第02版:综合新闻 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
རྒྱ་ཚྭ་རྫོང་གི་རིག་གནས་ཡུལ་སྐོར་དྲིལ་བསྒྲགས་འོས་སྦྱོར་འདུ་ཚོགས་དེ་ཉིང་ཁྲི་གྲོང་ཁྱེར་ཀོང་པོའི་སྤྱི་གླིང་དུ་འཚོགས་པ
རང་ལྗོངས་ཀྱི་ཐོན་ལས་སྟོབས་ཆེན་གྲོང་རྡལ་གྱི་རྣམ་གྲངས་5ཞིང་ལས་གྲོང་གསེབ་པུའུ་ཡི་དཔྱད་དཔོག་ལོན་པ།
ཡར་ཀྲུང་བསྡུས་འཕྲིན།
གྲོང་ཁྱེར་ཡོངས་ཀྱི་སྐོར་ཞིབ་ལས་དོན་ཚོགས་འདུ་དང་སྐབས་གཉིས་པའི་གྲོང་ཨུད་ཀྱི་རེས་སྐོར་དགུ་པའི་སྐོར་ཞིབ་ལས་དོན་གྱི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་པ།
མཚོ་སྣ་གྲོང་ཁྱེར་ལ་ཀྲུང་དབྱང་གི་ཁ་གསབ་དངུལ་ སྒོར་ཁྲི་5000རག་རེ་ཡོད་པ།
| 山南网首页 |
2026年4月15日 星期
3 上一篇  下一篇 4 放大 缩小 默认
ཡར་ཀྲུང་བསྡུས་འཕྲིན།
 

ཉེ་ཆར། སྣེ་གདོང་ཆུས་ཀྱིས་ཡུལ་སྐོར་ཁྲོམ་རའི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་སྤེལ་ནས། Aརིམ་པའི་ཡུལ་སྐོར་ལྗོངས་གཟིགས་ཁུལ་དང་ཡུལ་སྐོར་ལྟེ་གནས་ལ་དམིགས་ཐོག་ཁྱད་ལྡན་ཐོན་ཟོག་ཚོང་ཁང་དང་བཟའ་བཅའི་ཚོང་ཁང་སོགས་ལ་ནན་བཤེར་བྱས་པ།

ཉེ་སྔོན། མཚོ་སྨད་རྫོང་གིས་2026ལོའི་སྲིད་གཞུང་གིས་ལས་གནས་ཉོ་སྒྲུབ་དང་སློབ་ཆེན་སློབ་མའི་སྤྱི་ཕན་རང་བཞིན་ལས་གནས་མི་སྣའི་ལས་རིགས་རྩལ་ནུས་གསོ་སྦྱོང་གཉེར་བ།

ཉེ་དུས། འཕྱོངས་རྒྱས་རྫོང་སྒྲིག་ཨུད་ལྟ་བཤེར་ཨུ་ལྷན་གྱིས་ལས་བྱེད་པའི་ལས་སྒོའི་གསོ་སྦྱོང་གཉེར་བ། ཉེ་ལམ། ལྷུན་རྩེ་རྫོང་ཐད་གཏོགས་ཚན་པའི་ལས་ཨུད་ཀྱིས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོའི་“ཀྲེ་པུའུ་ཧྲུའུ་ཅིའི་གླེང་སྟེགས་”གཉེར་བ།

ཉེ་ཆར། སྣེ་གདོང་ཆུས་ཨུད་ཏང་གི་སློབ་གྲྭའི་2026ལོའི་དཔྱིད་ཀའི་སློབ་དུས་ཀྱི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་སློབ་འགོ་ཚུགས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་པད།

ཉེ་ལམ། ལྷུན་རྩེ་རྫོང་ཨུད་དྲིལ་བསྒྲགས་པུས་སྡེ་ཚན་མང་པོ་དང་མཉམ་དུ་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་བཙུགས་ནས་ཤེས་དཔལ་གྲོང་ཁྱེར་གཏོད་པའི་གཙོ་གནད་ས་ཁོངས་སུ་ལྟ་སྐུལ་མཛུབ་ཁྲིད་བྱས་པ།

ཉེ་ཆར། ཧུའུ་ནན་ཞིང་ཆེན་གྱི་དུས་ཁག་བཅུ་གཅིག་པའི་བོད་སྐྱོར་ལས་དོན་རུ་ཁག་ཀྲུའུ་ཀྲོའུ་ཚོགས་ཆུང་གི་སྣེ་ཁྲིད་འོག་གྲ་ནང་རྫོང་གི་མཐོ་སློབ་སློབ་ཐོན་སློབ་མ་24ཡིས་ཀྲུའུ་ཀྲོའུ་རུ་“གངས་ལྗོངས་ཀྱི་བཟོ་བོའི་ཉིན་བརྒྱའི་གསོ་སྐྱོང་འཆར་གཞིའི”ནང་ཞུགས་པ་དང་གསོ་སྦྱོང་ཚར་ཐོན་རྗེས་ས་གནས་དེ་གའི་ཁེ་ལས་ནང་ལས་ཞུགས་བྱ་རྒྱུ་ཡིན་པ།

ཉེ་ཆར། གོང་དཀར་རྫོང་གིས་2026ལོའི་དཔྱིད་དུས་ཀྱི་དམག་ཞབས་ཐིམ་པའི་དམག་མིའི“ཕ་ཡུལ་དུ་ལོག་པའི་སློབ་ཚན་དང་པོ”ཅེས་པའི་སྲིད་ཇུས་སྒྲོག་འགྲེལ་གསོ་སྦྱོང་འཚོགས་པ།

ཉེ་ལམ། ལྷོ་བྲག་རྫོང་ཨུད་སྐོར་ཞིབ་གཞུང་ལས་ཁང་གིས་སྐོར་ཞིབ་གོང་གི་ལས་སྒོའི་གཅིག་སྡུད་གསོ་སྦྱོང་བྱས་པ།

ཡེ་ཤེས་བཟང་མོས་བསྒྱུར། བསོད་བསྟན་གྱིས་ཞུས།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:公益广告
རྒྱ་ཚྭ་རྫོང་གི་རིག་གནས་ཡུལ་སྐོར་དྲིལ་བསྒྲགས་འོས་སྦྱོར་འདུ་ཚོགས་དེ་ཉིང་ཁྲི་གྲོང་ཁྱེར་ཀོང་པོའི་སྤྱི་གླིང་དུ་འཚོགས་པ
རང་ལྗོངས་ཀྱི་ཐོན་ལས་སྟོབས་ཆེན་གྲོང་རྡལ་གྱི་རྣམ་གྲངས་5ཞིང་ལས་གྲོང་གསེབ་པུའུ་ཡི་དཔྱད་དཔོག་ལོན་པ།
ཡར་ཀྲུང་བསྡུས་འཕྲིན།
གྲོང་ཁྱེར་ཡོངས་ཀྱི་སྐོར་ཞིབ་ལས་དོན་ཚོགས་འདུ་དང་སྐབས་གཉིས་པའི་གྲོང་ཨུད་ཀྱི་རེས་སྐོར་དགུ་པའི་སྐོར་ཞིབ་ལས་དོན་གྱི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་པ།
མཚོ་སྣ་གྲོང་ཁྱེར་ལ་ཀྲུང་དབྱང་གི་ཁ་གསབ་དངུལ་ སྒོར་ཁྲི་5000རག་རེ་ཡོད་པ།