བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་འཕྲིན་སྟེཊ་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། སྔོན་ཐོན་ལ་གཟེངས་བསྟོད་དང་། དཔེ་མཚོན་གཏོད་པ། དུས་རབས་གསར་པའི་ཀྲུང་གོའི་གཞོན་ནུའི་བསམ་བློ་ཀུན་སྤྱོད་དང་རིན་ཐང་གཉེར་ཕྱོཊ་གཅིག་སྡུད་ཐོག་མངོན་པ་བཅས་བྱ་ཆེད། གུང་གཞོན་སྡེ་ཚོཊ་ཀྲུང་དབྱང་དང་རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོཊ་ཀྱིས་ཀྲི་ཏེ་ཡོན་སོཊ་བློ་མཐུན་29ལ་ཀྲུང་གོའི་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས་སྤྲོད་རྒྱུ་དང་། ཧྲང་ཧའེ་ཡི“དཔེ་མྱུར་བར་མཐོངས”ཀྱི་དཔེ་དབྱིབས་ཆེན་པོའི་གསར་གཏོད་སྐྱེ་ཁམས་སྡེ་ཁུལ་གྱི་གཞོན་ནུའི་ཚོགས་པ་སོགས་གཞོན་ནུའི་མཉམ་སྡེབ་30ལ་(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད)ཀྲུང་གོ་གཞོན་ནུའི་ལྔ་བཞིའི་མཉམ་སྡེབ་གཟེངས་རྟགས་སྤྲོད་རྒྱུ། ཏེའོ་ཤིན་ཡུས་སོགས་བློ་མཐུན་749ལ་དུས་རབས་གསར་པའི་གཞོན་ནུའི་གདོང་ལེན་པའི་མཚན་སྙན་སྤྲོད་རྒྱུ་བཅས་ཀྱི་གཏན་འབེབས་བྱས་འདུག
དེའི་ནང་བོད་ཀྱི་མཉམ་སྡེབ་2དང་མི་སྒེར་མང་པོ་གཟེངས་བསྟོད་ཀྱི་མིང་ཐོར་ཚུད་ཅིང་། ཀྲུང་གོ་ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང“སྐལ་བཟང་མེ་ཏོག”དངུལ་རྩའི་ཞབས་ཞུའི་རུ་ཁག་དང་། བོད་ལྗོངས་རྒྱལ་མཚམས་འཛུལ་གྲོལ་མཐའ་སྲུང་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ལྷོ་ཁ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་གི་ཕུ་མ་བྱང་ཐང་མཐའ་མཚམས་མངགས་གཏོང་ཁང་གི་གཞོན་ནུའི་མཉམ་སྡེབ་ཚུད་འདུག