རྩེད་ཐང་གྲོང་གི་ནང་དུ། །
གསལ་སྒྱུར་ལས་གྲྭ་བསྟར་བས། །
མཚན་ལྗོངས་ལྟ་ན་སྡུག་པ། །
གློག་སྒྲོན་འོག་ནས་མཇལ་བྱུང་། །
ཤམ་ཆུའི་ཆུ་རྒྱུན་གཡས་གཡོན། །
ཁྲ་ཆིལ་འོད་ཀྱི་རྒྱུ་བ། །
འཆམ་འཆམ་འགྲོ་ཤོར་ལམ་བུར། །
པར་ལེན་བྱེད་མཁན་མང་བ། །
མཚན་ཁྲོམ་འཁྲུག་ཆ་དོད་པ། །
གང་ཟ་གང་འཐུང་ཆོག་གིས། །
ཐང་ཆེན་སྒོར་གཞས་འཁྲུག་པོ། །
ལུས་སྦྱོང་གནང་མཁན་མང་བ། །
ནམ་གུང་ཚོན་ཁྲས་བརྒྱན་པའི། །
རྩེད་ཐང་གྲོང་ལ་སྨོན་སོང་། །
གསལ་ཆ་ཆེ་བའི་གཞུང་ལམ། །
གང་འགྲུལ་གང་བཞུད་བདེ་འཇགས། །
ཕྱོགས་བཞིའི་སྐུ་མགྲོན་མང་པོ། །
ཡུལ་སྐོར་སྤྲོ་གསེང་སྐྱིད་བྱུང་། །
མ་འོངས་ལྷོ་ཁའི་འདུ་འགོད། །
རིག་གནས་ཁྱད་གཤིས་མངོན་འཕགས། །
དགའ་སྐྱིད་དཔལ་ལ་རོལ་བའི། །
ཕ་ཡུལ་ལྷོ་ཁ་སྐྱིད་པ། །
ཨེ་མ་མཚན་ལྗོངས་བཀྲ་བའི། །
རྩེད་ཐང་གཞུང་ལ་ཕེབས་ཤོག །
རྩ་གཉིས་ཨང་རྟགས་བཤེར་ནས་ལྷོ་ཁའི་འགྲེམས་བསྒྲགས་འཕྲིན་སྟེགས་ལ་དོ་ཁུར་མཛོད།