第02版:综合新闻 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
གནའ་བོའི་འགྱུར་ཁུག་ལས་དར་སྲོལ་གསར་པ་མངོན།
གྲོང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་མཐར་ཕྱིན་བྱས་པ།
གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་སྐབས་གཉིས་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་རྒྱ་ཆེའི་གྲོས་ཚོགས་ཐེངས་བཞི་པ་འཚོགས་པ།
| 山南网首页 |
2026年4月13日 星期
下一篇 4 放大 缩小 默认
གནའ་བོའི་འགྱུར་ཁུག་ལས་དར་སྲོལ་གསར་པ་མངོན།
—— ལྷོ་ཁའི་སྲོལ་རྒྱུན་གྲོང་ཚོས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་རྒྱུགས་ལན་གསར་པ་ཕུལ་བ།
 

སྣེ་གདོང་ཆུས་སྐྱེད་པ་ཤང་རྒྱལ་བཟང་གྲོང་ཚོ་ནི་འོན་ལུང་གཞུང་དུ་གནས་ཤིང་། “ང་ཚོའི་གྲོང་ཚོ་ལུང་ཁུག་ཆུང་ཆུང་ཞིག་ཡིན་རུང་། གཞན་གྱི་རྗེས་སུ་ལུས་འདོད་གཏན་ནས་མེད”ཅེས་བསྟན་འཛིན་པད་མས་བློ་སྤོབས་ཀྱིས་ཁེངས་བཞིན་བཤད།

རྗེས་སུ་ལུས་འདོད་གཏན་ནས་མེད་པའི་བསམ་བློ་དེ་ཉིད་སྒྱུར་བཅོས་སྒོ་དབྱེའི་ཐོག་མའི་དུས་ནས་མངོན་ཡོད། གྲོང་ཚོའི་ལོ་བདུན་ཅུ་ལ་སླེབས་པའི་བགྲེས་སོང་པ་སངས་ཀྱིས“སྐབས་དེ་དུས་ཚང་མས་གྲོང་ཚོའི་ནང་དངོས་པོའི་ཐོན་སྐྱེད་ཡོད་པ་ཙམ་གྱིས་མི་ཆོག་པར། བསམ་པའི་རིག་གནས་འཚོ་བའང་ཡོད་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད”ཅེས་བརྗོད། དེར་བརྟེན་གྲོང་ཚོས་བློ་ཁོག་ཆེན་པོའི་ངང་ཐག་གཅོད་ཅིག་བྱས་པ་སྟེ། འབྲི་གཡག་8བཙོངས་ཏེ་ལྷ་ས་ནས་ལྷ་མོའི་འཁྲབ་ཆས་ཆ་ཚང་ཞིག་ཉོས་པ་མ་ཟད། གཞོན་ནུ་རྣམས་ལྷ་མོ་སྦྱོང་བར་བཏང་བ་རེད།

དུས་རབས་ཕྱེད་ཀ་ཙམ་སོང་རྗེས། ཐོག་མའི་ས་བོན་དེ་ལྗོན་ཤིང་ཞིག་ཏུ་གྱུར། རྒྱལ་བཟང་གྲོང་ཚོའི་འབག་སྔོན་ལྷ་མོ་རིག་རྩལ་འཁྲབ་སྟོན་རུ་ཁག་ལ་ད་ཆ་འཁྲབ་སྟོན་པ་26ཡོད་ཅིང་། 《པད་མ་འོད་འབར》དང་། 《གཟུགས་ཀྱི་ཉི་མ》 《འགྲོ་བ་བཟང་མོ》སོགས་ལྷ་མོའི་འཁྲབ་གཞུང་ཆེན་པོ་བརྒྱད་ལ་བྱང་ཆུབ་ཡོད། ཁོང་ཚོས་བྱེད་སྒོ་མང་པོའི་ནང་རྒྱ་ཆེའི་ཡུལ་སྐོར་བར་འཁྲབ་སྟོན་བྱས་པའི་ཁར། ད་དུང་ཁོང་ཚོ་ནི་ལྷོ་ཁ་གྲོང་ཁྱེར་གྱི་རིག་གནས་དང་ཡུལ་སྐོར་གྱི་ཐོན་ལས་དྲིལ་བསྒྲགས་བྱེད་པའི་མིང་བྱང་ཁྱད་འཕགས་ཅན་ཞིག་ཏུའང་གྱུར་ཡོད།

དེར་བརྟེན། རྒྱལ་བཟང་གྲོང་ཚོས་ཉེ་བའི་ལོ་ཤས་རིང་རིག་གནས་དང་ཡུལ་སྐོར་གྱི་རིགས་གཅིག་མཁས་ཅན་དང་མཉམ་དུ་ས་ཡུལ་དངོས་སུ་བརྟག་ཞིབ་ཐེངས་མང་བྱས་ཏེ། རྐང་ཐང་ཡུལ་སྐོར་དར་ཁྱབ་ཆེ་བའི་དེང་གི་དུས་འདིར། གྲོང་མི་ཚོས་སོ་ནམ་བྱེད་པ་དང་གཞན་ཡུལ་དུ་གླ་པ་རྒྱུག་པ་ཕུད་ཡུལ་སྐོར་གྱི་ཡོང་འབབ་གསོག་ཐུབ་པར་བྱ་རྒྱུའི་རེ་བའང་བྱེད་ཀྱི་ཡོད་པ་རེད།

ཞོལ་གྲོང་ཚོས་གནའ་བོའི་ངག་རྒྱུན་དང་དེང་རབས་ཀྱི་ཡུལ་སྐོར་ཟུང་འབྲེལ་གང་ལེགས་བྱས་ཏེ། རི་སྟེང་དུ་ཡུལ་ལྗོངས་ལ་ལྟ་བའི་རྒྱང་ཤེལ་བསྒར་ཡོད་པ་དང་། ཡུལ་སྐོར་བས་གནས་དེར་ཡར་ལྷ་ཤམ་པོར་རྒྱང་ལྟ་བྱེད་ཐུབ་ལ་ལྷོ་ཁ་གྲོང་ཁུལ་གྱི་ཡུལ་ལྗོངས་ཧྲིལ་པོར་ཡང་ལྟ་ཆོག་གི་ཡོད། ལོ་རེ་བཞིན་གཉེར་བའི་རྡོ་སྒོར་རྒྱག་པའི་འགྲན་བསྡུར་དང་རྟ་རྩལ་འཁྲབ་སྟོན་སོགས་ཀྱི་བྱེད་སྒོ་ལས་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག

ཞོལ་གྲོང་ཚོའི་འོང་སྐོར་དུས་ཆེན་ལ་ཀུན་གྱི་དོ་ཁུར་ཆེན་པོ་ཐོབ་ཅིང་། དེར་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་དེ་བཞིན་རིག་གནས་དང་ཡུལ་སྐོར་པུས་བསྩལ་བའི“རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་མིང་གཞུང”གི་ཁས་ལེན་དཔང་འདོན་ཐོབ་ཡོད། ཡུལ་སྐོར་བའི་ཡུལ་སྐོར་གྱི་མྱོང་ཚོར་སྔར་བས་ལེགས་སུ་གཏོང་ཆེད། གྲོང་ཚོ་དེས་ད་དུང་གྲ་ནང་རྫོང་གི་ཆེད་ལས་རྟ་རྩལ་ཚོགས་པ་གདན་དྲངས་ནས་གྲོང་མིར་འཁྲབ་སྟོན་བྱེད་སྟངས་བསླབས་པས། གནའ་བོའི་སྲོལ་རྒྱུན་འགྲན་བསྡུར་ལ་སླར་ཡང་སྐྱེ་སྟོབས་ཀྱི་གཟི་དཔལ་རྒྱས་པ་རེད།

རྒྱལ་བཟང་གྲོང་ཚོའི་ལྷ་མོ་ཟློས་གར་ནས་ཞོལ་གྲོང་ཚོའི་འོང་སྐོར་དུས་ཆེན་དང་། དེ་ནས་ཚོགས་རྒྱལ་གྲོང་ཚོའི་སླས་འཐག་གི་ཐོན་རྫས་སྐོར་དྲ་ལམ་ནས་ཐད་གཏོང་བྱེད་པའི་བར། ལྷོ་ཁའི་སྲོལ་རྒྱུན་གྲོང་ཚོས་རང་རང་གི་བྱེད་སྟངས་ཐོག་ནས་རིག་གནས་ལ་བརྟེན་ནས་ཡུལ་སྐོར་སྐྱོང་སྤེལ་དང་ཡུལ་སྐོར་ལ་བརྟེན་ནས་རིག་གནས་མངོན་པའི་ནང་དོན་ཟབ་མོར་གསལ་འགྲེལ་བྱེད་བཞིན་ཡོད་པ་རེད།

ནུབ་ཁའི་ཉི་མ་བཞུད་སྐབས། རྒྱལ་བཟང་གྲོང་ཚོའི་ནང་ལྷ་མོ་འཁྲབ་སྦྱོང་གི་སྐད་སྒྲ་ཡང་བསྐྱར་མཆེད་ཅིང་། གནའ་བོའི་སྐད་ངག་གི་འགྱུར་ཁུག་དེ་འོན་ལུང་གཞུང་དུ་ཡང་ཡང་གྲགས། ད་ཆ་ཕུ་མ་གཡུ་མཚོ་དང་། གུ་རུ་བླ་མཚོ། སྐུ་ལྷ་མཁའ་རི། པད་མ་གླིང་མཚོ་སོགས་ལྷོ་ཁའི་མཛེས་ལྗོངས་ཁུལ་མང་པོ་རིམ་བཞིན་སྐད་གྲགས་ཆོད་ནས་རྒྱུན་འཛིན་དང་གསར་གཏོད་ཁྲོད་རིག་གནས་ཀྱི་རོལ་དབྱངས་དཀྲོལ་བཞིན་ཡོད་པ་དང་། ལྷོ་ཁའི་རིག་གནས་དང་ཡུལ་སྐོར་བྱ་གཞག་དེ་ཉིད་རི་ཚོགས་བརྒལ་ནས་སྔར་ལས་རྒྱང་ཐག་རིང་བའི་ཡུལ་ལུང་དུ་དར་རྒྱས་འགྲོ་བཞིན་མཆིས།

(བོད་ལྗོངས་ཉིན་རེའི་ཚཊ་པར་ནད་བཏུས)

下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:视觉山南
གནའ་བོའི་འགྱུར་ཁུག་ལས་དར་སྲོལ་གསར་པ་མངོན།
གྲོང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་མཐར་ཕྱིན་བྱས་པ།
གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་སྐབས་གཉིས་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་རྒྱ་ཆེའི་གྲོས་ཚོགས་ཐེངས་བཞི་པ་འཚོགས་པ།