第03版:综合新闻 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
ལི་ཧྥུའུ་ཀྲུང་གིས་གྲོང་ཨུད་རྒྱུན་ཨུའི་ཚོགས་འདུ་གཙོ་སྐྱོང་གནང་ནས་ སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་དུས་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་དགོངས་དོན་བརྒྱུད་བསྒྲ@
གྲ་ནང་རྫོང་རྒྱལ་ཁབ་རིམ་པའི་ནས་སོན་ཐོན་སྐྱེད་རྫོང་ཆེ་གྲས་ལ་བདམས་པ།
ལི་ཧྥུའུ་ཀྲུང་གིས་རང་གནས་སའི་ཏང་ཀྲི་པུའི་ཏང་གི་གཙོ་དོན་ཉིན་མོའི་བྱེད་སྒོར་ཞུགས་སྐབས་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་བརྟན་པོ་འཛུགས་པ་དང་ལག་ལེན་བསྟར་ནས་མང་ཚོགས་ཀྱི་བྲེ@
| 山南网首页 |
2026年5月4日 星期
下一篇 4 放大 缩小 默认
ལི་ཧྥུའུ་ཀྲུང་གིས་གྲོང་ཨུད་རྒྱུན་ཨུའི་ཚོགས་འདུ་གཙོ་སྐྱོང་གནང་ནས་ སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་དུས་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ།
 

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཨུད་ཀྱི་ཧྲུའུ་ཅི་ལི་ཧྥུའུ་ཀྲུང་གིས་གྲོང་ཨུད་རྒྱུན་ཨུད་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་དུས་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་ནན་ཏན་སྒོས། ཀྲུང་དབྱང་གི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་ཐོག ལག་བསྟར་དོན་འཁྱོལ་ལས་དོན་ལ་ཞིབ་འཇུག་བཀོད་སྒྲིག་གནང་བ་རེད། ཚོགས་འདུས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམག་ཡོངས་ཀྱི་མཐོ་རིམ་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭའི་སློབ་འགོ་ཚུགས་པའི་མཛད་སྒོའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་ཆབ་སྲིད་རང་བཞིན་དང་། བསམ་བློའི་རང་བཞིན། མཛུབ་སྟོན་རང་བཞིན་བཅས་ཆེས་ཆེར་ལྡན་པས། གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ཏང་ཨུད་དང་ཏང་ཙུའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་ཏེ། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་ཐོག ཏང་གི་གསར་གཏོད་རིགས་གཞུང་སྤྱད་ནས་ཕུགས་བསམ་དད་འདུན་ལ་དྲག་ཆས་སྤྲོས་རྒྱུ་མཐའ་འཁྱོངས་བྱས་ནས། རིགས་གཞུང་ཐད་ཀྱི་རིག་པ་དྭངས་གསལ་ལ་བརྟེན་ནས་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་འཁྱོངས་ཐུབ་པ་བྱེད་དགོས། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་དམ་ནན་དུ་བཏང་སྟེ། གནད་དོན་ཁྲིད་སྟོན་མཐའ་འཁྱོངས་བྱེད་དགོས་པ་མ་ཟད། སྦྱོང་བཤེར་བཅོས་གསུམ་གཞི་གཅིག་ཅན་དུ་སྐུལ་འདེད་བཏང་སྟེ། དངོས་ཡོད་གནས་ཚུལ་བརྗོད་པ་དང་། གཞན་ཕན་སྐྱོན་བརྗོད། འཐབ་འཛིང་ཕོད་པ་བཅས་ཀྱི་ཁོར་ཡུག་བསྐྲུན་དགོས། དམངས་ཆེད་བདེ་རྩ་བསྐྲུན་ཏེ། མི་དམངས་ཀྱི་ལངས་ཕྱོགས་སུ་བརྟན་པོ་ལངས་ཐོག སྲིད་དོན་དམངས་ལ་འདྲི་བ་དང་། མཁོ་དགོས་དམངས་ལ་འདྲི་བ། ཕན་འབྲས་དམངས་ལ་འདྲི་བ་བཅས་བརྒྱུད། མང་ཚོགས་ཀྱི་བྲེལ་དཀའ་སྡུག་སྨོན་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས། ཕྱོགས་ཡོངས་ནས་ཏང་ནན་པོས་བསྐྱངས་ཏེ། བསམ་སྤྱོད་ནོར་འཁྲུལ་ཅན་དང་འཐབ་འཛིང་མཐའ་གཅིག་ཏུ་བྱེད་དགོས། ཁྲིམས་སྲོལ་དང་ལམ་ལུགས་མདུན་དུ་ཚང་མ་འདྲ་མཉམ་ཡིན་པ་མཐའ་འཁྱོངས་བྱས་ཏེ། ཁྲིམས་དང་སྒྲིག་སྲོལ་ཤེས་པ་དང་། སྒྲིག་ཁྲིམས་སེམས་ལ་ཡོད་པ། འཇིགས་བཀུར་ཤེས་པ་བཅས་བྱེད་དགོས། ཚོགས་འདུས་ནན་བཤད་གནང་དོན། ཞབས་ཞུའི་ལས་རིགས་ནི་རྒྱལ་དམངས་དཔལ་འབྱོར་གྱི་ཐོན་ལས་ཆེ་ཤོས་དང་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་སྒུལ་ཤུགས་གཙོ་བོ་དེ་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་སྐོར་ལ་ (པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད)གནང་བའི་མཛུབ་སྟོན་གལ་ཆེན་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་གོ་བ་ཡག་པོ་བླངས་ཏེ། རང་འགུལ་ངང་ཞབས་ཞུའི་ལས་རིགས་འདི་ཉིད་གནས་བབ་གལ་ཆེན་ཐོག་འཇོག་དགོས་པ་དང་། རྒྱལ་ཡོངས་ཀྱི་ཞབས་ཞུའི་ལས་རིགས་ཀྱི་འདུ་ཚོགས་ཆེན་པོའི་གོ་སྐབས་གསར་པར་དམ་འཛིན་ལྷོད་མེད་བྱས་ནས། སྤུས་ཚད་མཐོར་འདེགས་དང་ཕན་ནུས་འཕྲོ་སྐྱེད་ཐུབ་པ་བྱ་རྒྱུ་ཐབས་ལམ་དུ་བཟུང་སྟེ། ངེད་གྲོང་ཁྱེར་གྱི་ཞབས་ཞུའི་ལས་རིགས་འདི་ཉིད་སྤུས་ཚད་མཐོ་བ་དང་ཕན་ནུས་ཆེ་བའི་ཕྱོགས་སུ་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས། དངོས་གཞིའི་དཔལ་འབྱོར་གྱི་མཁོ་དགོས་ལ་དམིགས་ནས་ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུའི་ལས་རིགས་དག་རྩེར་སོན་ཅན་ལ་ཕྱོགས་ནས་འཕེལ་རྒྱས་གཏོང་དགོས་པ་དང་། ཡུལ་མིའི་འཚོ་བའི་དགོས་མཁོར་དམིགས་ནས་ཞབས་ཞུའི་ལས་རིགས་དེ་ཉིད་འཕོ་འགྱུར་གསར་པར་ཕྱོགས་དགོས། ཕྱོགས་ཡོངས་ནས་ཞབས་ཞུའི་ལས་རིགས་ཁྱབ་ཁོངས་སུ་བསྒྱུར་བཅོས་འགག་སྒྲོལ་མཐའ་འཁྱོངས་བྱས་ཏེ། ཞབས་ཞུའི་གྲུབ་ཆ་འཁོར་རྒྱུག་གང་བདེར་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། ཚན་རྩལ་ནུས་སྐྱེད་མཐའ་འཁྱོངས་བྱས་ཏེ། བཟོ་ལས་ལག་རྩལ་དང་། ཞབས་ཞུའི་རྩལ་ནུས། གྲངས་རྟགས་ལག་རྩལ་སོགས་སུ་ཚན་རྩལ་གྱི་གྲུབ་འབྲས་བཀོལ་སྤྱོད་དང་མཉམ་འདྲེས་གཏིང་ཟབ་ཡོང་བ་བྱས་ཏེ། ཞབས་ཞུའི་ལས་རིགས་ཀྱི་སྤུས་འབོར་ལུགས་མཐུན་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། སྒོ་དབྱེའི་མཉམ་ལས་མཐའ་འཁྱོངས་བྱས་ཏེ། ཕྱི་ཕྱོགས་དང་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། ཞབས་ཞུའི་ལས་རིགས་འདི་ཉིད་མཉམ་ལས་སྤེལ་རེས་ཁྲོད་གང་ཅིའི་ཐད་འཕེལ་རྒྱས་ཀྱི་ཆུ་ཚད་གསར་པ་ཞིག་ཏུ་སླེབས་རྒྱུར་འབད་བརྩོན་ཧུར་ཐག་བྱེད་དགོས། ཚོགས་འདུས་བསྟན་དོན། དབྱི་ཝུའུ་འཕེལ་རྒྱས་ཉམས་མྱོང་ནི། ཡུལ་བབ་དང་བསྟུན་ནས་རྫོང་ཁོངས་དཔལ་འབོར་འཕེལ་རྒྱས་ཡག་པོ་བཏང་བའི་ལག་ལེན་འཕྱུག་པ་མེད་པ་ཞིག་དང་། ཚོང་ཟོག་ཆུང་གྲས་ཁྲོམ་ར་ཆེ་ཁག་ཏུ་བྲིན་ཁ་རྒྱུག་པོ་ཡོད་པ་དང་ཐོན་ལས་ཆེ་གྲས་འཛུགས་སྐྱོང་བདེ་བླག་བྱུང་བའི་དཔེ་མཚོན་ཉམས་མྱོང་མངོན་གསུམ་ལ་བརྟེན་པ་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབྱི་ཝུའུ་འཕེལ་རྒྱས་ལ་མཐོང་ཆེན་གནང་སྟེ། ཀྲེ་ཅང་དུ་ཕྱག་ལས་གནང་སྐབས་སུའང་དབྱི་ཝུའུ་རུ་གཟིགས་ཞིབ་ཐེངས་མང་གནང་མྱོང་བ་མ་ཟད། དབྱི་ཝུའུ་ཀྱི་འཕེལ་རྒྱས་ཉམས་མྱོང་དག་ཁྱད་གཤིས་དམིགས་བསལ་ཅན་གྱི་འཕེལ་རྒྱས་དང་། སྔ་ན་མེད་པའི་གསར་སྤེལ་ཅན་གྱི་འཕེལ་རྒྱས། འཚོལ་བཤེར་གནད་འབིགས་ཅན་གྱི་འཕེལ་རྒྱས་བཅས་ལ་བསྡུས་གནང་ཡོད། མ་ཟད་2006ལོར་ཀྲེ་ཅང་ཞིང་ཆེན་ཡོངས་སུ་སློབ་སྦྱོང་བྱེད་རྒྱུ་ཁྱབ་གདལ་བཏང་ཡོད། ད་བར་ལོ་20སོང་ཡང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབྱི་ཝུའུ་ཡི་འཕེལ་རྒྱས་ཉམས་མྱོང་འདི་ཉིད་ཕྱོགས་བསྡོམ་ཡག་པོ་དང་བེད་སྤྱོད་ཡག་པོ་བྱེད་པའི་ཐད་མཛུབ་སྟོན་གལ་ཆེན་གནང་ཡོད་པས། ང་ཚོས་ཡུལ་བབ་དང་བསྟུན་ནས་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་གཞི་རྩའི་རྩ་དོན་མཁོ་འདོན་གནང་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་ཏེ། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བྱེད་དགོས། དུས་མཚུངས་སུ། ལོ་ལྔ་ཚན་འཆར་གཞི་བཅོ་ལྔ་པ་དང་ཟུང་འབྲེལ་བྱས་ཐོག རང་ངོས་ཀྱི་ཐོན་ཁུངས་དང་དགེ་མཚན་ལ་གཞི་རྐང་ཚུགས་ནས་རང་ས་ཁུལ་དང་། རང་ལས་རིགས། རང་ཁྱབ་ཁོངས་བཅས་ཀྱི་འཕེལ་རྒྱས་དང་སྟབས་བསྟུན་ཡག་པོ་བྱེད་དགོས། ཚོགས་འདུས་ནན་བཤད་གནང་དོན། གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ཚན་པས་རྒྱལ་ཡོངས་གཅིག་གྱུར་ཁྲོམ་ར་ཆེ་མོ་འཛུགས་སྐྱོང་ལ་འགོག་རྐྱེན་བཟོ་རིགས་ཀྱི་དོན་ཚན་གསལ་ཐོར་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ། དེ་བསྟུན་ཆད་ལུས་མེད་པར་རང་བཤེར་བྱས་ནས། ལྷག་བསྡད་པའི་གནད་དོན་ཡོད་དོ་ཅོག་དུས་ཐོག་ཏུ་བཅོས་སྒྲིག་དང་ཡོ་བསྲང་བྱེད་དགོས་པ་མ་ཟད། དོན་འཁྱོལ་མཐའ་གཅིག་ཏུ་བྱེད་དགོས། རིམ་ཁག་ཏང་ཨུད་དང་ཏང་ཙུའུ། སྲིད་གཞུང་བཅས་ཀྱི་འགན་འཁུར་མི་སྣས་འགན་ནུས་ལག་བསྟར་སྣེ་ཁྲིད་ཀྱིས་བྱས་ཏེ། ཞིབ་ཕྲའི་དོན་འཁྱོལ་ཕྱོགས་ཀྱི་འགན་འཁྲི་ལས་བགོས་ཁག་དབྱེ་སོ་སོར་འགན་འཁུར་མཁན་གྱིས་འཁུར་དགོས། འཕེལ་སྒྱུར་དང་། ཁྲོམ་ར་ལྟ་སྐུལ། རྩ་འཛུགས་སོགས་ཚན་པས་ལྟ་སྐུལ་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་དང་འབྲེལ། སྲིད་ཇུས་ཀྱི་རེ་འདུན་ཁག་དོན་འཁྱོལ་ཡག་པོ་ཡོང་བའི་འགན་ལེན་བྱེད་དགོས། ཚོགས་འདུས་ད་དུང་དོན་དག་གཞན་ལ་ཞིབ་འཇུག་བྱས་པ་རེད། །

བསོད་ནམས་དོན་གྲུབ་ཀྱིས་བསྒྱུར། བསོད་ཡེ་བདེས་ཞུས།

下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:视觉山南
ལི་ཧྥུའུ་ཀྲུང་གིས་གྲོང་ཨུད་རྒྱུན་ཨུའི་ཚོགས་འདུ་གཙོ་སྐྱོང་གནང་ནས་ སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་དུས་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་དགོངས་དོན་བརྒྱུད་བསྒྲ@
གྲ་ནང་རྫོང་རྒྱལ་ཁབ་རིམ་པའི་ནས་སོན་ཐོན་སྐྱེད་རྫོང་ཆེ་གྲས་ལ་བདམས་པ།
ལི་ཧྥུའུ་ཀྲུང་གིས་རང་གནས་སའི་ཏང་ཀྲི་པུའི་ཏང་གི་གཙོ་དོན་ཉིན་མོའི་བྱེད་སྒོར་ཞུགས་སྐབས་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་བརྟན་པོ་འཛུགས་པ་དང་ལག་ལེན་བསྟར་ནས་མང་ཚོགས་ཀྱི་བྲེ@