第02版:综合新闻 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
| 山南网首页 |
2026年5月18日 星期
下一篇 4 放大 缩小 默认
སྔོན་ལ་ཚོད་ལྟ་བསྟར་བས་དཀའ་གནད་སེལ། གཞུང་ལམ་མ་བུ་ཟུང་གི་རྣམ་པ་གསར།
སྣེ་གདོང་ཆུས་ཀྱི་ཤེས་དཔལ་གྲོང་གཏོད་ལས་དོན་སྐས་རིམ་གསར་པར་ཕྱོགས་པའི་སྐོར་བཀོད་པ།
 

ཤེས་དཔལ་ནི་གྲོང་ཁྱེར་གཅིག་གི་བདེ་སྐྱིད་ལ་རེ་བའི་གཞི་ཚོན་དེ་ཡིན་ལ། སྤུས་མཐོའི་འཕེལ་རྒྱས་ལ་ཕྱོགས་པའི་ནང་གནས་འདེགས་སྐྱོར་དེའང་ཡིན། ལྷོ་ཁ་གྲོང་ཁྱེར་གྱིས་ཕྱོགས་ཡོངས་ནས་རྒྱལ་ཡོངས་ཤེས་དཔལ་གྲོང་ཁྱེར་འཛུགས་གཏོད་སྐབས་བརྒྱད་པའི་ལས་དོན་སྤེལ་ཚུན། སྣེ་གདོང་ཆུས་ཨུད་དང་ཆུས་སྲིད་གཞུང་གིས་གྲོང་ཁྱེར་ལྟེ་བར་གནས་པའི་འགན་འཁྲི་ཕྲག་ཐོག་ཏུ་ཡག་པོ་འཁུར་ཐོག འཛུགས་གཏོད་ཀྱི་དམིགས་ཚད་ལས་འགན་ཁག་ལ་དམ་ཟབ་དམིགས་ཏེ། གཞུང་ལམ་མ་བུ་གནས་ཁུལ་ཁོར་ཡུག་བཅོས་སྒྲིག་ནང་འཕྲད་པའི་འགག་གནད་དཀའ་གནད་བལྟོས་ནས། མགོན་བུ་ལམ་ཉིད་ཚོད་ལྟའི་ལག་ལེན་བསྟར་ས་བྱས་ཤིང་། གནད་དོན་ཁྲིད་ཕྱོགས་མཐའ་འཁྱོངས་དང་། དམིགས་འབེན་ལ་ཤུགས་འདོན། གཅིག་གྱུར་བཀོད་སྒྲིག་བཅས་ལ་བརྟེན་ནས་མི་ཐབས་འགོག་ཟོན་དང་། དངོས་རྫས་ཀྱི་འགོག་ཟོན། ལག་རྩལ་གྱི་འགོག་ཟོན་བཅས་གཞི་གཅིག་གནས་གསུམ་ཚང་བའི་ཕྱོགས་བསྡུས་བཅོས་སྐྱོང་དཔེ་གཞི་ཆགས་རྒྱུར་སྐུལ་སྤེལ་བཏང་བས། དེ་སྔ་མང་ཚོགས་ཚོས་བཏོན་པའི་གནད་དོན་ཐག་གཅོད་ཐུབ་ནས་ད་ལྟ་ཤེས་དཔལ་དཔེ་མཚོན་ལམ་ཐིག་ཏུ་འཕོ་འགྱུར་མངོན་སུམ་བྱུང་ཡོད་ལ། གྲོང་གཏོད་ལས་དོན་སྤེལ་ཕྱོཌ་ལའང་སྲ་ཞིང་བརྟན་པའི་གོམ་སྟབས་སྤོ་ཐུབ་པ་བྱུང་ཡོད། ད་ལོའི་ཟླ་4པ་ནས་བཟུང་། མགོན་པོ་ལམ་ཐིག་གནས་ཁུལ་དུ་འཕྲུལ་སྒུལ་མིན་པའི་འཁོར་རིགས་གང་བྱུང་དུ་འཇོག་རིགས་འབུར་ཐོན་གནད་དོན་ལ་དམ་ཟབ་དམིགས་ཏེ། སྣེ་གདོང་ཆུས་གྲོང་གཏོད་གཞུང་ལས་ཁང་གིས་འབྲེལ་ཡོད་སྡེ་ཚན་ཁག་དང་མཉམ་འབྲེལ་ཐོག འཕྲུལ་སྒུལ་འཁོར་རིགས་འཇོག་གནས་འཆར་འགོད་ཚན་རིག་དང་མཐུན་པ་བྱས་ཡོད་པ་མ་ཟད། ཁྲིད་སྟོན་བརྡ་ཡིག་གསལ་ཆ་ཆེ་སར་རིམ་པས་སྦྱར་བ་མ་ཟད། གྲོང་མི་ཚོས་འཁོར་རིགས་སྒྲིག་སྲོལ་བཞིན་ཚད་ལྡན་དུ་འཇོག་རྒྱུར་ངང་རྒྱུད་རིང་པོས་ཁྲིད་སྟོན་བྱས་མཐར། འབྱུང་རྩ་ནས་འཁོར་རིགས་འཇོག་དཀའ་བའི་གནད་དོན་དང་གང་བྱུང་དུ་འཇོག་པའི་སྣང་ཚུལ་ཐག་གཅོད་ཡག་པོ་ཐུབ་ཡོད་པ་རེད། གཙོ་གནད་ལམ་དུམ་དུ་འཇབ་ལྟའི་མ་ལག་སྒྲིག་ཆས་བསྒར་ཡོད་ཅིང་། གྲངས་གཞི་ཅན་གྱི་ལྟ་འདོམས་ལས་སྟེགས་ལ་བརྟེན་ནས་འཁོར་རིཌ་སྒྲིག་འགལ་གྱིས་འཇོག་པའི་གནས་ཚུལ་བརྙན་པར་དུ་ཕབ་ཐོག སྐད་བརྡའི་དྲན་སྐུལ་སྦྲགས་མར་སྤེལ་བས། དོ་དམ་ཕན་ནུས་ཅན་དང་ཚགས་ཚུད་ཅན་དུ་འགྱུར་ཡོད་པ་རེད། དུས་མཚུངས། ལས་བྱེད་པ་སྒྲིག་འཛུཌ་བྱས་ནས། ལམ་མདོ་ཁ་རུ་གཤམ་སྐྱོད་ལྟ་སྐུལ་བྱེད་དུ་བཅུག་སྟེ། ཤེས་དཔལ་ལ་ཁྲིད་སྟོན་དང་ཡ་རབས་ལ་ཁྲིད་སྐུལ་བྱེད་པའི་དང་བླངས་ཞབས་ཞུ་སྤེལ་བས། མི་ཐབས་འགོག་ཟོན་གྱི་མཐིལ་རྟོགས་མངོན་འགྱུར་བྱུང་ཡོད་པ་རེད། སྣེ་གདོང་ཆུས་གྲོང་གཏོད་གཞུང་ལས་ཁང་གི་ལས་དོན་པ་བསོད་ནམས་བསྟན་འཛིན་གྱིས། ང་ཚོས་མགོན་བུ་ལམ་ཐིག་གནས་ཁུལ་དུ་འཕྲུལ་སྒུལ་མིན་པའི་འཁོར་རིགས་འཇོག་གནས་གསར་སྣོན་བྱས་པའི་ཁར། ཁྲིད་སྟོན་བརྡ་ཡིག་གསལ་ཆ་ཆེ་སར་སྦྱར་ཏེ། གྲོང་མི་ཚོས་འཁོར་འཇོག་སྒྲིག་སྲོལ་ལྟར་འཇོག་རྒྱུར་ཁྲིད་སྟོན་བྱེད་བཞིན་ཡོད། དུས་མཚུངས། འགྲུལ་བཞུད་ལམ་ལ་ཞུགས་ནས་སྐོར་ཞིབ་རྒྱུན་གཏན་སྤེལ་རྒྱུ་མཐའ་འཁྱོངས་བྱས་ཏེ། སྒྲིག་འགལ་འཁོར་འཇོག་བྱེད་མཁན་ལ་ངང་རྒྱུད་རིང་པོས་སློབ་གསོ་བརྒྱབ་ནས་འཁོར་འཇོག་ཚད་ལྡན་ཡོང་རྒྱུར་རམ་འདེགས་བྱས་པས། མང་ཚོགས་ཚོས་རང་འགུལ་ངང་ཡ་རབས་འཁོར་འཇོག་བྱེད་པའི་གོམས་གཤིས་བཟང་པོ་འཇགས་རྒྱུར་ཁྲིད་སྟོན་ཧུར་ཐག་བྱུང་ཡོད། ད་ལྟའི་ཆར། སྒྲིག་སྲོལ་གོ་རིམ་བཞིན་འགྲུལ་བཞུད་བྱེད་ཕྱོགས་ཐད་ལེགས་བཅོས་མངོན་གསལ་བྱུང་ཡོད་ལ། མང་ཚོགས་ཚོས་རང་རྟོགས་ཀྱིས་འཁོར་འཇོག་ཚད་ལྡན་བྱེད་པའི་འདུ་ཤེས་ཀྱང་མཐོ་རུ་སོང་འདུག་ཅེས་གླེང་། ཚོང་དུད་བསྟན་འཛིན་གྱིས་མྱོང་ཚོར་ཆེན་པོས། དེ་སྔ་ཡིན་ན། ཚོང་ཁང་གི་སྒོ་འགྲམ་དུ་འཁོར་རིགས་ཆེ་ཆུང་སྣ་ཚོགས་གང་བྱུང་དུ་བཞག་པས། སྐུ་མགྲོན་ཚོའི་འགྲོ་སྐྱོད་ལ་ཤུགས་རྐྱེན་ཐེབས་ཀྱི་འདུག ད་ལྟའི་ཆར། འཁོར་རིགས་འཇོག་གནས་འཆར་འགོད་འཐུས་ཚང་བྱས་ཡོད་པས། བལྟས་ན་གྲལ་འགྲིག་པའི་ཁར་འགྲུལ་བཞུད་ཁོར་ཡུག་ཡག་ཏུ་ཕྱིན་སོང་། ཁོར་ཡུག་ཡག་ཏུ་སོང་བས། ང་ཚོའི་ཚོང་ཡང་ཉིན་རེ་ལས་མི་འདས་པར་ཡག་ཏུ་ཡག་ཏུ་རེད། རྗེས་སོར། ངས་རང་འགུལ་གྱིས་སྒོ་འགྲམ་འགན་ལེན་གསུམ་གྱི་ལས་ཀ་ཏན་ཏིག་བསྒྲུབ་ཐོག རྒྱལ་ཡོངས་ཤེས་དཔལ་གྲོང་ཁྱེར་འཛུགས་གཏོད་ཆེད་དུ་རང་ནུས་ཅི་ཡོད་འབུལ་རྒྱུར་བརྩོན་གྱི་ཡིན་ཞེས་བརྗོད། གྲོང་མི་བསོད་ནམས་རིན་ཆེན་གྱིས། ད་ལྟའི་འཁོར་རིགས་འཇོག་གནས་གང་དུ་ཡོད་མེད་འཚོལ་དགོས་མེད་པར་གསལ་ཐག་གཅོད་འདུག གྲོང་ཁྱེར་འདི་འཚོ་གནས་བྱེད་མཁན་གྱི་གྲས་ཤིག་ཡིན་པའི་ངོས་ནས། ང་ཚོས་རང་ཉིད་ནས་འགོ་བཙུགས་ཏེ་འཁོར་རིགས་ཚད་ལྡན་འཇོག་པ་དང་། ཡ་རབས་མིན་པའི་བྱེད་སྤྱོད་ལ་རང་རྟོགས་ཀྱིས་སློབ་གསོ་རྒྱག་པ་བཅས་བྱས་ནས། ང་ཚོའི་གྲོང་ཁྱེར་ལ་མཉམ་དུ་སྲུང་སྐྱོང་ཡག་པོ་བྱ་དགོས་སྙམ་ཞེས་གླེང་། ཚོད་བསྟར་ས་ཚིགས་སྐུལ་སྤེལ་ལས་དོན་སྤེལ་བའི་ཁྲོད། མགོན་པོ་ལམ་ཐིག་གནས་ཡུལ་དུ་སྤྱི་ཕན་དྲིལ་བསྒྲགས་ཀྱི་བརྡ་ཆ་དང་། ཡ་རབས་འགྲུལ་བཞུད་དང་འཁོར་འཇོག་ལ་སྐུལ་བའི་འཕྲེད་འགེལ་སྦྱར་ཡིག་བཀལ་ནས། ཤེས་དཔལ་གྲོང་ཁྱེར་གཏོད་པའི་ཁོར་ཡུག་བཟང་པོ་བསྐྲུན་ཡོད། ཕྱོགས་བསྡུས་བཅོས་སྐྱོང་ལས་དོན་གཅིག་སྡུད་དུ་སྤེལ་བ་བརྒྱུད། ལམ་ངོས་གཙང་ཞིང་། འཁོར་འཇོག་ཚད་ལྡན། ཁོར་ཡུག་ལེགས་གཏོང་དྲིལ་བསྒྲགས་སོགས་ཀྱི་ལས་དོན་ལ་ཕན་འབྲས་ཡག་པོ་ཐོན་ཡོད་པ་དང་། གྲོང་མི་ཚོའི་འགྲུལ་བཞུད་ཡ་རབས་འདུ་ཤེས་མཐོར་འདེགས་རྒྱུན་མཐུད་སོང་བའི་ཁར། ཤེས་དཔལ་སྲོལ་བཟང་མཉམ་སྐྲུན་མཉམ་སྤྱོད་རིམ་པས་དར་སྤེལ་ཤུགས་ཆེན་བྱུང་ཡོད་པ་རེད། ཤེས་དཔལ་འཛུགས་གཏོད་རྒྱུན་འཁྱོངས་པ་བྱ་རྒྱུ་ནི་དོན་དམ་རེད། གོམ་སྟབས་རྗེས་མར། སྣེ་གདོང་ཆུས་ཀྱིས་མགོན་པོ་ལམ་དུ་གྲོང་གཏོད་ཚོད་བསྟར་ལས་དོན་གྲུབ་འབྲས་སྲ་བརྟན་དུ་བཏང་སྟེ། ཉམས་མྱོང་ཕྱོགས་བསྡོམ་བྱས་ནས་ལས་སྒྲུབ་དཔེ་གཞི་ས་ཚུགས་གཅིག་ནས་ཀུན་ལ་འཕྲོ་སྐྱེད་ཐུབ་རྒྱུར་ཁྲིད་སྐུལ་བྱ་རྒྱུ་དང་། ཤེས་དཔལ་སྲོལ་བཟང་དེ། ཡར་ཀླུང་ས་གཞི་ཆེ་མོའི་ཐོག་རྩ་བ་རྒྱས་ཤིང་འབྲས་བུ་གཏགས་རྒྱུར་བརྩོན་ནས། བདེ་སྡོད་སྐྱིད་འཚོའི་གྲོང་ཁྱེར་འདུ་འགོད་ལ་གཞི་ཚོན་བཀྲག་འཚེར་བ་ཞིག་གཏོང་རྒྱུ་དེའོ། །

བསོད་ནམས་དོན་གྲུབ་ཀྱིས་བསྒྱུར། བསོད་བདེ་ལོ་ཡིས་ཞུས།

འདི་ནི་འགྲོ་འོང་བྱེད་མཁན་འཁོར་རིགས་ཀྱིས་གྲོང་ཁུལ་གྱི་ཡ་རབས་ལྡན་པའི་འགྲིམ་འགྲུལ་སྒྲིག་ལམ་སྲུང་་བཞིན་པ།

下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:视觉山南
སྔོན་ལ་ཚོད་ལྟ་བསྟར་བས་དཀའ་གནད་སེལ། གཞུང་ལམ་མ་བུ་ཟུང་གི་རྣམ་པ་གསར།
ཡར་ཀླུང་བསྡུས་འཕྲིན།