第03版:综合新闻 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
རང་ལྗོངས་ཀྱིས《བརྡ་ཐོ》བཀྲམ་ནས་བདེ་ཐང་གི་གཟུགས་པོའི་ལྗིད་ཚད་དོ་དམ་སོགས་ཀྱི་བྱ་སྤྱོད་ཁག་གསུམ་བདེ་ཐང་བོད་ཀྱི་བྱ་སྤྱོད་ཁོངས་སུ་བཅུག་པ།
གངས་ལྗོངས་དཔའ་མོའི་ཉམས་བཟང་པོ། སྤང་རྒྱན་མེ་ཏོག་བཞིན་དུ་བཀྲ།
ལི་ཧྥུའུ་ཀྲུང་གིས་གྲོང་ཁྱེར་ཡིག་བསྐུར་ངོ་བཅར་ཅུས་སུ་ངོ་བཅར་ཡོང་མཁན་མང་ཚོགས་ལ་སྣེ་ལེན་ཞུ་སྐབས་མི་དམངས་ཀྱི་ཡིག་བསྐུར་ངོ་བཅར་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི@
ལི་ཧྥུའུ་ཀྲུང་གིས་གྲོང་ཁྱེར་ཡོངས་ཀྱི་བཅའ་ཁྲིམས་ལས་སྒྲུབ་སྙན་ཞུའི་ལས་དོན་ཚོགས་འདུ་གཙོ་སྐྱོང་གནང་སྐབས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་ལག་བསྟར་མཐར་ཕྱིན་བྱས་ཏ@
| 山南网首页 |
2026年4月27日 星期
3 上一篇 放大 缩小 默认
ལི་ཧྥུའུ་ཀྲུང་གིས་གྲོང་ཁྱེར་ཡོངས་ཀྱི་བཅའ་ཁྲིམས་ལས་སྒྲུབ་སྙན་ཞུའི་ལས་དོན་ཚོགས་འདུ་གཙོ་སྐྱོང་གནང་སྐབས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་ལག་བསྟར་མཐར་ཕྱིན་བྱས་ཏེ་ཁྲིམས་སྐྱོང་གི་རྩ་བ་བརྟན་པོ་དང་སྔོན་དཔག་བརྟན་པོ།
ཕུགས་ལ་ཕན་པ་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཐོག་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ལྷོ་ཁ་གསར་པ་ཕྱོགས་ཡོངས་ནས་འཛུགས�
 

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་4ཚེས་22ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་ལི་ཧྥུའུ་ཀྲུང་གིས་གྲོང་ཁྱེར་ཡོངས་ཀྱི་བཅའ་ཁྲིམས་ལས་སྒྲུབ་སྙན་ཞུའི་ལས་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་སྐོར་གྱི་མཛུབ་སྟོན་གལ་ཆེན་སློབ་སྦྱོང་ལག་བསྟར་མཐར་ཕྱིན་བྱས་པ་དང་། ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ། བཅའ་ཁྲིམས་སྙན་ཞུ་གསན་པ། ས་གནས་ས་ཐོག་ཏུ་དྲི་བ་འདོན་པ། ལས་དོན་ལ་ཕྱོགས་སྡོམ། གནད་དོན་ལ་དབྱེ་ཞིབ། ལས་དོན་ལ་བཀོད་སྒྲིག་བཅས་གནང་བ་རེད། ཁོང་གིས་ནན་བཤད་གནང་དོན། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་མཐར་ཕྱིན་བྱེད་དགོས་པ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་དགོས་པ། ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བ། བྱས་རྗེས་ལ་བརྟེན་ནས་སྐད་ཆ་ཤོད་པ། མི་དམངས་ལ་གདེང་འཇོག་བྱེད་དུ་འཇུག་པ། ཕྱོགས་ཡོངས་ནས་ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་དང་། ཁྲིམས་འཛིན་ནན་པོ། ཁྲིམས་འཛིན་དྲང་གཞག། དམངས་ཡོངས་ཀྱིས་ཁྲིམས་སྲུང་བཅས་བྱེད་པར་སྐུལ་འདེད་གཏོང་བ། ཁྲིམས་སྐྱོང་གི་རྩ་བ་བརྟན་པོ་དང་། སྔོན་དཔག་བརྟན་པོ། ཕུགས་ལ་ཕན་པ་བཅས་ཀྱི་ནུས་པ་སྔར་བས་འདོན་སྤེལ་བྱས་ཐོག་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ལྷོ་ཁ་གསར་པ་འཛུགས་སྐྲུན་བྱེད་པར་ཁྲིམས་སྐྱོང་འགན་ལེན་སྲ་ཞིང་བརྟན་པ་དང་ནུས་ལྡན་ཡོང་བ་བྱེད་དགོས།

ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཚན་རིག་དང་མཐུན་པའི་སྒོ་ནས་ཁྲིམས་འཛུགས་བྱས་ཏེ་ཁྲིམས་སྐྱོང་གི་རྨང་གཞི་བརྟན་དུ་གཏོང་དགོས།“དོན་ཆེན་བཞི”ལ་རྩེ་གཅིག་ཏུ་དམིགས་ཏེ་ཚན་རིག་དང་མཐུན་པའི་སྒོ་ནས་ལོ་ལྔའི་ཁྲིམས་འཛུགས་འཆར་འགོད་དང་ལོ་འཁོར་གྱི་འཆར་གཞི་བཟོ་བ་དང་། ཁྲིམས་འཛུགས་བརྟག་ཞིབ་གཏིང་ཟབ་བྱས་ཏེ་རྒྱུན་རྣམ་ཅན་གྱི་ཁྲིམས་འཛུགས་རྣམ་གྲངས་འཚོལ་བསྡུ་བྱེད་དགོས། ཁྲིམས་འཛུགས་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་རྣམ་གྲངས་འཛུགས་པ་དང་། འཆར་ཟིན་འགོད་པ། གྲོས་ཞིབ་བྱེད་པ། བཟོ་བཅོས་

(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད) རྒྱག་པ་བཅས་ཀྱི་ལྷུ་ཚིགས་ཁག་ནན་པོ་སྲུང་བ་དང་ཆབས་ཅིག་ལེ་ལག་ལམ་ལུགས་དང་ལག་བསྟར་གྱི་ཁྲིད་སྟོན་བཟོ་དགོས། ཁྲིམས་འཛུགས་དང་། བཟོ་བཅོས། རྩིས་མེད་གཏོང་བ། འགྲེལ་བཤད་རྒྱག་པ་བཅས་ལ་སྤྱི་འདོམས་སྐུལ་འདེད་བཏང་ཐོག་རྒྱུན་རྣམ་ཅན་གྱི་སྒོ་ནས་ཁྲིམས་སྲོལ་སྒྲིག་སྲོལ་གཙང་བཤེར་ལས་དོན་སྤེལ་ཏེ་སྒྲིག་སྲོལ་དང་ཚད་ལྡན་རང་བཞིན་གྱི་ཡིག་ཆའི་ཁྲིམས་མཐུན་རང་བཞིན་དང་འོས་འཚམ་རང་བཞིན་ལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་དགོས།

ཁྲིམས་འཛིན་ནན་པོ་བྱས་ནས་ཁྲིམས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་དགོས། གཙོ་གནད་སྲིད་འཛིན་ཐབས་ཇུས་ཀྱི་ཁྲིམས་བཀོད་བརྒྱུད་རིམ་དོན་འཁྱོལ་ནན་པོ་བྱེད་པ་དང་། བཅའ་ཁྲིམས་བློ་འདྲི་བ་དང་། རིགས་གཅིག་མཁས་པའི་ཚོགས་པ། འཐུས་མི་དང་ཨུ་ཡོན་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། ཐབས་ཇུས་ལ་རྗེས་སྙེག་དཔྱད་དཔོག་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། སྲིད་འཛིན་ཁྲིམས་འཛིན་གྱི“ལམ་ལུགས་གསུམ”ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་ཁྲིམས་འཛིན་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་བྱས་ནས་གཙོ་གནད་ཁྱབ་ཁོངས་ཀྱི་ཕྱོགས་བསྡུས་ཁྲིམས་འཛིན་ལ་སྐུལ་འདེད་གཏོང་དགོས། ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་བཏང་ནས་ཁྲོམ་རའི་སྒྲིག་ལམ་ཟང་ཟིང་བཟོ་བའི་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་བ་དང་། སུས་འཇོན་དེ་འགུགས་ཁྱབ་ཁོངས་ཀྱི་ཆེད་དོན་བཅོས་སྒྲིག་མུ་མཐུད་བྱེད་པ། “གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། “དཔང་ཡིག་མེད་པའི་གྲོང་ཁྱེར”འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ། “ཨང་རྟགས”ལ་བརྟེན་ནས་ཁེ་ལས་ལ་ངོ་གཏུག་བྱེད་པའི་ལམ་སྲོལ་དོན་འཁྱོལ་བྱེད་པ། ཁྲོམ་རའི་བྱེད་པོའི་ཁྲིམས་མཐུན་ཁེ་དབང་ལ་ཁྲིམས་ལྟར་འདྲ་མཉམ་ངང་སྲུང་སྐྱོང་བྱེད་པ། ལས་སྒྲུབ་མ་གནས་རྒྱུན་མཐུད་ངང་དམའ་རུ་གཏོང་བ་བཅས་བྱེད་དགོས།

ཁྲིམས་འཛིན་དྲང་གཞག་གིས་དྲང་བདེན་དྲང་གཞག་ལ་སྲུང་སྐྱོང་བྱ་དགོས། འདྲི་གཅོད་དང་། ཞིབ་དཔྱོད། མྱུལ་ཞིབ། སྲིད་འཛིན་དབང་ཆའི་མཐའ་ཚད་དང་འགན་འཁྲི་སྔར་བས་ཁ་གསལ་བཟོ་བ་དང་། ཡོན་ཀྲང་དང་ཁྲིམས་རའི་འགོ་འཛིན་གྱི་རྒྱུན་རྣམ་ཅན་གྱི་གྱོད་གཞི་ཞིབ་གཅོད་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། སྲིད་གྲོས་ཨུ་ཡོན། མི་དམངས་འདྲི་གཅོད་ལས་རོགས་པ་བཅས་ཁྲིམས་འཛིན་དཔང་ཉན་ནང་ཞུགས་པའི་ལམ་ལུགས་དོན་འཁྱོལ་ཡག་པོ་བྱེད་དགོས། འདྲི་གཅོད་ལྟེ་བར་འཛིན་པའི་ཉེས་དོན་གཏུག་བཤེར་ལམ་ལུགས་བསྒྱུར་བཅོས་ཟབ་སྤེལ་དང་། ཆ་འཕྲིན་ཅན་དུ་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ནས་ལག་བསྟར་བྱེད་དཀའ་བའི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས། དེང་རབས་ཅན་གྱི་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་མ་ལག་གང་མགྱོགས་འཛུགས་པ་དང་། སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་ལྟེ་གནས(ས་ཚིགས)ཀྱི་ལས་ཀའི་ཆུ་ཚད་མཐོ་རུ་གཏོང་བ། བཅའ་ཁྲིམས་རོགས་སྐྱོར་དང་ཁྲིམས་འཛིན་རོགས་སྐྱོབ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་མང་ཚོགས་ཀྱི་རེ་ཞུའི་ཁེ་དབང་འགན་ལེན་ཏན་ཏིག་བྱེད་དགོས།

དམངས་ཡོངས་ཀྱིས་ཁྲིམས་སྲུང་ནས་ཁྲིམས་སྐྱོང་གི་མཉམ་ཤུགས་གཅིག་སྒྲིལ་བྱེད་དགོས། “ལོ་ལྔ་ཚན་དགུ་པའི”ཁྲིམས་ལུགས་ཁྱབ་གདལ་ལ་སྐུལ་འདེད་ཏན་ཏིག་བཏང་ནས“བཅའ་ཁྲིམས་དགུ་སྤེལ”དམ་འཛིན་བྱ་གཞིར་བྱས་ཏེ་རིགས་དབྱེ་དང་གནད་སྨིན་ངང་ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་བྱེད་དགོས། ཁྲིམས་ལུགས་ཁྱབ་གདལ་དང་ཁྲིམས་ལྟར་བཅོས་སྐྱོང་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས“ཏང་འཛུགས་སྐྱོང་དང་དྲ་མིག་ཅན། གྲངས་གཞི་ཅན”བཅས་ཟུང་འབྲེལ་བྱེད་པའི་གཞི་རིམ་བཅོས་སྐྱོང་བྱེད་སྟངས་ཁྱབ་གདལ་གཏོང་བ་དང་། འགལ་བ་དང་རྩོད་གཞི་སྣ་མང་འདུམ་འགྲིག་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཁྲིམས་ལྟར་ལས་རིགས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་དགོས། ཁྱད་ལྡན་ཁྲིམས་སྐྱོང་རིག་གནས་ཀྱི་རྟེན་གཞི་འཛུགས་པ་དང་། ཁྲིམས་སྐྱོང་གསར་གཏོད་བྱེད་སྒོ་གཏིང་ཟབ་ཏུ་གཏོང་བ། མང་ཚོགས་དང་འབྲེལ་འདྲིས་བྱེད་པའི་དྲིལ་བསྒྲགས་གཞི་རྟེན་གསར་གཏོད་བྱེད་པ། ཁྲིམས་སྐྱོང་གི་རྣམ་པ་རྒྱུན་མཐུད་ངང་ཟབ་ཏུ་གཏོང་བ་བཅས་བྱེད་དགོས།

རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ཁྲིམས་སྐྱོང་གི་འགན་འཁྲི་ནན་དུ་གཏོང་དགོས། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ཏེ་བྱེད་པོའི་འགན་འཁྲི་དང་ཏང་སྲིད་ཀྱི་འགན་འཁུར་བློ་མཐུན་གཙོ་བོའི་འགན་འཁུར་བ་དང་པོའི་འགན་འཁྲི་ནན་ཏན་སྒྲུབ་པ། ཚན་ཁག་ཁོངས་མིའི“ལས་གནས་གཅིག་ལ་འགན་འཁྲི་གཉིས”དོན་འཁྱོལ་བྱས་ཏེ་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་འགན་འཁྲི་སྒྲུབ་ནུས་ཆེ་རུ་གཏོང་དགོས། ཁྲིམས་སྐྱོང་འཛུགས་སྐྱོང་གི་ཕན་འབྲས་དང་། ཁྲིམས་བརྗོད་དཔྱད་མོལ་བྱས་འབྲས། ཁྲིམས་ལྟར་འགན་ནུས་སྒྲུབ་པའི་ནུས་པ་བཅས་སྲིད་དོན་ལས་རྗེས་ལ་ཞིབ་བཤེར་བྱེད་པའི་ཚད་གཞི་གལ་ཆེན་ཞིག་ཏུ་འཛིན་དགོས།

གོང་དཀར་རྫོང་དང་། སྣ་དཀར་རྩེ་རྫོང་། ལྷོ་བྲག་རྫོང་། མཚོ་སྨད་རྫོང་། ལྷུན་རྩེ་རྫོང་། ཆུ་གསུམ་རྫོང་། གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས། གྲོང་ཁྱེར་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཅུས་བཅས་ཀྱི་འགན་འཁུར་བློ་མཐུན་གཙོ་བོས་ས་གནས་ས་ཐོག་ཏུ་བཅའ་ཁྲིམས་གསལ་ཞུ་བྱས་པ་དང་། དེ་མིན་གྱི་རྫོང(ཆུས་དང་གྲོང་ཁྱེར)དང་ཚན་པའི་འགན་འཁུར་བློ་མཐུན་གཙོ་བོས་ཡིག་ཐོག་ནས་བཅའ་ཁྲིམས་ལས་སྒྲུབ་སྙན་ཞུ་ཕུལ་བ་རེད། ད་ཐེངས་ཀྱི་ཆེད་དོན་ཁྲིམས་གླེང་ཚོགས་འདུའི་ཐོག་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། སྲིད་གྲོས་ཀྱི་ཨུ་ཡོན། ཁེ་ལས་ཀྱི་འཐུས་མི་བཅས་ཀྱིས་ས་གནས་ས་ཐོག་ཏུ་དྲི་བ་འདོན་པའི་ལྷུ་ཚིགས་ཆེས་ཐོག་མར་བཀོད་སྒྲིག་བྱས་ཡོད་པ་དང་། གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་དང་། ལྷོ་བྲག་རྫོང་། གྲོང་ཁྱེར་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཅུས་བཅས་ཀྱི་འགན་འཁུར་བློ་མཐུན་གཙོ་བོས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་། མཐའ་མཚམས་བཅོས་སྐྱོང་། གྲོང་ཁྱེར་ལས་གྲྭའི་ཨར་ལས་དོ་དམ་སོགས་ཁྲིམས་སྐྱོང་འཛུགས་སྐྱོང་གི་ནང་དོན་གལ་ཆེན་དང་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གླེང་ཆ་ཆེ་བའི་གནད་དོན་ལ་དམིགས་ནས་དྲི་གཞིར་ལན་བརྒྱབ་པ་རེད།།

བསོད་ནམས་བསྟན་པས་བསྒྱུར། བསོད་ཡེ་བདེས་ཞུས།

3 上一篇 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:法律常识
རང་ལྗོངས་ཀྱིས《བརྡ་ཐོ》བཀྲམ་ནས་བདེ་ཐང་གི་གཟུགས་པོའི་ལྗིད་ཚད་དོ་དམ་སོགས་ཀྱི་བྱ་སྤྱོད་ཁག་གསུམ་བདེ་ཐང་བོད་ཀྱི་བྱ་སྤྱོད་ཁོངས་སུ་བཅུག་པ།
གངས་ལྗོངས་དཔའ་མོའི་ཉམས་བཟང་པོ། སྤང་རྒྱན་མེ་ཏོག་བཞིན་དུ་བཀྲ།
ལི་ཧྥུའུ་ཀྲུང་གིས་གྲོང་ཁྱེར་ཡིག་བསྐུར་ངོ་བཅར་ཅུས་སུ་ངོ་བཅར་ཡོང་མཁན་མང་ཚོགས་ལ་སྣེ་ལེན་ཞུ་སྐབས་མི་དམངས་ཀྱི་ཡིག་བསྐུར་ངོ་བཅར་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི@
ལི་ཧྥུའུ་ཀྲུང་གིས་གྲོང་ཁྱེར་ཡོངས་ཀྱི་བཅའ་ཁྲིམས་ལས་སྒྲུབ་སྙན་ཞུའི་ལས་དོན་ཚོགས་འདུ་གཙོ་སྐྱོང་གནང་སྐབས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་ལག་བསྟར་མཐར་ཕྱིན་བྱས་ཏ@