第04版:视觉山南 上一版3
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
| 山南网首页 |
2026年5月18日 星期
放大 缩小 默认
སེ་འབྲུའི་མེ་ཏོག་རབ་མཛེས་མ་འོངས་ཕྱོགས་། ལྔ་ཚན་བཅོ་ལྔ་པ་ལ་ལང་ཚོས་མཆོད་།
—— ལྗོངས་ཡོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་བརྗོད་དོན་གཙོ་བོའི་གཏམ་བཤད་འགྲན་བསྡུར་ཆེ་མོ་སྐབས་བཞི་པའི་རྟིང་རྩོད་ལྷོ་ཁ་གྲོང་ཁྱེར་དུ་ཐུགས་གྲ་ལེགས་འགྲིག་བྱུང་བ།
 

དབྱར་གྱི་སྒོ་མོ་ཕྱེ། །སེ་འབྲུའི་མེ་ཏོག་མཚར། ། ཉེ་ཆར། སེ་འབྲུའི་མེ་ཏོག་རབ་མཛེས་མ་འོངས་ཕྱོགས། ལྔ་ཚན་བཅོ་ལྔ་པ་ལ་ལང་ཚོས་མཆོད་ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་ལྗོངས་ཡོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་གཏམ་བཤད་འགྲན་བསྡུར་ཆེ་མོ་སྐབས་བཞི་པའི་རྟིང་རྩོད་དེ། ལྷོ་ཁ་གྲོང་ཁྱེར་དུ་ཐུགས་གྲ་ལེགས་འགྲིག་བྱུང་བ་རེད།

ད་ཐེངས་འགྲན་བསྡུར་ཆེ་མོའི་ནང་། བྱིས་པའི་ཚོ་ཆུང་དང་། སློབ་ཆུང་ཚོ་ཆུང་། སློབ་འབྲིང་ཚོ་ཆུང་། གཞོན་ནུའི་ཚོ་ཆུང་། གྲོང་ཚོ་ཡུལ་ལྷན་གཞོན་ནུའི་འགྲེམས་སྟོན་ཚོ་ཆུང་། ཆོས་ལུགས་རིགས་ཁོངས་ཀྱི་གཞོན་ནུའི་འགྲེམས་སྟོན་ཚོ་ཆུང་བཅས་ཚོ་ཆུང་ཆེ་ཁག་དྲུག་ལ་དབྱེ་ཡོད་པ་དང་། འགྲན་བསྡུར་གྱི་བརྒྱུད་རིམ་ཡོངས་དྲང་བདེན་ཡོང་རྒྱུར་འགན་སྲུང་ཐུབ་ཕྱིར། གྲོང་ཁྱེར་གཞུང་དྲང་བདེན་དཔང་ཁྲུའུ་ཡི་ལས་དོན་མི་སྣ་གདན་ཞུ་བྱས་ཏེ། རྟིང་རྩོད་ཀྱི་སྐར་རྒྱག་དང་ཨང་རིམ་དཔྱད་བཤེར་སོགས་ས་ཡུལ་དངོས་ནས་ལྟ་སྐུལ་བྱས་པར། འགྲན་བསྡུར་གྱི་མཇུག་འབྲས་ཀྱི་དབང་གྲགས་དང་ཚད་ལྡན་འགན་ལེན་ཐུབ་ཡོད།

འགྲན་བསྡུར་ནང་། འགྲན་ཞུགས་པ་ཡོངས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་བརྗོད་དོན་གཙོ་བོར་དམ་ཟབ་དམིགས་ཐོག རང་སོ་སོའི་འཚར་ལོངས་མྱོང་བརྒྱུད་དང་། རྒྱུན་གཏན་འཚོ་བ་དང་སློབ་སྦྱོང་། ལས་གནས་ཐོག་གི་ལག་ལེན་ཉམས་མྱོང་དང་ཉེ་འཁོར་མིག་དཔེའི་མཛད་རྗེས་བཅས་དང་ཟུང་འབྲེལ་བྱས་ཏེ། བརྩེ་བ་ཟབ་མོ་དང་། དངོས་དཔེ་གསོན་པོ། སྙན་པའི་ཚིག་འགྲོས་བཅས་ལས། མི་རིགས་ཁག་དབར་སྤུན་ཟླ་ལྟ་བུའི་མཛའ་བརྩེ་དང་མཐུན་སྒྲིལ་རོགས་རེས་ཀྱི་གཏམ་རྒྱུད་ལྷུག་པོར་སྒྲོགས་ནས། དུས་རབས་གསར་པའི་མི་རིགས་མཐུན་སྒྲིལ་གྱི་ངེས་དོན་ཟབ་མོ་དང་དོན་དངོས་པོའི་དོན་སྙིང་ལ་འགྲེལ་པ་གསལ་པོ་འཐེན་ཡོད།

བསོད་ནམས་དོན་གྲུབ་ཀྱིས་བསྒྱུར། བསོད་བདེ་ལོས་ཞུས།

རྩ་གཉིས་ཨང་རྟགས་བཤེར་ནས་ལྷོ་ཁའི་འགྲེམས་བསྒྲགས་འཕྲིན་སྟེགས་ལ་དོ་ཁུར་མཛོད།

པར་ལེན་མཁན། ཡེ་ཤེས་དབང་མོ། པར་ངོས་ཇུས་འགོད། བདེ་སྐྱིད་དཔལ་སྒྲོལ།

放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:视觉山南
སེ་འབྲུའི་མེ་ཏོག་རབ་མཛེས་མ་འོངས་ཕྱོགས་། ལྔ་ཚན་བཅོ་ལྔ་པ་ལ་ལང་ཚོས་མཆོད་།