འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ལམ། གྲོང་ཨུད་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་འགོ་ཁྲིད་ཚོགས་ཆུང་གིས་ཚོགས་འདུ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་སའི་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྣོད་བཅུད་ཁོར་ཡུག་ཁྲིམས་གཞུང》སོགས་ཀྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་པ་དང་།2026ལོའི་གཙོ་གནད་ལས་དོན་ལ་གྲོས་ཞིབ་བྱས་པ་རེད། གྲོང་ཨུད་ཧྲུའུ་ཅི་ལི་ཧྥུའུ་ཀྲུང་གི་མངགས་བཅོལ་ལྟར། གྲོང་ཨུད་ཧྲུའུ་ཅི་གཞོན་པ། གྲོང་སྤྱི་བསམ་གྲུབ་ཚེ་རིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཚོགས་འདུའི་ཐོག་བཏོན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཤིང་འཛུགས་ནགས་བཟོའི་ལས་དོན་དེ་རྒྱལ་སྲིད་སྐྱོང་ལུགས་ཀྱི་གནས་བབ་གལ་ཆེན་ཐོག་བཞག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལོ་ངོ་14བསྟུད་མར་རྒྱལ་སའི་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་ནས་ང་ཚོར་སྔོ་ལྗང་ལ་དགའ་ཞེན་དང། སྔོ་ལྗང་འཛུགས་སྐྱོང། སྔོ་ལྗང་བདག་སྐྱོང་བཅས་ཀྱི་འོད་སྟོང་འཕྲོ་བའི་མིག་དཔེ་བཏོན་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་སའི་འོས་འགན་ཤིང་འཛུགས་ (པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད) བྱེད་སྒོར་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ཤིང་འཛུགས་ནགས་བཟོའི་ཐད་ཐོབ་པའི་གྲུབ་འབྲས་གལ་ཆེན་ལ་ཁས་ལེན་གང་ལེགས་གནང་བ་དང། ཤིང་འཛུགས་ནགས་བཟོ་བྱས་པ་དེས་སྣོད་བཅུད་བཟང་པོ་མཉམ་སྐྲུན་བྱེད་པའི་ཐད་ཀྱི་དོན་སྙིང་གལ་ཆེན་གསལ་བཤད་གཏིང་ཟབ་གནང་ཞིང་དུས་བབ་གསར་པའི་འོག“སྤུས་ཚད་མཐོར་གཏོང་དང། ལས་དར། དམངས་ཕན”བཅས་ལ་དེ་བས་སྣང་ཆེན་གྱིས་རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་ལ་སྐུལ་འདེད་གཏོང་བ་དང། ཡུལ་བབ་དང་བསྟུན་ནས་སྔོ་འགྱུར་གྱི་ལས་དོན་ཡག་པོ་སྒྲུབ་པ། གྲོང་ཁྱེར་དང་གྲོང་གསེབ་སྔོ་འགྱུར་དང་མཛེས་པོ་ཡོང་རྒྱུར་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་བླང་བྱ་གསར་པ་བཏོན་ཡོད་ལ་ང་ཚོས་ཚན་རིག་དང་མཐུན་པའི་སྒོ་ནས་རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་བཟོ་རྒྱུར་ཁ་ཕྱོགས་གསལ་སྟོན་གནང་ཡོད་ཅེས་དང་།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། སྣོད་བཅུད་སྲུང་སྐྱོང་སླར་གསོར་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་། རི་ཆུ་ནགས་ཞིང་མཚེའུ་རྩྭ་ཐང་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་མ་ལག་བཅོས་སྐྱོང་མཐའ་འཁྱོངས་བྱེད་པ། ཆུ་དཔོན་མཚོ་དཔོན་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་པ། གཙང་པོ་དང། ཆུ་བོ། མཚེའུ་འཁྱགས་རོམ་བཅས་ཀྱི་སྣོད་བཅུད་སྲུང་སྐྱོང་སླར་གསོར་ཤུགས་སྣོན་རྒྱག་པ་དང་། ས་ཆུ་རྒྱུན་ཤོར་དང་བྱེ་ས་ཅན། རྩྭ་ཐང་ཞན་འགྱུར། ས་གཤིས་གནོད་འཚེ་བཅས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་བྱེད་དགོས། སྦགས་བཙོག་འགོག་བཅོས་ལ་དམ་འཛིན་མཐའ་གཅིག་ཏུ་བྱེད་དགོས་པ་དང་། གཙོ་གནད་འགག་སྒྲོལ་དང་མཐུན་སྦྱོར་བཅོས་སྐྱོང་གི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ། གཙོ་གནད་བཙོག་འབུད་ཁེ་ལས་ཀྱི་ཁྲིམས་འཛིན་ལྟ་སྐུལ་དོ་དམ་དང་། ཨར་སྐྲུན་གྱི་ཐལ་རྡུལ་ཉུང་གཏོང་དང་།བྱེ་རླུང་བཅོས་སྐྱོང་བཅས་ལ་དམ་འཛིན་ཡག་པོ་བྱེད་པ། འཐུང་ཆུའི་ཆུ་འགོའི་སྤུས་ཚད་ལ་ལྟ་ཞིབ་ཚད་ལེན་དང་འགུལ་རྣམ་རྗེས་སྙེག་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ“སྦག་བཙོག་མེད་པའི་གྲོང་ཁྱེར”འཛུགས་སྐྲུན་ལ་སྐུལ་འདེད་བརྟན་པོ་གཏོང་དགོས། ཚན་རིག་དང་མཐུན་པའི་སྒོ་ནས་རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་བྱེད་པ་དང་། སྐྱེ་ཁམས་ནགས་གླིང་དང་། དཔལ་འབྱོར་ནགས་གླིང་། ཤིང་འཛུགས་རྩྭ་འདེབས་བཅས་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ལྷོ་བྱང་རི་བོ་དང་ཡར་ཀླུང་གཙང་པོའི་ངོགས་གཉིས་གཙོ་གནད་དུ་བྱས་ཏེ་སྤུས་ཚད་མཐོ་རུ་གཏོང་བ་དང་། ལས་རིགས་དར་སྤེལ་གཏོང་བ། དམངས་ལ་ཕན་འདོགས་པ་བཅས་བྱ་རྒྱུར་དེ་བས་སྣང་ཆེན་གྱིས་ཚན་རིག་དང་མཐུན་པའི་སྒོ་ནས་ཤིང་འཛུགས་ས་ཁོངས་གཏན་འཁེལ་བྱེད་པ་དང་། འོས་འགན་ཤིང་འཛུགས་རྒྱ་ཁྱབ་བྱེད་པ། ཡུལ་བབ་དང་བསྟུན་ནས་གྲོང་ཁྱེར་དང་། སྡེ་ཁུལ། ཚན་པ། ཁེ་ལས་བཅས་ཀྱིས་སྔོ་འགྱུར་བྱ་རྒྱུར་སྐུལ་འདེད་བཏང་ནས་མིས་བཟོས་ནགས་གླིང་གི་རྒྱ་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ལྗང་མདོག་འཕེལ་རྒྱས་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྲུང་སྐྱོང་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ནས་ལྗང་མདོག་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ནོར་ཁྲལ་དང་། དངུལ་རྩ། མ་འཇོག། རིན་གོང་བཅས་ཀྱི་སྲིད་ཇུས་དོན་འཁྱོལ་བྱེད་པ། ཡར་ཀླུང་གཙང་པོའི་དབུས་རྒྱུད་ཀྱི་དྭངས་གཙང་ནུས་རྒྱུའི་རྟེན་གཞི་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ། ལྗང་མདོག་བཟོ་ལས་དང་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ། ནགས་དབང་དང་ཆུ་དབང་བརྗེ་ཚོང་ཚོད་ལྟ་བྱེད་རྒྱ་ཆེ་རུ་གཏོང་བ། ལྗང་མདོག་ཐཱན་ཉུང་གི་འཚོ་བ་སྐྱེལ་སྟངས་དར་སྤེལ་གཏོང་བ་བཅས་བྱེད་དགོས། གནད་དོན་དག་ཐེར་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་བཀོད་སྒྲིག་བྱ་རྒྱུ་མཐའ་འཁྱོངས་བྱ་དགོས་ལ། གཞུང་ལས་ཁང་ནས་ཐོན་ཏེ་གནད་དོན་ཤེས་ཐབས་ཀྱང་བྱ་དགོས། བཅོལ་འབོར་གནད་དོན་ཐག་གཅོད་བྱེད་དགོས་ལ་འཕར་གྲངས་གནད་དོན་ཀྱང་ཐག་གཅོད་བྱེད་དགོས་ཤིང་། འཆར་ཟིན་དང་བྱེད་ཐབས་ཞིབ་ཕྲ་བཟོས་ཐོག་འགན་འཁྲི་ནན་གཏོང་དང་། ལྟ་སྐུལ་སློབ་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ། སྒྲིག་ཁྲིམས་ནན་དུ་གཏོང་བ་བཅས་བྱས་ནས། གནད་དོན་སྣ་ཚོགས་དག་ཐེར་དང་བཅོས་སྐྱོང་བྱེད་པར་ཤུགས་རྒྱག་དགོས། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་རྒྱག་དགོས་ཤིང། གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་ཁུར་ནས“ཏང་སྲིད་འགན་མཚུངས་དང་། ལས་གནས་གཅིག་ལ་འགན་འཁྲི་གཉིས”དོན་འཁྱོལ་ནན་པོ་བྱེད་པ། འགན་འཁུར་བློ་མཐུན་གཙོ་བོས་རང་འགུལ་ངང་འགན་འཁྲི་འཁུར་བ། གཞོགས་འདེགས་དམ་ཟབ་བཅས་བྱས་ཏེ་ཐུན་མོང་ཐོག་ལས་དོན་དོན་འཁྱོལ་ལ་སྐུལ་འདེད་གཏོང་དགོས། འབྲེལ་ཡོད་འགན་འཁྲི་སྡེ་ཚན་གྱིས་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་ནས་ཁྲིམས་འགལ་བྱེད་སྤྱོད་བརྡ་ཁྱབ་དང་དམར་འདོན་བྱེད་ཤུགས་ཆེ་རུ་གཏོང་དགོས། དྲིལ་བསྒྲགས་སྡེ་ཚན་གྱིས་ཤེས་དཔལ་འཛུགས་གཏོད་ལས་དོན་དང་ཟུང་འབྲེལ་བྱས་ཏེ་སྣོད་བཅུད་ཤེས་དཔལ་སློབ་གསོའི་དྲིལ་བསྒྲགས་ལ་ཤུགས་སྣོན་བརྒྱབ་ནས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་དང་སྐྱེ་ཁམས་ཀྱི་འདུ་ཤེས་ཟམ་མི་ཆད་པར་ཟབ་ཏུ་བཏང་སྟེ་སྤྱི་ཚོགས་ཀྱི་རྣམ་པ་དང་གླེང་ཕྱོགས་ཀྱི་རྣམ་པ་བཟང་པོ་ཞིག་གཏོད་དགོས་སོ།། བསོད་བསྟན་དང་ནོར་བུ་ཚངས་ལྡན་གྱིས་བསྒྱུར། བསོད་ཡེ་བདེས་ཞུས།