འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་4ཚེས་29ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་ལི་ཧྥུའུ་ཀྲུང་གིས་ཏང་ཡོན་དཀྱུས་མའི་མིང་ཐོག་ནས་རང་ཉིད་གནས་སའི་གྲོང་ཨུད་གཞུང་ལས་ཁང་གི་ཏང་ཀྲི་པུའུ་དང་པོ་དང་། སྣེ་གདོང་ཆུས་སྣེ་གདོང་ཁྲོམ་གཞུང་སེང་གེ་ཐང་སྡེ་ཁུལ་གྱིས་མཉམ་འབྲེལ་ཐོག་སྤེལ་བའི་ཏང་གི་གཙོ་དོན་ཉིན་མོའི་བྱེད་སྒོར་ཞུགས་ནས་ཀྲི་པུའི་ཏང་ཡོན་ཚོ་དང་མཉམ་དུ་རྩ་འཛུགས་ཀྱི་འཚོ་བར་ཞུགས་པ་རེད།
སྡེ་ཁུལ་དུ་ཕེབས་སྐབས་ལི་ཧྥུའུ་ཀྲུང་གིས་ཀྲི་པུའི་ཏང་ཡོན་དང་མཉམ་དུ་ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་དང་། དམངས་ཕན་ཞབས་ཞུ། སྤྱི་ཚོགས་ལས་དོན། ཤེས་དཔལ་གྲོང་གཏོད་སོགས་ཐད་ཀྱི་ཉམས་མྱོང་དང་བྱེད་ཐབས་ལ་ལྟ་སྐོར་དང་སློབ་སྦྱོང་གནང་སྟེ་ས་གནས་ས་ཐོག་ཏུ“དྲ་རྒྱ་གཅིག་དང་ལས་སྟེགས་གཅིག”འཛུགས་སྐྱོང་གནས་ཚུལ་ལ་ལྟ་སྦྱོང་གནང་བ་དང་། ཚང་མས་ནན་ཏན་ངང་འགྲེལ་བཤད་གསན་ཀྱིན་གོ་རིམ་ལྡན་པའི་ངང་ལྟ་སྐོར་གནང་བ་རེད། ལི་ཧྥུའུ་ཀྲུང་གིས་རྒྱ་ཆེའི་ཏང་ཡོན་ཚོས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་དགོས་པ་དང་། ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་བརྟན་པོ་འཛུགས་པ་དང་ལག་ལེན་བསྟར་བ། ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་མཐར་ཕྱིན་བྱེད་པར་སྐུལ་འདེད་ཏན་ཏིག་གཏོང་བ། མང་ཚོགས་ཀྱི་བྲེལ་དཀའ་སྡུག་སྨོན་གནད་དོན་ཐག་གཅོད་གང་ལེགས་བྱས་ནས་མང་ཚོགས་ལ་ཕན་འདོགས་པ་དང་ (པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད)དམངས་སེམས་གསོ་བ། དམངས་ཀྱི་འདོད་བློ་དང་མཐུན་པ་བཅས་ཀྱི་བྱ་བ་བཟང་པོ་མང་ཙམ་སྒྲུབ་ཐོག་དད་སེམས་དེ་བས་བརྟན་པོ་དང་། དངོས་སྒྲུབ་ཀྱི་སྤྱོད་ཚུལ་ཐོག་ནས་ལས་དོན་ཁག་ཡག་པོ་སྒྲུབ་དགོས་པ། དངོས་སྒྲུབ་ཀྱི་བྱས་འབྲས་ལ་བརྟེན་ནས་མང་ཚོགས་ཀྱི་ཐོབ་ཚོར་དང་། སྐྱིད་ཚོར། བདེ་ཚོར་བཅས་རྒྱུན་མཐུད་ངང་ཆེ་རུ་གཏོང་བ་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ལྟ་སྐོར་མཇུག་འགྲིལ་རྗེས། ལི་ཧྥུའུ་ཀྲུང་གིས་ཏང་ཡོན་ཡོངས་དང་མཉམ་དུ་སློབ་སྦྱོང་གནང་བ་དང་། ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་གྱིས་ཚང་མ་དང་མཉམ་དུ་མྱོང་ཚོར་སྤེལ་རེས་གནང་། སློབ་སྦྱོང་ཚོགས་ར་འཁྲུག་ཆ་དོད་ཅིང་། ཚང་མས་གཅིག་རྗེས་གཉིས་མཐུད་ངང་གཏམ་བཤད་སྤེལ། ལི་ཧྥུའུ་ཀྲུང་གིས་ཚང་མའི་གཏམ་བཤད་ནན་ཏན་ངང་གསན་པ་མ་ཟད། འབྲེལ་ཡོད་གནས་ཚུལ་བཀའ་འདྲི་ཡང་གནང་བ་རེད། ལི་ཧྥུའུ་ཀྲུང་གིས“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་འཛུགས་ལོར་ཏང་ཀྲུང་དབྱང་གིས་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོ་བཀོད་སྒྲིག་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་ནམ་ཡང་ཚར་དུས་མེད་པ་དང་། ཏང་གི་རང་ངོས་གསར་བརྗེ་ནམ་ཡང་ཚར་དུས་མེད་པའི་རྣམ་འགྱུར་གསལ་པོ་སླར་ཡང་མངོན་པར་བྱས་ཐོག་སྤྱི་དོན་དུ་ཏང་འཛུགས་པ་དང་དམངས་དོན་དུ་སྲིད་སྐྱོང་བའི་རིན་ཐང་དོན་གཉེར་གང་ལེགས་མངོན་པར་བྱས་ཡོད། སློབ་སྦྱོང་གཏིང་ཟབ་དང་གོ་བ་གཏིང་ཟབ་ལེན་པའི་ཁྲོད་དད་སེམས་བརྟན་དུ་གཏོང་བ་དང་། ཏང་གཤིས་ཆེ་རུ་བཏང་ནས་རང་ཉིད་ཀྱིས་འབད་འབུངས་དངོས་སྒྲུབ་བྱེད་རིང་རང་འགན་གཙང་སྒྲུབ་དང་འགན་འཁྲི་ཁུར་ནས་བྱས་རྗེས་འཇོག་པ་དང་། ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བའི་བསམ་པའི་སྒུལ་ཤུགས་རྒྱུན་ཆད་མེད་པར་བསྡུ་ལེན་བྱེད་དགོས།
ལི་ཧྥུའུ་ཀྲུང་གིས་བླང་བྱ་བཏོན་དོན། སྡེ་ཁུལ་ནི་ཏང་དང་སྲིད་གཞུང་གིས་མང་ཚོགས་དང་འབྲེལ་གཏུགས་དང་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”དེ་ཡིན་པས། ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་དེ་ཐོན་ཁུངས་དང་། དོ་དམ། སྟོབས་ཤུགས་བཅས་གཞི་རིམ་དུ་བསྐྱོད་རྒྱུར་སྐུལ་འདེད་བཏང་ནས་ཏང་གི་ཆབ་སྲིད་ཀྱི་དགེ་མཚན་དང་རྩ་འཛུགས་ཀྱི་དགེ་མཚན་དེ་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་བཅོས་སྒྲིག་གི་དཀའ་གནད་སེལ་བའི་ཕན་ནུས་དངོས་ལ་འགྱུར་བ་བྱས་ཏེ་ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་གི་སྣེ་ཁྲིད་དེ་སྤུས་འབྲས་མཐོ་རུ་གཏོང་དགོས། ཐོག་མཐའ་བར་གསུམ་དུ་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དེ་སྲིད་དོན་ལས་རྗེས་ཆེ་ཤོས་སུ་བརྩིས་ནས་དམངས་ཕན་སྲིད་ཇུས་ཁག་དོན་འཁྱོལ་ཞིབ་ཚགས་བྱེད་དགོས་པ་དང་། ཐབས་བརྒྱ་ཇུས་སྟོང་གིས་དམངས་འཚོའི་མ་མཐའི་མཚམས་ཐིག་བརྟན་པོ་སྲུང་བ། མང་ཚོགས་ཀྱི་ཕྱོགས་སུ་ལངས་ནས་འཕེལ་རྒྱས་དོན་གཉེར་ཇུས་འགོད་མཁས་པོ་དགོས་པ། མང་ཚོགས་ཀྱིས་དོ་ཁུར་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ཐག་གཅོད་ཡག་པོ་བྱས་ཏེ་མང་ཚོགས་ཀྱི་བློ་ལ་བབས་པའི་བྱ་དངོས་གང་མང་སྒྲུབ་དགོས། གཞི་རིམ་ཏང་རྩ་འཛུགས་ཀྱིས་འགོ་ཁྲིད་བྱས་པའི་གཞི་རིམ་མང་ཚོགས་ཀྱི་རང་སྐྱོང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། གཞི་རིམ་རྩ་འཛུགས་ཀྱི་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། དྲ་མིག་ཅན་གྱི་དོ་དམ་དང་། ཞིབ་ཚགས་ཅན་གྱི་ཞབས་ཞུ། ཆ་འཕྲིན་ཅན་གྱི་འདེགས་སྐྱོར་བཅས་ཀྱི་གཞི་རིམ་བཅོས་སྐྱོང་ལས་སྟེགས་འཐུས་སྒོ་ཚང་དུ་གཏོང་དགོས། མང་ཚོགས་ཀྱི་གདེང་འཇོག་དེ་གཞི་འཛིན་ས་གལ་ཆེན་ཞིག་ཏུ་བརྩིས་ནས་ཁྲོམ་གཞུང་དང་སྲང་ལམ་ཁྲོད་ཀྱི་མང་ཚོགས་ཀྱི་བདེ་སྡུག་མང་ཙམ་ཉན་ནས་འཚམས་འདྲིའི་ཁྲོད་ཕན་འབྲས་ལ་ལྟ་བ་དང་། ལན་ཆའི་ཁྲོད་མི་འདང་ས་འཚོལ་བ། མང་ཚོགས་ཀྱི་བསམ་འཆར་གཞིར་བཟུང་དུས་ཐོག་ཏུ་བྱེད་སྟངས་ལེགས་སྒྲིག་དང་བྱ་ཐབས་ལེགས་སུ་གཏོང་བ་བཅས་བྱས་ཏེ་ལག་ལེན་ཁྲོད་གཞི་རིམ་བཅོས་སྐྱོང་གི་ཁ་ཕྱོགས་རྒྱུན་ཆད་མེད་པར་ཚད་ལྡན་བཟོ་བ་དང་བློ་མགུ་ཡི་རངས་མཐོ་རུ་གཏོང་དགོས།
ལི་ཧྥུའུ་ཀྲུང་གིས་ནན་བཤད་གནང་དོན། སྡེ་ཁུལ་ནི་དུད་ཚང་ཁྲི་སྟོང་མང་པོ་དང་འབྲེལ་བ་ཡོད་པས་སྡེ་ཁུལ་གྱི་ལས་ཀའི་འགན་འཁྲི་ཆེ་ལ་གཟི་བརྗིད་ལྡན་ཅིང་ཡུལ་མིའི་ཚོའི་བརྩི་བཀུར་ཐོབ་ཡོད། ན་གཞོན་ཏང་ཡོན་ལས་བྱེད་པས་སྡེ་ཁུལ་དུ་ལས་ཀ་བྱེད་པའི་རྩ་ཆེའི་གོ་སྐབས་ལ་གཅེས་སྤྲས་བྱས་ཏེ་གཞི་རིམ་དུ་གཞི་ཚུགས་པ་དང་། འཐབ་ས་དང་པོར་ཟབ་འཇུག་བྱས་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་། རྙོག་འཛིང་ཆེ་བའི་གནད་དོན་ཐག་གཅོད་བྱེད་པའི་ཁྲོད། དམངས་ཀྱི་འདོད་བློ་རྟོགས་པ་དང་། དམངས་ཀྱི་སེམས་ཁྲལ་སེལ་བའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། གཞི་རིམ་ལས་བྱེད་པར་སྐུལ་ལྕག་དང་གཅེས་སྐྱོང་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། ཆབ་སྲིད་ཀྱི་སྐུལ་ལྕག་དང་། གསོ་སྐྱོང་སྦྱོང་བརྡར། ཐོབ་ཐང་འགན་ལེན། མི་ཆོས་ཀྱི་ཐུགས་ཁུར་བཅས་མངོན་གསལ་དོད་པོ་ཡོང་བ་བྱས་ནས། གཞི་རིམ་ལས་བྱེད་པར་སེམས་ཁུར་དང་གཅེས་སྐྱོང་བྱེད་པའི“ཐབས་མང་མཉམ་སྤྱོད”ལག་ལེན་བསྟར་ནས་གཞི་རིམ་ལས་བྱེད་པས་ལུས་སེམས་གཉིས་ཀ་གནས་ཐུབ་པ་དང་། བློ་བདེ་པོས་ལས་གཏོད་བྱེད་པའི་རྣམ་པ་བཟང་པོ་རྒྱུན་ཆད་མེད་པར་གཏོད་དགོས། སྡེ་ཁུལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་གཞི་རིམ་ལས་དོན་ཁྲོད་ཀྱི་ཉམས་མྱོང་བཟང་པོ་དང་བྱ་ཐབས་བཟང་པོ་དུས་ཐོག་ཏུ་ཕྱོཊ་སྡོམ་དང་ལེཊ་གྲས་སྤེལ་དགོས་པ། སྔོན་ཐོན་གྱི་ཉམས་མྱོང་དང་བྱ་ཐབས་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ། ཡུལ་བབ་དང་བསྟུན་ནས་རིག་ནུས་ཅན་དང་། ཞབས་ཞུ་ཅན། བཅོས་སྐྱོང་ཞིབ་ཚཊ་ཅན་བཅས་ཀྱི་སྡེ་ཁུལ་འཛུཊ་སྐྱོང་ལ་སྐུལ་འདེད་བཏང་སྟེ་གཞི་རིམ་བཅོས་སྐྱོང་གི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས།
ལི་ཧྥུའུ་ཀྲུང་གིས་ནན་བཤད་གནང་དོན། གྲོང་ཨུད་གཞུང་དོན་ཁང་གིས་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་ནས“གཞི་རིམ་དུ་སྐྱོད་པ་བཞི”ཡི་དར་སྲོལ་བཟང་པོ་དར་སྤེལ་ཤུགས་ཆེན་བཏང་སྟེ་བརྟག་དཔྱད་ཞིབ་འཇུག་བྱ་རྒྱུ་དེ་མང་ཚོགས་དང་འབྲེལ་བ་དང་ཞབས་འདེགས་ཞུ་བའི་ཐབས་ལམ་གལ་ཆེན་ཞིག་ཏུ་བརྩིས་ནས་གཞི་རིམ་དང་འཐབ་ཕྱོགས་དང་པོར་བསྐྱོད་ཐོག་གཞི་རིམ་གྱི་ལག་ལེན་ཁྲོད་རྒྱུན་ཆད་མེད་པར་འཇོན་ཐང་ཆེ་རུ་གཏོང་བ་དང་། ལས་ཀའི་དམིགས་ས་དང་ཁ་བཤོ་འབིགས་ས་འཚོལ་དགོས། ཏང་ཡོན་འགོ་ཁྲིད་ལས་བྱེད་པས་རྩ་འཛུགས་ཀྱི་འཚོ་བའི་ལམ་ལུགས་ཉིས་བརྩེགས་དོན་འཁྱོལ་ནན་ཏན་བྱས་ཏེ། རང་ཉིད་གནས་སའི་ཏང་ཀྲི་པུའུ་ཡི་བྱེད་སྒོ་ཁག་ལ་སྣེ་ཁྲིད་ཀྱིས་མིག་དཔེའི་ནུས་པ་འདོན་སྤེལ་བྱེད་དགོས། ཚད་གཞི་ནན་པོ་དང་། སྒྲིག་ཁྲིམས་ནན་པོ། སྤྱོད་ཚུལ་ནན་པོ་བཅས་ལས་ཀའི་ཐོག་མཐའ་བར་གསུམ་དུ་ཁྱབ་འགྱེད་བྱས་ཏེ་གཟབ་ནན་དང་། གནད་ལ་འཁེལ་བ། ཁྱོན་ཡོངས། ཚན་རིག་དང་མཐུན་པ་བཅས་ཀྱི་རྣམ་འགྱུར་ཐོག་ནས་ལས་དོན་ཁག་ཡག་པོ་སྒྲུབ་དགོས་པ་དང་། གཟབ་ནན་ཞིབ་ཚགས་དང་། འགན་འཁྲི་ནན་འཁུར། ཏན་ཏིག་ཏན་ཏིག། དངོས་ཐོག་བདེན་འཚོལ་བཅས་ཀྱི་སྒོ་ནས་ཞིབ་ཕྲའི་གནད་དོན་ཐག་གཅོད་བྱས་ཐོག་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེན་པོས་ལས་དོན་ཁག་ཡག་པོ་སྒྲུབ་དགོས་སོ།
གྲོང་ཨུད་རྒྱུན་ཨུ། དྲུང་ཆེ་ཉིའུ་ཁུན་ཏང་ཡོན་དཀྱུས་མའི་མིང་ཐོག་ནས་ལྷན་དུ་ཞུགས་པ་རེད།།
བསོད་ནམས་བསྟན་པས་བསྒྱུར། བསོད་ཡེ་བདེས་ཞུས།