམས་གཅིག་གིས་ཕུགས་འདུན་སྒྲུབ། རྒྱལ་སྟོབས་འཕེལ་བར་ང་ཡོད་ཞེས་བརྗོད་དོན་གཙོ་བོར་བྱས་པའི་གཏམ་བཤད་འགྲན་བསྡུར་བྱས་པ། ཉེ་དུས། མཚོ་སྣ་གྲོང་ཁྱེར་ཆུ་བེད་ཚན་པས་ཆུའི་ཐོན་ཁོངས་དང་མཚོ་དཔོན་ནམ་ཆུ་དཔོན་ལམ་ལུགས་ཀྱི་ལས་སྒོའི་གསོ་སྦྱོང་གཉེར་བ། ཉེ་དུས། རྒྱ་ཚྭ་རྫོང་ཁྲིམས་འཛིན་ཅུད་ཀྱིས་ཁྲིམས་ལུགས་ཁྱབ་གདལ་ཚན་པ་ཁག་དང་མཉམ་འབྲེལ་ཐོག་དམངས་དོན་ཁྲིམས་གཞུང་གི་དྲིལ་བསྒྲགས་ཟླ་བའི་གཅིག་སྡུད་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ། ཉེ་དུས། ཟངས་རི་རྫོང་སློབ་གསོ་ཅུད་ཀྱིས་2026ལོ་འཁོར་གྱི་དགེ་རྒན་གྱི་བསམ་བློ་ཆབ་སྲིད་སློབ་གསོའི་གསོ་སྦྱོང་གཉེར་བ།

ཉེ་ལམ། ངེད་གྲོང་ཁྱེར་གྱིས་གངས་ལྗོངས་གསར་གསོ། སྤུས་གསར་མཉམ་དར་ཞེས་པའི་རིག་གནས་ཡུལ་སྐོར་གྱི་འཛད་སྤྱོད་ལན་པར་ཅན་གསར་པ་ལད་འཁྲབ་འོས་སྦྱོར་དང་ཞིབ་གྲོས་བྱེད་སྒོ་སྤེལ་བ། ཉེ་དུས། གྲོང་ཁྱེར་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གྲོང་ཨུད་ཏང་གི་སློབ་གྲྭའི་སློབ་སྤྱི་གཞོན་པ་ལྷག་སྒྲོན་གདན་ཞུ་བྱས་ཏེ་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོའི་ཆེད་དོན་ཟུར་ཁྲིད་བྱས་པ། ཉེ་དུས། སྣེ་གདོང་ཆུས་ཀྱིས་2025ལོ་འཁོར་གྱི་བ་གླང་ལེགས་སྒྱུར་ལས་དོན་ལ་ཕྱོགས་བསྡོམས་དང་2026ལོའི་ལས་ཀའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་པ། ཉེ་དུས། གོང་དཀར་རྫོང་གིས་ལྷ་ས་གོང་དཀར་གནམ་ཐང་དུ་གངས་ལྗོངས་སྐར་ཁུང་གིས་སྐུ་མགྲོན་བསུ། ཡིད་དབང་འཕྲོག་པའི་གོང་དཀར་གྱིས་སྐུ་མགྲོན་གདན་ཞུ་བྱེད་ཅེས་བརྗོད་དོན་གཙོ་བོར་བྱས་པའི་རིག་གནས་ཡུལ་སྐོར་བྱེད་སྒོ་སྤེལ་བ། ཉེ་ལམ། ལྷུན་རྩེ་རྫོང་ཡུལ་སྨད་ཤང་གིས་རྒྱལ་དར་ཚད་ལྡན་ངང་འགེལ་བའི་ཆེད་དོན་གྲལ་བཤེར་དང་བཅོས་སྒྲིག་བྱས་པ། ཉེ་དུས། ཆུ་གསུམ་རྫོང་ཨུད་རྩ་འཛུགས་པུའུ་(གྲོང་སྡོད་གཞུང་ལས་ཁང)ཡིས་ཚན་པ་མང་པོ་དང་མཉམ་འབྲེལ་ཐོག གྲོང་ཚོར་བཅའ་སྡོད་ཆེད་ལས་མི་སྣ་44ལ་གཟུགས་གཞིའི་བརྟག་དཔྱད་བྱས་པ། ཉེ་ལམ། རྒྱ་ཚྭ་རྫོང་རིག་གནས་ཡུལ་སྐོར་ཅུད་ཀྱིས་ཚེ་ཆུ་ཤང་དབྱར་རྩ་དགུན་འབུ་འཐུ་ཁུལ་དུ་རིག་གནས་ཡུལ་སྐོར་གྱི་དམངས་ཕན་བྱེད་སྒོ་སྤེལ་བ།

ལོ་ཡག་མཚམས་གཅོད་ཀྱིས་བསྒྱུར། བསོད་བསྟན་དང་བདེ་དཔལ་གྱིས་ཞུས།

3 上一篇 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:公益广告
ལྷུན་རྩེ་རྫོང་གིས།
“བདེ་སྐྱིད་ལྡན་པའི་བོད་ལྗོངས། ངོ་མཚར་ཆེ་བའི་རི་ཀླུང་”ཞེས་པའི་བོད་ཀྱི་རིག་གནས་ཡུལ་སྐོར་གྱི་ཆེད་དོན་འོས་སྦྱོར་འདུ་ཚོགས་ལྷོ་ཁར་འཚོགས་པ།
ཡར་ཀླུང་བསྡུས་འཕྲིན།