--ངེད་གྲོང་ཁྱེར་གྱི་རྫོང་ངམ་ཆུས(གྲོང་ཁྱེར)ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོང་ངོ་67འཁོར་བར་དྲན་གསོ་གཟབ་རྒྱས་ཞུས་པའི་པར་རིས་བདམས་བཀོད།
གངས་ལྗོངས་ས་མཐོར་དཔྱིད་དཔལ་རབ་ཏུ་བཞད། ལོ་ངོ་67གོང་གི་དཔྱིད་ཀར་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱ་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་ལྕགས་སྒྲོག་ལས་ཐར་ནས་ཡར་ལངས་བཅིངས་འགྲོལ་ཐོབ་པ་དང་། ལོ་ངོ་67སོང་རྗེས་མི་དམངས་རང་ཁྱིམ་རང་བདག་གི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་ཞིག་འཛམ་གླིང་ཡང་རྩེར་འགྱིང་ངེར་གནས།
ལོ་ངོ་67རིང་། གངས་ལྗོངས་ས་མཐོར་གནམ་ས་བླ་འོག་གི་འགྱུར་ལྡོག་བྱུང་ཡོད། དེ་ཉིན་ལྷོ་ཁའི་མི་རིགས་ཁག་དང་ལས་རིགས་གི་ལས་བྱེད་མང་ཚོགས་ཚོས་རྒྱལ་དར་བསྒྲེངས་པ་དང་རྒྱལ་གླུ་ལེན་པ། ཡུལ་ལུང་སོ་སོའི་ཁྱད་ཆོས་ལྡན་པའི་རིག་རྩལ་འཁྲབ་སྟོན་བྱེད་པ་སོགས་ལ་བརྟེན་ནས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་ངོ་67འཁོར་བར་དྲན་གསོ་གཟབ་རྒྱས་ཞུས་པ་རེད།
གར་སྟེགས་ཐོག་ཡུལ་མི་ཚོས་ཏང་ལ་བསྟོད་གླུ་ལེན་པ་དང་མཛེས་སྡུག་ལྡན་པའི་འཚོ་བར་བསྟོད་གླུ་ལེན་བཞིན་སྤྲོ་སྣང་ལྡན་པའི་ཞབས་བྲོ་འཁྲབ་པ་དང་། གར་སྟེགས་འོག་ཡུལ་སྐོར་བ་ཚོས་ཐལ་མོ་ཡང་སེ་རྡེབ་པ་དང་དགའ་འབོད་བྱས་ནས། ཚང་མའི་གདོང་ལས་བདེ་སྐྱིད་ལྡན་པའི་འཛུམ་མདངས་འཕྱུར། གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་དེ་དག་ནི་ཏང་གི་སྲིད་ཇུས་བཟང་པོ་ལས་བྱུང་བ་ཞིག་དང་། ཚང་མས་ལས་ལ་བརྩོན་ནས་བྱུང་བ་ཞིག་རེད།
དེ་ཉིན་གྲོང་ཁྱེར་ནས་གྲོང་གསེབ་བར་དང་། སློབ་གྲྭ་ནས་འབྲོག་རའི་བར། ལས་ཁུངས་ནས་གཞི་རིམ་བར་བཅས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་དེ་བས་དཔའ་ངར་ཆེར་སྐྱེད་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་སྐྲུན་པའི་རྒྱང་ལམ་དུ་འབད་འབུངས་མདུན་སྐྱོད་བྱེད་བཞིན་མཆིས།