第01版:头版 4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
《ཀྲུང་གོ་གུང་ཁྲན་ཏང་ས་གནས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྲོལ་ཡིག》ལ་གྲོས་ཞིབ་བྱས་པ།
ངེད་གྲོང་ཁྱེར་གྱིས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་ངོ་67འཁོར་བར་དྲན་གསོ་ཞུ་བའི“རྒྱལ་དར་སྒྲེང་བ་དང་རྒྱལ་གླུ་ལེན་པའི”མཛད་སྒོ་འཚོགས་པ།
ལི་ཧྥུའུ་ཀྲུང་གིས་གྲོང་ཨུད་འཐབ་ཕྱོགས་གཅིག་གྱུར་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་བ།
2025ལོར་ངེད་གྲོང་ཁྱེར་གྱི་གྲོང་གསེབ་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་24990ཟིན་པ།
ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོ་སྤེལ།
བསམ་གྲུབ་ཚེ་རིང་གིས་གྲོང་ཁྱེར་སྲིད་གཞུང་གི་ཏང་ཙུའི(རྒྱ་ཆེ)ཚོགས་འདུ་སྐོང་འཚོགས་གནང་བ།
| 山南网首页 |
2026年4月1日 星期
3 上一篇  下一篇 4 放大 缩小 默认
བསམ་གྲུབ་ཚེ་རིང་གིས་གྲོང་ཁྱེར་སྲིད་གཞུང་གི་ཏང་ཙུའི(རྒྱ་ཆེ)ཚོགས་འདུ་སྐོང་འཚོགས་གནང་བ།
 
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ལམ། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། གྲོང་སྤྱི་བསམ་གྲུབ་ཚེ་རིང་གིས་གྲོང་ཁྱེར་སྲིད་གཞུང་ཏང་ཙུའི(རྒྱ་ཆེའི)ཚོགས་འདུ་གཙོ་སྐྱོང་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། ཀྲུང་དབྱང་དང་། ལྗོངས་ཏང་ཨུད། གྲོང་ཨུད་བཅས་ཀྱི་འབྲེལ་ཡོད་ཚོཊ་འདུ་དང་ཡིག་ཆའི་དགོངས་དོན་བཅས་བརྒྱུད་བསྒྲཊ་དང་སློབ་སྦྱོང་གནང་སྟེ་སྲིད་གཞུང་ཁོངས་གཏོགས་ཀྱི་ལག་བསྟར་དོན་འཁྱོལ་ལས་དོན་ལ་བཀོད་སྒྲིག་གནང་བ་རེད།

བསམ་གྲུབ་ཚེ་རིང་གིས་གསུངས་དོན། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོཊ་འདུའི་ཐོག་གྲོས་ཞིབ་བྱུང་བའི《ཀྲུང་གོ་གུང་ཁྲན་ཏང་ས་གནས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྲོལ་ཡིག》ནི་(པར་ངོས་གསུམ་པར་གཟིཊ) (པར་ངོས་དང་པོར་མཐུད)དུས་རབས་གསར་པར་ས་གནས་ཏང་ཨུད་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་པའི་རྩ་བའི་གཞི་འཛིན་ས་ཞིག་ཡིན་པས་སྲིད་གཞུང་ཁོངས་གཏོགས་ཀྱི་རིམ་ཁག་ཏང་ཙུའུ(ཏང་ཨུད)ཡིས་གོ་བ་གཏིང་ཟབ་ལེན་དགོས་པ་དང་། དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ། ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་འཛུགས་སྐྱོང་དེ་གནས་བབ་ཨང་དང་པོར་བཞག་ཏེ་ཏང་གི་འགོ་ཁྲིད་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱབ་ཁོངས་ཁག་དང་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱས་ཐོག་དངོས་སྒྲུབ་བྱས་རྗེས་ལ་བརྟེན་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་དང་གྲོང་ཨུད་ཀྱི་ལས་ཀའི་བླང་བྱ་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་གཏོང་དགོས།

བསམ་གྲུབ་ཚེ་རིང་གིས་ནན་བཤད་གནང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞུང་ཨན་ཁུལ་གསར་དུ་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་ནན་ཏན་བླངས་ནས་གླིང་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་དེ་ཁ་བཤོ་འབིགས་སར་བྱེད་པ་དང་། འཆར་འགོད་ཀྱི་ཁྲིད་ཕྱོགས་མཐའ་འཁྱོངས་བྱེད་པ། རྨང་གཞིའི་འདེགས་སྐྱོར་བརྟན་དུ་གཏོང་བ། ཚོང་འགུགས་ཐབས་ལམ་གསར་གཏོད་བྱེད་པ་བཅས་ཀྱི་ཐོག་ནས་ཐོན་ལས་གཅིག་སྡུད་དང་ནུས་པ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས། རྒྱལ་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་པུའུ་ཀྲང་གི་ཚོགས་འདུ་དང་དྲིལ་བསྒྲགས་པུའུ་ཀྲང་གི་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་མཐར་ཕྱིན་བྱས་ཏེ་གཙོ་རྒྱུན་གླེང་ཕྱོགས་སྲ་བརྟན་དང་སྟོབས་ཆེར་གཏོང་བ་དང་། དྲང་ནུས་ཆེ་ཤོས་གཅིག་ཏུ་སྒྲིལ་བ། ཕུགས་འདུན་གཅིག་ཏུ་སྒྲིལ་བ་བཅས་བྱས་ཏེ་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ལྷོ་ཁ་འཛུགས་སྐྲུན་བྱ་ཆེད་འབད་འབུངས་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས།

བསམ་གྲུབ་ཚེ་རིང་གིས་བླང་བྱ་བཏོན་དོན། རིམ་ཁག་ཚན་པ་ཁག་གིས་ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་ལ་གཞིགས་ཏེ་ལས་དོན་མཐའ་དག་མདུན་ཕྱོགས་སུ་སྒྲུབ་པ་དང་། དཔལ་འབྱོར་འཁོར་སྐྱོད་བཀོད་གཏོང་དང་། གཙོ་གནད་རྣམ་གྲངས་འཛུགས་སྐྲུན། འཛད་སྤྱོད་ལ་སྐུལ་འདེད་གཏོང་བ། “བཞི་ཐོག”ཁེ་ལས་སྐྱེད་སྲིང་སོགས་ཀྱི་གཙོ་གནད་ལས་འགན་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་བྱས་ཏེ་འགོ་འཛུགས་རྣམ་པ་ཡག་པོའི་ཐོག་ནས་ལོ་ཧྲིལ་པོར་རྒྱལ་ཁ་ཐོབ་པའི་འགན་ལེན་བྱེད་དགོས། དུས་དང་རྣམ་པ་ཀུན་ཏུ་བདེ་འཇགས་ཀྱི་རྩ་བ་དེ་དམ་པོར་བཟུང་བ་དང་། གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས་མི་མངོན་པའི་རྐྱེན་རྩ་གྲལ་བཤེར་བཅོས་སྒྲིག་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་དགོས་པ། གཞུང་ལམ་འགྲིམ་འགྲུལ་གྱི་ཆེད་དོན་བཅོས་སྒྲིག་ཕྱོགས་ཡོངས་ནས་བྱེད་པ། བདེ་འཇགས་ཀྱི་མཐའ་ཚད་མཐའ་གཅིག་ཏུ་བརྟན་པོ་སྲུང་བ་བཅས་བྱས་ཏེ་ཆུ་ཚད་མཐོ་བའི་བདེ་འཇགས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་ལེན་ཏན་ཏིག་བྱེད་དགོས་སོ།།

བསོད་བསྟན་གྱིས་བསྒྱུར། བསོད་ཡེ་བདེས་ཞུས།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:专版