第02版:综合新闻 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
གྲོང་ཁྱེར་ཡོངས་ཀྱི་ཏང་གི་སློབ་གྲྭའི(སྲིད་འཛིན་སློབ་གླིང)སློབ་སྤྱིའི་ལས་དོན་ཚོགས་འདུ་འཚོགས་པ།
ངེད་གྲོང་ཁྱེར་གྱི་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་ཆེད་དོན་བཅོས་སྒྲིག་ལས་དོན་ལ་སྐུལ་འདེད་གཏོང་བའི་ཚོགས་འདུ་འཚོགས་པ།
2025ལོར་ངེད་གྲོང་ཁྱེར་གྱི་གྲོང་གསེབ་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་24990ཟིན་པ།
བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་67འཁོར་བར་དྲན་གསོ་ཞུས་པ།
རང་སྐྱོང་ལྗོངས་སྲིད་གྲོས་རྟོག་ཞིབ་ཚོགས་ཆུང་གིས་ངེད་གྲོང་ཁྱེར་དུ་ཆེད་དོན་བཞུགས་མོལ་འཚོགས་པ།
| 山南网首页 |
2026年4月1日 星期
3 上一篇  下一篇 4 放大 缩小 默认
ངེད་གྲོང་ཁྱེར་གྱི་རྫོང་ངམ་ཆུས་སམ་གྲོང་ཁྱེར་ཁག་གིས།
བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་67འཁོར་བར་དྲན་གསོ་ཞུས་པ།
 

འདི་ག་ཚགས་པར་ཁང་ནས་ཕྱོགས་བསྡུས་གནས་ཚུལ་སྤེལ་གསལ། ཉེ་ལམ། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་67འཁོར་བར་དྲན་གསོ་ཞུ་བའི་རང་སྐྱོང་ལྗོངས་ཀྱི་སྒྲོག་འགྲེལ་ཚོགས་པའི་སྙན་ཞུའི་ཚོགས་འདུ་དེ་ངེད་གྲོང་ཁྱེར་དུ་འཚོགས་པ་རེད། རང་སྐྱོང་ལྗོངས་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། གྲོང་ཨུད་ཏང་གི་སློབ་གྲྭའི་སློབ་སྤྱི་གཞོན་པ་ལུའོ་ཞུང་ཝུན་གྱིས་དམངས་གཙོའི་སྒྱུར་བཅོས་ཀྱི་ངོ་བོ་དང་ལོ་རྒྱུས་ཀྱི་ལྡོག་མེད་རང་བཞིན་སོགས་ལ་དམིགས་ནས་ཕྱོགས་ཡོངས་དང་གཏིང་ཟབ་པ། དབང་གྲགས་ལྡན་པ་བཅས་ཀྱི་ཐོག་ནས་ནང་དོན་གསལ་འགྲེལ་བརྒྱབ་པ་རེད། ངོ་མཚར་ཆེ་བའི་སྒྲོག་འགྲེལ་དེར་ཚོགས་ཞུགས་མི་སྣའི་ཁྲོད་ལན་ཆ་དྲག་པོ་བྱུང་ཞིང་། ཚང་མས་ད་ཐེངས་ཀྱི་སྒྲོག་འགྲེལ་བརྒྱུད་གོམ་སྟབས་རྗེས་མར་རང་འཁྲིའི་ལས་དོན་དང་ཟུང་འབྲེལ་གྱིས་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པར་ཁ་ཕྱོགས་དང་བསམ་ཕྱོགས་ཁ་གསལ་བཏོན་པའི་ངོས་འཛིན་བྱུང་ཡོད་པ་རེད།

ཉེ་ལམ། མཚོ་སྣ་གྲོང་ཁྱེར་གྱིས“ལོ་རྒྱུས་བློ་ལ་བརྟན་པོར་ངེས། དྲིན་ཚོར་ཡར་བརྩོན་ལས་ལ་འབུངས། མཐུན་སྒྲིལ་ངང་ནས་བོད་གསར་བསྐྲུན”ཞེས་པའི་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ།

ཉེ་ལམ། ལྷོ་བྲག་རྫོང་གིས“བདེ་སྐྱིད་འཚོ་བས་ཏང་གི་བཀའ་དྲིན་ཚོར། མི་རིགས་མཐུན་སྒྲིལ་མཐའ་མཚམས་བརྟན་དུ་གཏོང”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་67འཁོར་བར་དྲན་གསོ་ཞུ་བའི་ཞབས་བྲོའི་འགྲན་བསྡུར་བྱས་པ།

ཉེ་ལམ། ལྷུན་རྩེ་རྫོང་གིས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་67འཁོར་བར་དྲན་གསོ་ཞུ་བའི“རྒྱལ་དར་སྒྲེང་བ་དང་རྒྱལ་གླུ་གཏོང་བའི”མཛད་སྒོ་འཚོགས་པ།

ཉེ་ལམ། ཆུ་གསུམ་རྫོང་གིས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་67འཁོར་བར་དྲན་གསོ་ཞུ་བའི“རྒྱལ་དར་སྒྲེང་བ་དང་རྒྱལ་གླུ་གཏོང་བའི”མཛད་སྒོ་འཚོགས་པ།

ཉེ་ལམ། མཚོ་སྨད་རྫོང་གིས“རྒྱལ་དར་སྒྲེང་བ་དང་རྒྱལ་གླུ་ལེན་པའི”མཛད་སྒོ་འཚོགས་ནས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་67འཁོར་བར་དྲན་གསོ་ཞུས་པ།

ཉེ་ལམ། སྣ་དཀར་རྩེ་རྫོང་གིས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་67འཁོར་བར་དྲན་གསོ་ཞུ་བ་དང་ལྷོ་ཁ་གྲོང་ཁྱེར་ས་སྒྱུར་གྲོང་འཛུགས་བྱས་ནས་ལོ་10འཁོར་བར་རྟེན་འབྲེལ་ཞུ་བའི་རིག་རྩལ་མཚན་ཚོགས་གཉེར་བ།

ཉེ་ལམ། སྣེ་གདོང་ཆུས་ཕོ་བྲང་ཤང་གིས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ཁང་དུ“ཞིང་བྲན་ལ་བཅིངས་འགྲོལ་བཏང་བའི་ལོ་རྒྱུས་བློ་ལ་བརྟན་པོར་ངེས། དྲོ་སྐྱིད་ལྡན་པའི་དང་བླངས་ང་དང་འགྲོགས”ཞེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་67འཁོར་བར་དྲན་གསོ་ཞུས་པ།

ཉེ་ལམ། གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་ལས་ཁུངས་ཏང་ཀྲི་པུས“ལོ་རྒྱུས་བློ་ལ་བརྟན་པོར་ངེས་ནས་ཐོག་མའི་བསམ་འདུན་དྲན། འགན་འཁྲི་ཕྲག་ཏུ་འཁུར་ནས་བྱ་གཞག་རྒྱུན་འཛིན་བྱེད་”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་ཏང་ཡོན་ལས་བྱེད་པ་20ལྷག་ཙམ་སྒྲིག་འཛུགས་ཀྱིས་ཏང་ཡོན་རྒན་གྲས་ཚེ་རིང་སྒྲོལ་མའི་ཁྱིམ་དུ་“གཅིག་བྱས་པ་དྲུག”གི་ཁྱད་ལྡན་ཏང་གི་གཙོ་དོན་ཉིན་མོའི་བྱེད་སྒོ་སྤེལ་ནས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་67འཁོར་བར་དྲན་གསོ་ཞུས་པ། བསོད་ནམས་བསྟན་པས་བསྒྱུར། བསོད་བདེ་ཡེས་ཞུས།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:专版
གྲོང་ཁྱེར་ཡོངས་ཀྱི་ཏང་གི་སློབ་གྲྭའི(སྲིད་འཛིན་སློབ་གླིང)སློབ་སྤྱིའི་ལས་དོན་ཚོགས་འདུ་འཚོགས་པ།
ངེད་གྲོང་ཁྱེར་གྱི་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་ཆེད་དོན་བཅོས་སྒྲིག་ལས་དོན་ལ་སྐུལ་འདེད་གཏོང་བའི་ཚོགས་འདུ་འཚོགས་པ།
2025ལོར་ངེད་གྲོང་ཁྱེར་གྱི་གྲོང་གསེབ་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་24990ཟིན་པ།
བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་67འཁོར་བར་དྲན་གསོ་ཞུས་པ།
རང་སྐྱོང་ལྗོངས་སྲིད་གྲོས་རྟོག་ཞིབ་ཚོགས་ཆུང་གིས་ངེད་གྲོང་ཁྱེར་དུ་ཆེད་དོན་བཞུགས་མོལ་འཚོགས་པ།