འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ལམ། གྲོང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་སྐོང་ཚོགས་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དགོངས་དོན་དང་། ཀྲུང་དབྱང་གི་འབྲེལ་ཡོད་ཡིག་ཆ། དེ་བཞིན་ལྗོངས་ཏང་ཨུད་ཀྱི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བཅས་སློབ་སྦྱོང་མཐར་ཕྱིན་བྱས་ཏེ་ལག་བསྟར་དོན་འཁྱོལ་ལས་དོན་ལ་བཀོད་སྒྲིག་བྱས་པ་རེད། གྲོང་ཨུད་ཀྱི་ཧྲུའུ་ཅི་ལི་ཧྥུའུ་ཀྲུང་གི་མངགས་བཅོལ་ལྟར་གྲོང་ཨུད་ཧྲུའུ་ཅི་གཞོན་པ། གྲོང་སྤྱི་བསམ་གྲུབ་ཚེ་རིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཚོགས་འདུས་ནན་བཤད་བྱས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་དགོས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ས་གནས་ཏང་ཨུད་འཛུགས་སྐྱོང་ལ་ཇུས་གཞི་ཟབ་མོ་དང་ཁྱོན་ཡོངས་ལ་འཆར་འགོད་གནང་བར་གོ་བ་གཏིང་ཟབ་ལེན་དགོས་པ།《ཀྲུང་གོ་གུང་ཁྲན་ཏང་གི་ས་གནས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྲོལ་ཡིག》ལག་བསྟར་བྱ་རྒྱུའི་ཐད་སྣེ་ཁྲིད་དེ་དམ་འཛིན་ཡག་པོ་བྱེད་དགོས་པ། ཆབ་སྲིད་ཀྱི་རང་རྟོགས་ཚད་མཐོན་པོ་དང་འགན་འཁྲི་འཁུར་སེམས་ཆེན་པོའི་ཐོག་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་སྒྲུབ་ཏེ་ལམ་ལུགས་ཀྱི་དགེ་མཚན་དེ་དག་བཅོས་སྐྱོང་གི་ཕན་ནུས་སུ་འགྱུར་བ་བྱེད་དགོས། ཆབ་སྲིད་ཐད་ལྷག་བསམ་རྣམ་དག་བྱེད་དགོས་ཤིང་། “གྲོས་དོན་དང་པོའི”ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཏེ་ས་གནས་ཏང་ཨུད་ཀྱི་ཁ་ཕྱོགས་སྟངས་འཛིན་དང་། སྤྱི་ཡོངས་ལ་དོ་དམ། ཐབས་ཇུས་འདོན་པ། དོན་འཁྱོལ་འགན་ལེན་བཅས་ཀྱི་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་པ་དང་། ཏང་ཀྲུང་དབྱང་གིས་གཏན་ལ་ཕབ་པའི་ལས་དོན་དག་དམ་འཛིན་ལྷོད་མེད་བྱེད་དགོས་པ། གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་པ། བྱ་སྤྱོད་དངོས་ཀྱི་ཐོག་ནས“གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང་། “སྲུང་སྐྱོང་གཉིས་”མཐའ་གཅིག་ཏུ་ཐུབ་པ་བྱེད་དགོས། འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་སུ་གཏོང་དགོས་ཤིང་། རང་སྐྱོང་ལྗོངས་ཀྱིས་ལྷ་ས་དང་ལྷོ་ཁ་འཕེལ་རྒྱས་གཏོང་བའི་གཙོ་གནད་འཐབ་ཇུས་བཀོད་སྒྲིག་དང་ངེད་གྲོང་ཁྱེར་གྱི“སྣེ་གཅིག་ཁུལ་ལྔའི”འཕེལ་རྒྱས་ཀྱི་ངེས་གནས་སྟོབས་ཆེར་གཏོང་རྒྱུར་དམིགས་ཐོག་རྣམ་གྲངས་འཛུགས་སྐྲུན་དང་། འཛད་སྤྱོད་སྐུལ་སྤེལ། ཐོན་ལས་གོང་འཕེལ། གྲོང་གསེབ་དར་རྒྱས། དམངས་འཚོ་ལེགས་གཏོང་སོགས་ཀྱི་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་ནས་ལག་ལེན་དང་། མི་དམངས། ལོ་རྒྱུས་བཅས་ཀྱི་ཚོད་བགམ་ཐེག་ཐུབ་པའི་གྲུབ་འབྲས་དངོས་ཧུར་ཐག་གཏོད་དགོས། སྒྲིག་ཁྲིམས་དང་སྒྲིག་ལམ་ནན་སྲུང་བྱེད་དགོས་ཤིང་། ཡང་དག་པའི་ (པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད)སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོ་ཁྲིད་སྟོན་དུ་བཟུང་ནས། དམངས་གཙོ་གཅིག་སྡུད་ལམ་ལུགས་ཀྱི་སློབ་གསོ་ཟབ་སྤེལ་དང་། རིམ་ཁག་ཏང་ཨུད་ཀྱི་གྲོས་མོལ་ཇུས་ཐག་གཅོད་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། བཀག་རྒྱའི་གསལ་ཐོ་ཞིབ་ཕྲ་བཟོ་བ། ལྟ་སྐུལ་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། རིམ་ཁག་ཏང་ཨུད་ཀྱིས་ཚན་རིག་དང་མཐུན་པའི་ཇུས་ཐག་གཅོད་པ་དང་། དམངས་གཙོས་ཇུས་ཐག་གཅོད་པ། ཁྲིམས་ལྟར་ཇུས་ཐག་གཅོད་པ་བཅས་འགན་ལེན་ཏན་ཏིག་བརྒྱུད་རིམ་ཁག་འགོ་ཁྲིད་ཚན་པའི་གོང་བུ་འགྲིལ་ཤུགས་དང་འཐབ་འཛིང་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ཏང་གིས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་ནན་པོ་བྱ་དགོས་ཤིང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ཁ་ཞེ་གཉིས་མེད་ངང་དོན་འཁྱོལ་བྱེད་པ་དང་། གྲོང་ཨུད་ཀྱིས་སྤྱོད་ཚུལ་སྔར་བས་ལེགས་སུ་བཏང་ནས་དོན་འཁྱོལ་དམ་འཛིན་བྱེད་པའི་ལས་ཀའི་ཚད་གཞི་དོན་འཁྱོལ་ནན་ཏན་བྱེད་པ། ཕྱི་ཚུལ་རིང་ལུགས་སྤངས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་ལ་གཅིག་སྡུད་བཅོས་སྒྲིག་མཐར་ཕྱིན་བྱེད་པ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཁྲིམས་ལྟར་དབང་ཆ་སྤྱོད་པ་དང་སྤྱོད་གཙང་སྲིད་སྐྱོང་བྱ་རྒྱུར་ཁྲིད་སྟོན་བཅས་བྱས་ཐོག་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་སྣང་ཚུལ་ཅིག་ཆགས་པ་བྱེད་དགོས།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཏང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ་མིག་སྔའི་སྤྱི་ཚོགས་བདེ་འཇགས་བརྟན་ལྷིང་ལས་དོན་གྱི་དུས་བབ་གསར་པ་དང་། གནས་ཚུལ་གསར་པ། གནད་དོན་གསར་པ་བཅས་ཁོང་དུ་ཡང་དག་ཆུད་པ་བྱས་ཏེ་བརྟན་ལྷིང་སྲུང་སྐྱོང་གི་ཆབ་སྲིད་ལས་འགན་ཨང་དང་པོ་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་དགོས་པ་དང་། ཆུ་མ་ཤོར་གོང་ནས་ཆུ་རགས་དང་། རྐྱེན་མ་བྱུང་གོང་ནས་ཟློག་པ་རྒྱག་པའི་ལས་རྗེས་མང་ཙམ་འཇོག་པ།“དོ་དམ་གསུམ་དང་ངེས་པར་གསུམ”གྱི་འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་པ། གཞུང་ལམ་འགྲིམ་འགྲུལ་དང་། བཟོ་གཏེར་ཁེ་ལས། ནགས་ཚལ་རྩྭ་ཐང་། སློབ་གྲྭ་སྨན་ཁང་། ཚོང་རའམ་སྒོ་རྩིས་ཚོང་ཁང་སོགས་གཙོ་གནད་ཁྱབ་ཁོངས་དང་གཙོ་གནད་ལས་རིགས་ཀྱི་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་མངོན་གསལ་དོད་པོས་དམ་འཛིན་བྱེད་པ། འགལ་ཟླ་དང་རྩོད་གཞི་ཕྱོགས་ཡོངས་ནས་གྲལ་བཤེར་དང་ངོ་བོའི་ཐོག་ནས་འདུམ་འགྲིག་སེལ་ཐབས་བྱེད་པ། ཡིག་བསྐུར་ངོ་བཅར་ལས་དོན་ཁྲིམས་སྐྱོང་ཅན་དུ་འགྱུར་རྒྱུར་སྐུལ་འདེད་ནུས་ལྡན་གཏོང་བ་བཅས་བྱས་ཏེ“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་ཆེད་བདེ་འཇགས་བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག་གཏོད་དགོས།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་ལྗོངས་ཡོངས་ཀྱི་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པའི་དཔྱད་ཞིབ་ལས་དོན་ལ་བཀོད་སྒྲིག་བྱེད་པའི་གལ་ཆེའི་དོན་སྙིང་ལ་ངོས་འཛིན་གཏིང་ཟབ་རྒྱག་དགོས་པ་དང་། ཐོབ་དཀའ་བའི་གྲུབ་འབྲས་ལ་གཅེས་སྤྲས་ལྡབ་བརྒྱ་བྱེད་པ། ཚད་མཐོའི་མཐོང་ཆེན་དང་འགན་འཁྲི་ནན་དུ་གཏོང་བ། རང་འགུལ་ངང་སྔོན་ཐོན་གྱི་ས་ཁུལ་དང་གྲོང་ཁྱེར། སྔོན་ཐོན་ཚན་པ་བཅས་དམིགས་ཚད་དུ་བཟུང་ནས་ཧེ་བག་དང་མི་འདང་བའི་ཆ་ཡང་དག་འཚོལ་དགོས་པ། འབད་བརྩོན་བྱེད་ཕྱོགས་ཁ་གསལ་བཟོ་བ། རྒྱལ་ཁ་ཐོབ་ངེས་ཀྱི་ཡིད་ཆེས་བརྟན་དུ་གཏོང་བ། ལས་ཀའི་ངར་ཤུགས་འཕེལ་བ་བཅས་བྱས་ཏེ་ལོ་ཧྲིལ་པོའི་ལས་དོན་ཁག་ཡག་པོ་སྒྲུབ་པ་དང་། ཚན་རིག་དང་མཐུན་ལ་ལུགས་མཐུན་ངང་ངེད་གྲོང་ཁྱེར་གྱི་ཕྱོགས་བསྡུས་དཔྱད་ཞིབ་ལས་དོན་ཡག་པོ་སྒྲུབ་ཐོག། ཧེ་བག་དང་། ཡག་ཉེས། རང་ཤུགས་བཅས་འཚོལ་ཐབས་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ལྷོ་ཁ་འཛུགས་སྐྲུན་བྱ་རྒྱུ་དག་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས་སོ།
ཚོགས་འདུའི་ཐོག་སྐབས་གཉིས་པའི་གྲོང་ཨུད་ཀྱི་རེས་སྐོར་བདུན་པའི་སྐོར་ཞིབ་དག་ཐེར་གྱི་རྒྱུན་གཏན་ལྟ་སྐུལ་དང་། གཅིག་སྡུད་ལྟ་སྐུལ། ཕན་འབྲས་དཔྱད་དཔོག་བཅས་ཀྱི་ལས་དོན་སྤེལ་ཚུལ་གསན་པ་དང་། སྐོར་ཞིབ་བྱ་ཡུལ་ཏང་རྩ་འཛུགས་ཀྱིས་ཚད་མཐོའི་མཐོང་ཆེན་བྱས་ཏེ་དག་ཐེར་གྱི་བྱེད་པོའི་འགན་འཁྲི་ནན་དུ་གཏོང་དགོས་པ། གནད་དོན་གྱི་གསལ་ཐོར་ཞིབ་བསྡུར་ནན་པོ་བྱེད་པ། གནད་དོན་ལ་དམ་པོར་དམིགས་པ་བཅས་བརྒྱུད་བྱ་སྤྱོད་དངོས་ཀྱི་ཐོག་ནས་གནད་དོན་དག་ཐེར་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་དགོས་པ། འགན་བབ་ཚན་པ་ཁག་གིས་དག་ཐེར་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་རྗེས་སྙེག་ཕན་འདྲི་བྱས་ཏེ་དག་ཐེར་གནད་ལ་མི་འཁེལ་བ་དང་། མཐར་ཕྱིན་པ་བྱུང་མེད་རིགས་ལ་སྒྲིག་ཁྲིམས་དང་བཅའ་ཁྲིམས་གཞིར་བཟུང་འགན་འཁྲི་བདའ་འདེད་ནན་པོ་གཏོང་རྒྱུའི་ནན་བཤད་བྱས་ཡོད་པ་རེད།
ཚོགས་འདུས་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།། བསོད་ནམས་བསྟན་པས་བསྒྱུར། བསོད་ཡེ་བདེས་ཞུས།