第01版:头版 4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
ལྗོངས་ཡོངས་ཀྱི་ལས་བྱེད་པ་གྲོང་སྡོད་ལས་དོན་ཚོགས་འདུ་དང་ལྗོངས་ཡོངས་ཀྱི་ལས་བྱེད་པ་གྲོང་སྡོད་ལས་དོན་གྱི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་@
རིག་གནས་དང་ཡུལ་སྐོར།
“བདེ་སྐྱིད་ལྡན་པའི་བོད་ལྗོངས། ངོ་མཚར་ཆེ་བའི་རི་ཀླུང་”ཞེས་པའི་བོད་ཀྱི་རིག་གནས་ཡུལ་སྐོར་གྱི་ཆེད་དོན་འོས་སྦྱོར་འདུ་ཚོགས་ལྷོ་ཁར་འཚོགས་པ།
ལི་ཧྥུའུ་ཀྲུང་གིས་གྲོང་ཨུད་རིགས་གཞུང་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་མཉམ་སྡེབ་སློབ་སྦྱོང(རྒྱ་ཆེའི)ཚོགས་འདུའི་ཐོག
ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱི་མང་ཚོགས་ཀྱི་ཡིག་འབུལ་ཞུ་བཅར་དང་ཐེར་འདོན་བདག་སྤྲོད་བྱེད་ཐབས་སྐོར་གྱི་སྤྱི་བསྒྲགས།
| 山南网首页 |
2026年5月22日 星期
3 上一篇  下一篇 4 放大 缩小 默认
“བདེ་སྐྱིད་ལྡན་པའི་བོད་ལྗོངས། ངོ་མཚར་ཆེ་བའི་རི་ཀླུང་”ཞེས་པའི་བོད་ཀྱི་རིག་གནས་ཡུལ་སྐོར་གྱི་ཆེད་དོན་འོས་སྦྱོར་འདུ་ཚོགས་ལྷོ་ཁར་འཚོགས་པ།
 

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཀྲུང་གོའི་ཡུལ་སྐོར་ཉིན་མོར། བོད་རང་སྐྱོང་ལྗོངས་རིག་གནས་ཡུལ་སྐོར་ ཐིང་དང་ལྷོ་ཁ་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་། ལྷོ་ཁ་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུས་ཀྱིས་གཉེར་འགན་འཁུར་བའི“བདེ་སྐྱིད་ལྡན་པའི་བོད་ལྗོངས། ངོ་མཚར་ཆེ་བའི་རི་ཀླུང་”ཅེས་པའི་བོད་ཀྱི་རིག་གནས་དང་ཡུལ་སྐོར་གྱི་ཆེད་དོན་འོས་སྦྱོར་འདུ་ཚོགས་དེ་“ཡར་ཀླུང་ནང་”རིག་གནས་སྒྱུ་རྩལ་ཁྲོམ་གཞུང་དུ་འགོ་ཚུགས་པ་རེད།

བྱེད་སྒོའི་ནང་ས་གནས་ཁག་གི་རིག་གནས་དང་ཡུལ་སྐོར་གྱི་ཐོན་ཁུངས་གཅིག་སྡུད་བྱས་ཏེ་རིག་གནས་དང་ཡུལ་སྐོར་འཕེལ་རྒྱས་སྐོར་མཉམ་གླེང་དང་། གངས་ལྗོངས་ཀྱི་མཛེས་ལྗོངས་ལ་མཉམ་རོལ་བརྒྱུད། བོད་ཀྱི་རིག་གནས་དང་ཡུལ་སྐོར་གྱི་ལན་པར་སྔར་བས་བཀྲག་མདངས་འཚེར་བ་བྱས་ཐོག་ས་མཐོའི་ཡུལ་སྐོར་ཁྲོམ་རའི་གསོན་ཤུགས་འཕེལ་བ་བྱས་པ་རེད།

འོས་སྦྱོར་བརྒྱུད་རིམ་ནང་། ལྷོ་ཁ་གྲོང་ཁྱེར་དང་། ལྷ་ས་གྲོང་ཁྱེར། ནག་ཆུ་གྲོང་ཁྱེར། བོད་ལྗོངས་རིག་གནས་ཡུལ་སྐོར་གསར་གཏོད་གླིང་བཅས་ཀྱི་རིག་གནས་ཡུལ་སྐོར་འོས་སྦྱོར་བྱེད་པོས་རིམ་པས་གར་སྟེགས་ཐོག་བསྐྱོད་དེ་ས་གནས་ཁག་གི་རིག་གནས་ཡུལ་སྐོར་གྱི་ཁྱད་ཆོས་དང་ཟུང་འབྲེལ་གྱིས་གངས་ལྗོངས་ས་མཐོའི་བརྗིད་ཆགས་ཡིད་དུ་འོང་བའི་ཡུལ་ལྗོངས་དང་། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས། དམངས་སྲོལ་གོམས་གཤིས་བཅས་ཕྱོགས་ཡོངས་ནས་མངོན་པར་བྱས་པ་རེད། ས་ཁུལ་དང་གྲོང་ཁྱེར་ཁག་གིས་རང་ངོས་ཀྱི་ཐོན་ཁུངས་དགེ་མཚན་ལ་གཞིགས་ཏེ་ཡུལ་སྐོར་ལམ་ཐིག་རྩེ་གྲ་དང་། ཁྱད་ལྡན་རིག་གནས་ཡུལ་སྐོར་རྣམ་གྲངས། རིག་གནས་ཡུལ་སྐོར་གྱི་རོགས་སྐྱོར་སྲིད་ཇུས་སོགས་ཀྱི་ནང་དོན་ལ་དམིགས་ནས་འགྲེལ་བཤད་ཞིབ་ཚགས་བརྒྱབ་སྟེ་ཕྱོགས་ལམ་མང་པོའི་ཐོག་ནས་བོད་ཀྱི་རིག་གནས་ཡུལ་སྐོར་གྱི་ཡིད་དབང་འཕྲོག་ཤུགས་མངོན་པར་བྱས་ཐོག་ས་ཁོངས་དང་རིག་གནས་ཡུལ་སྐོར་གྱི་སྤེལ་རེས་མཉམ་ལས་ལ་འབྲེལ་ཟམ་ཞིག་བཏོད་པ་རེད།

འོས་སྦྱོར་བྱ་ཡུལ་དུ། གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཁྱབ་གདལ་ཕོ་ཉ་ཆེ་མོ་བ་ཝང་ཙེ་ཧའོ་ཡིས་ལྷོ་ཁའི་མཛེས་སྡུག་ལྡན་པའི་རང་བྱུང་མཛེས་ལྗོངས་དང་། ས་མཐོའི་ཁྱད་ལྡན་ཞིང་འབྲོག་ཐོན་ལས། དམངས་སྲོལ་རིག་གནས་ཟབ་མོ། བོད་འབྱུང་ལོ་རྒྱུས་སོགས་གཙོ་གནད་ཐོན་ཁུངས་ལ་དམིགས་ནས་ཡར་ཀླུང་རིག་གནས་དང་། སྐྱེ་ཁམས་མཛེས་ལྗོངས། མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་སོགས་རིག་གནས་དང་ཡུལ་སྐོར་གྱི་བཀྲག་མདངས་འཚེར་ས་བརྒྱུད་རིམ་ལྡན་པའི་ངང་འོས་སྦྱོར་བྱས་ཏེ“བོད་འབྱུང་ལྷོ་ཁའི”ཐུན་མོང་མ་ཡིན་པའི་ཉམས་འགྱུར་ཕྱོགས་ཡོངས་ནས་མངོན་པར་བྱས་པ་རེད། ཡུམ་བུ་བརླ་མཁར་དང་། བསམ་ཡས་དགོན། སྐུ་ལ་གངས་རི། འོལ་ཁ་ཆུ་ཚན་སོགས་གྲགས་ཅན་གྱི་རིག་གནས་ཡུལ་སྐོར་མཛེས་ལྗོངས་ཁུལ་དང་། ལྷ་མོ། མངོན་མིན་རིག་གནས་ཤུལ་བཞག་གི་ལག་རྩལ། དམངས་སྲོལ་དུས་ཆེན་སོགས་སྲོལ་རྒྱུན་རིག་གནས་དང་དེ་བཞིན་ས་མཐོའི་ཁྱད་ལྡན་ཞིང་ལས་ཐོན་རྫས་འགྲེམས་སྟོན་བྱས་པ་ལས་རི་ཆུ་ཀླུང་གསུམ་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་བསྒྲིལ་བའི་ལྷོ་ཁའི་རིག་གནས་ཡུལ་སྐོར་གྱི་རྣམ་པ་ཞིག་གསོན་ཉམས་དོད་པོས་མངོན་པར་བྱས་ཡོད།

དེ་རྗེས་ལྷོ་ཁ་གྲོང་ཁྱེར་གྱི་རྫོང(ཆུས་སམ་གྲོང་ཁྱེར)ཁག་གིས་རེས་མོས་ངང་གར་སྟེགས་ཐོག་འོས་སྦྱོར་ལ་ཞུགས་ཏེ་ས་གནས་ཀྱི་ཁྱད་ལྡན་ཐོན་ཁུངས་དང་སྐྱེ་ཁམས་མཛེས་ལྗོངས། གྲོང་གསེབ་ཡུལ་སྐོར། དམངས་སྲོལ་མྱོང་རོལ་སོགས་རིག་གནས་དང་ཡུལ་སྐོར་ཐོན་རྫས་རྩེ་གྲ་ཁག་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་ཤིང་། སྐུ་མགྲོན་ཚོས་ལྷོ་ཁའི་ས་ཁོངས་ཧྲིལ་པོའི་རིག་གནས་དང་ཡུལ་སྐོར་གྱི་ཐུན་མིན་ཁྱད་ཆོས་ཕྱོགས་ཡོངས་ནས་ཤེས་རྟོགས་ཡོང་བ་བྱས་པ་རེད།

ད་ཐེངས་ཀྱི་རིག་གནས་ཡུལ་སྐོར་འོས་སྦྱོར་འདུ་ཚོགས་ནི་ལྗོངས་ཡོངས་ཀྱི་རིག་གནས་ཡུལ་སྐོར་ཐོན་ཁུངས་གཅིག་སྡུད་འགྲེམས་སྟོན་བྱས་པ་ཞིག་ཡིན་ལ། རིག་གནས་ཡུལ་སྐོར་མཉམ་ལས་སྤེལ་རེས་གཏིང་ཟབ་བྱས་པ་ཞིག་ཀྱང་རེད། བྱེད་སྒོ་བརྒྱུད་བོད་ཀྱི་ས་ཁུལ་དང་གྲོང་ཁྱེར་ཁག་གི་རིག་གནས་དང་ཡུལ་སྐོར་མཉམ་འགུལ་ལ་སྔར་བས་ཤུགས་སྣོན་དང་། བོད་ཀྱི་རིག་གནས་དང་ཡུལ་སྐོར་གྱི་སྙན་གྲགས་ཆོད་ཚད་དང་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་བཏང་ནས་ས་ཁོངས་ཀྱི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད། ཡུལ་སྐོར་འགྲུལ་རྒྱུན་རྒྱ་ཆེར་འགྲོ་བ། བོད་ཀྱི་རིག་གནས་དང་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཅས་ཀྱི་དམིགས་ཚད་བཟུང་ཐོག། ཡུལ་སྐོར་བ་དེ་བས་མང་བས་བོད་དང་ལྷོ་ཁར་ཕེབས་ཏེ་གངས་ལྗོངས་ཀྱི་རི་ཆུ་ཀླུང་གསུམ་གྱི་མཛེས་ཉམས་དང་ཐུན་མིན་རིག་གནས་ཀྱི་ཉམས་སྣང་དངོས་མཐོང་མྱོང་རོལ་བྱ་རྒྱུ་རེད།།

བསོད་ནམས་བསྟན་པས་བསྒྱུར། བསོད་བདེ་ལོས་ཞུས།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:公益广告
ལྗོངས་ཡོངས་ཀྱི་ལས་བྱེད་པ་གྲོང་སྡོད་ལས་དོན་ཚོགས་འདུ་དང་ལྗོངས་ཡོངས་ཀྱི་ལས་བྱེད་པ་གྲོང་སྡོད་ལས་དོན་གྱི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་@
རིག་གནས་དང་ཡུལ་སྐོར།
“བདེ་སྐྱིད་ལྡན་པའི་བོད་ལྗོངས། ངོ་མཚར་ཆེ་བའི་རི་ཀླུང་”ཞེས་པའི་བོད་ཀྱི་རིག་གནས་ཡུལ་སྐོར་གྱི་ཆེད་དོན་འོས་སྦྱོར་འདུ་ཚོགས་ལྷོ་ཁར་འཚོགས་པ།
ལི་ཧྥུའུ་ཀྲུང་གིས་གྲོང་ཨུད་རིགས་གཞུང་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་མཉམ་སྡེབ་སློབ་སྦྱོང(རྒྱ་ཆེའི)ཚོགས་འདུའི་ཐོག
ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱི་མང་ཚོགས་ཀྱི་ཡིག་འབུལ་ཞུ་བཅར་དང་ཐེར་འདོན་བདག་སྤྲོད་བྱེད་ཐབས་སྐོར་གྱི་སྤྱི་བསྒྲགས།