༄༅། །དཔྱིད་དཔལ་རབ་ཏུ་བཞད་པའི་ཟངས་རི་རུ། །ཞིང་འབྲོག་ལུས་རྩལ་འགྲན་རར་འཁྲུག་ཆས་ཁེངས། ། ལྔ་གཅིག་ངལ་རྩོལ་དུས་ཆེན་འཆར་ལ་ཉེ་བའི་མཚམས་སུ། ཟངས་རི་རྫོང་ཞིང་འབྲོག་མང་ཚོགས་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་ཐོག་མ་གཉེར་བ་རེད།ད་ཐེངས་འགྲན་ཚོགས་ནང་། རྫོང་དེ་ཡོངས་ཀྱི་ཤང་གྲོང་རྡལ་ཁག་ནས་ཡོང་བའི་ཞིང་འབྲོག་པ་204ཡིས་འགྲན་ཚོགས་ནང་ཞུགས་ཏེ། རང་རང་ལུས་ཀྱི་རྩལ་ཅི་ཡོད་འགྲན་འགོ་ཚུགས།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་འགྲན་ཚོགས་ཀྱིས་དམངས་ཡོངས་ལུས་སྦྱོང་དང་། སྲོལ་རྒྱུན་རིག་གནས་དར་སྤེལ། མཉམ་ཤུགས་གཅིག་བསྒྲིལ་བཅས་རྩ་དོན་དུ་བཟུང་བ་དང་། རྩལ་འགྲན་དང་སྤྲོ་འཕེལ་གཉིས་ཀ་མི་འཕྱུག་པར་རྩལ་འགྲན་རྣམ་གྲངས་དང་མི་རིགས་སྲོལ་རྒྱུན་རྣམ་གྲངས་ཆེ་ཁག་གཉིས་ལ་དབྱེ་ཞིང་། འགྲན་བསྡུར་བྱ་གཞི་ཁྱོན་9བཀོད་སྒྲིག་བྱས་ཡོད་པ་རེད། དེའི་ནང་། རྩལ་འགྲན་རྣམ་གྲངས་སུ་སྐྱེས་པའི་ཚོ་ཆུང་དང་བུད་མེད་ཚོ་ཆུང་གི་རྒྱུག་ཤར་སྨི་100ཡི་འགྲན་བསྡུར་དང་། མི་རིགས་སྲོལ་རྒྱུན་རྣམ་གྲངས་སུ་ཐག་འཐེན་དང་། རྡོ་འགྱོགས། རྡོ་སྒོར། གཡག་རྒྱབ། མདའ་འཕེན། ཤོ་རྩེད། ཀེར་རུམ། འུར་རྡོ་བཅས་ཁྱད་ལྡན་འགྲན་བསྡུར་ཁག་8སྤེལ་བ་རེད།
བསོད་ནམས་དོན་གྲུབ་ཀྱིས་བསྒྱུར། བསོད་ཡེ་བདེས་ཞུས།
རྩ་གཉིས་ཨང་རྟགས་བཤེར་ནས་ལྷོ་ཁའི་འགྲེམས་བསྒྲགས་འཕྲིན་སྟེགས་ལ་དོ་ཁུར་མཛོད།
པར་ལེན་མཁན། ཚེ་རིང་ནོར་བུ་ཆེ་བ། བུ་ཐོག
པར་ངོས་ཇུས་འགོད། བདེ་སྐྱིད་དཔལ་སྒྲོལ།