第02版:综合新闻 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
| 山南网首页 |
2026年5月6日 星期
3 上一篇  下一篇 4 放大 缩小 默认
ཟངས་རི་རྫོང་གི་གཙོ་གནད་རྣམ་གྲངས་4 དུས་གཅིག་ཏུ་ལག་ལེན་བསྟར་འགོ་ཚུགས་པ།
ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར་1.8ལྷག་ཙམ་བཏང་བ།
 

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། ཟངས་རི་རྫོང་གིས་འོལ་ཁ་ཆུ་ཚན་མཛེས་ལྗོངས་ཁུལ་གྱི་རྣམ་གྲངས་ཕྱོགས་ཡོངས་ནས་ལས་འགོ་ཚུགས་པ་དང་གཅིག་སྡུད་བཤིག་སྤོ་བྱེད་པའི་མཛད་སྒོ་འཚོགས་ཤིང་། ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར་1.8ལྷག་ཙམ་བཏང་བའི་གཙོ་གནད་རྣམ་གྲངས་4དུས་གཅིག་ཏུ་ལག་ལེན་བསྟར་འགོ་ཚུགས་པ་དེ་ཐོག་ནས་རྫོང་ཡོངས་ཀྱི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་འཕེལ་རྒྱས་དེ་སྤུས་འབྲས་ལེགས་གཉེར་གྱི་དུས་མཚམས་གསར་པར་སླེབས་པ་མཚོན་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་དུས་གཅིག་ཏུ་ལག་ལེན་བསྟར་འགོ་ཚུགས་པའི་གཙོ་གནད་རྣམ་གྲངས་4ཡི་ནང་། ཡུལ་སྐོར་གྱི་སྤྱི་པའི་ཞབས་ཞུའི་ལྷན་སྦྱར་སྒྲིག་བཀོད་དང་། འགྲོ་ལམ་གྱི་རྨང་གཞིའི་སྒྲིག་བཀོད་སྤུས་ཚད་མཐོར་གཏོང་། མིའི་འཚོ་སྡོད་ཁོར་ཡུག་ལེགས་གཏོང་། རིག་གནས་ཡུལ་སྐོར་མཉམ་འདྲེས་རིམ་སྤོར་སོགས་ཀྱི་ཁྱབ་ཁོངས་ཚུད་ཡོད། དེའི་ནང་ཧུའུ་ནན་གཡོད་དབྱང་གིས་མ་དངུལ་སྒོར་ཁྲི་3000བཏང་ནས་རོགས་སྐྲུན་བྱས་པའི་ཡུལ་སྐོར་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས(དུས་ཐེངས་དང་པོ)ཀྱིས་སྨི་ངོས་གྲུ་4000ལྷག་ཙམ་ཡོད་པའི་སྤྱི་པའི་ཞབས་ཞུའི་ལྟེ་གནས་ཤིག་བསྐྲུན་ནས་ཡུལ་སྐོར་བར“གཅིག་འཐུས་རྣམ་པའི”སྤུས་ཚད་མཐོ་བའི་ཞབས་ཞུ་མཁོ་འདོན་དང་། S507མཁར་སྣ་གྲོང་ཚོ་ནས་ཚོད་པ་གྲོང་ཚོ་བར་གྱི་སྤུས་ཚད་ལེགས་གཏོང་སྒྱུར་བཀོད་ལས་གྲྭས་སྤྱི་ལེ་4.3ཡོད་པའི་ཞིང་ཆེན་ལམ་དེ་རིམ་མཐོའི་ཡུལ་སྐོར་གཞུང་ལམ་དུ་རིམ་སྤོར་བྱས་ཏེ་མཛེས་ལྗོངས་ཁུལ་དང་ཕྱི་ཕྱོགས་འབྲེལ་མཐུད་བྱེད་པའི་ལམ་བུ་ཤར་གཏོང་། ཞོལ་པ་གྲོང་ཚོའི་ཡུལ་སྐོར་རིམ་སྤོར་འཛུགས་སྐྲུན་རྣམ་གྲངས་ཀྱིས་ཡུལ་མིའི་སྡོད་ཁང་དུད་ཚང་83གྱི་སྔར་ཡོད་སྡོད་ཁང་བསྐྱར་སྐྲུན་དང་སྒྱུར་བཀོད་བྱས་ནས“ཡུལ་མིའི་སྡོད་ཁང་དམངས་སྲོལ་གནས་ཚང་དུ་སྒྱུར་བ་དང་ཞིང་པའི་སྡོད་ཁང་མགྲོན་ཁང་དུ་བསྒྱུར”ཏེ་མང་ཚོགས་ཚོས་ཁྱིམ་གྱི་སྒོ་རྩར་ཡུལ་སྐོར་ཡོང་འབབ་གསོག་ཐུབ་པ་བཅས་བྱ་རྒྱུ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་། འོལ་ཁ་ཆུ་ཚན་མཛེས་ལྗོངས་ཁུལ་སྔ་རྗེས་སུ་རང་སྐྱོང་ལྗོངས་རིམ་པའི་ཡུལ་སྐོར་སྤྲོ་གསེང་ཁུལ་དང་། 3Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ། རང་སྐྱོང་ལྗོངས་རིམ་པའི་ལུས་གསོའི་ཡུལ་སྐོར་རྟེན་གཞི་བཅས་སུ་གྲུབ་འབྲས་ཐོབ་པའི་ངང་འཛུགས་གཏོད་བྱས་ཏེ། སྐྱེ་ཁམས་དམིགས་བསལ་དང་། རིག་གནས་ཡུལ་སྐོར་མཉམ་འདྲེས། དམངས་ཕན་དམངས་ཕྱུག་བཅས་ཀྱི་ཁྱད་ལྡན་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་ཡོད།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:专版
དཔྱིད་ཀ་ཤར་བས་ས་མཐོར་ཨར་སྐྲུན་ལས་ལ་བྲེལ།
ཟངས་རི་རྫོང་གི་གཙོ་གནད་རྣམ་གྲངས་4 དུས་གཅིག་ཏུ་ལག་ལེན་བསྟར་འགོ་ཚུགས་པ།
དུས་ཚིགས་དང་པོར་ལྷོ་ཁ་གྲོང་ཁྱེར་གྱི་ཞིང་དུད་ཀྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་58.53ཟིན་པ།