འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། སྔར་སོང་དཀའ་སྡུག་མི་བརྗེད་སེམས་ལ་ངེས། དེང་གི་བདེ་སྐྱིད་འཚོ་བར་དྲིན་ཚོར་བྱེད། དུས་རབས་གསར་པའི་མཚར་སྡུག་ལེ་ཚན་མུ་མཐུད་རྩོམ། ཟླ་3པའི་ཚེས་28ཉིན་སྔ་དྲོའི་ཆུ་ཚོད་10པ་ཏག་ཏག ངེད་གྲོང་ཁྱེར་གྱི་མི་རིགས་ཁག་དང་རིགས་ཁོངས་ཁག དེ་བཞིན་ལས་རིགས་ཁག་བཅས་ནས་ཡོང་བའི་འཐུས་མི་ཚོས་མེ་འཁོར་འབབ་ཚུགས་ཐང་ཆེན་ཐོག་གྲལ་བསྟར་འགྲིག་པོས་དམར་མདངས་འཚེར་བའི་སྐར་ལྔའི་དར་དམར་ཕྱོགས་ནས། རྒྱལ་དར་བསྒྲེང་བ་དང་རྒྱལ་གླུ་ལེན་པའི་མཛད་སྒོར་ཞུགས་ཏེ། བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་བཏང་ནས་ལོ་67འཁོར་བར་དྲན་གསོ་ཞུས་པ་རེད། གྲོང་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས་སོགས་ཀྱི་ལས་གནས་ཐོག་ཞུགས་པའི་ཐིང་རིམ་པའི་འགོ་ཁྲིད་ཚོས་མཛད་སྒོ་འཚོགས་སར་ཕེབས་ཡོད་པ་རེད། སྣེ་གདོང་ཆུས་ཨུད་ཀྱི་ཧྲུའུ་ཅི་བུ་ཏོག་གིས་ཤིས་ཚིག་བསྒྲོན་གནང་བ་རེད།
ཤིས་ཚིག་ནང་གསུངས་དོན། ཀྲུང་གོ་གུང་ཁྲན་ཏང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་འོག བོད་ཀྱིས་དམངས་གཙོའི་ (པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད)བཅོས་བསྒྱུར་དང་། སྤྱི་ཚོགས་རིང་ལུགས་འཛུགས་བསྐྲུན། བསྒྱུར་བཅོས་སྒོ་དབྱེ་བཅས་བརྒྱུད་པར། མུན་ནག་ནས་འོད་ཟེར་དང་། རྗེས་ལུས་ནས་ཡར་ཐོན། དབུལ་ཕོངས་ནས་ཕྱུག་འགྱུར། སྒེར་སྤྱོད་ལམ་ལུགས་ནས་དམངས་གཙོ། བཀས་བཀོད་རྒྱུན་འཛིན་ནས་སྒོ་དབྱེ་བཅས་ལ་ཕྱོགས་པའི་ལོ་རྒྱུས་ཀྱི་འཕོ་འགྱུར་བཏང་སྟེ། ལོ་རྒྱུས་ཐོག་བྱུང་མི་བྱུང་བའི་མི་ཡུལ་གྱི་ངོ་མཚར་བཏོད་ཡོད། ལྷག་དོན་དུ་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་བོད་ཀྱི་ལས་དོན་ལ་སྤྱི་འདོམས་དང་འཆར་འགོད་བསམ་གཞིགས་གནང་ཞིང་། སྐུ་ངོ་མས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དང་བདུན་པ་བསྐོང་འཚོགས་གནང་བ་དང་། སྔ་རྗེས་སུ་གངས་ལྗོངས་ས་མཐོར་ངོ་ཕེབས་ཐེངས་གཉིས་གནང་སྟེ། དུས་རབས་གསར་པའི་བོད་ཀྱི་ལས་དོན་ཡག་པོ་བསྒྲུབ་པར་མདུན་སྐྱོད་བྱེད་པའི་ཁ་ཕྱོགས་དང་གཞི་རྩའི་རྩ་དོན་མཁོ་འདོན་གནང་ཡོད།ཏང་ཀྲུང་དབྱང་གི་ཐུགས་འཁུར་ཟབ་བཞེས་བ་དང་། རྒྱལ་ཡོངས་མི་དམངས་དང་ལྷག་དོན་དུ་ཞིང་ཆེན་གསུམ་དང་ཀུང་སི་གཅིག་གི་སྒེར་སེམས་མེད་པའི་རོགས་སྐྱོར་འོག ཡར་ཀླུང་བུ་ཕྲུག་ཁྲི་ཚོ་36གིས་མངགས་བཅོལ་ཟབ་མི་སེམས་ལ་བརྟན་པོར་ངེས་ཤིང་། དྲིན་ཚོར་འབད་འབུངས་དང་མཐུན་སྒྲིལ་རྡོག་རྩ་གཅིག་ལ་བསྒྲིལ་བ། དཀའ་སྤྱད་འབད་བརྩོན་བཅས་བྱས་པར། ལྷོ་ཁའི་ཆབ་སྲིད་བདེ་འཁོད་དང་། སྤྱི་ཚོགས་བརྟན་ལྷིང་། དཔལ་འབྱོར་འཕེལ་རྒྱས། དམངས་འཚོ་ལེགས་བཅོས། སྐྱེ་ཁམས་འཛུགས་སྐྱོང་། མི་རིགས་མཐུན་སྒྲིལ། མཐའ་བརྟན་མཐའ་སྲུང་སོགས་བྱ་གཞག་ཁག་ལ་ཕྱོགས་ཡོངས་ཡར་ཐོན་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད།
ཤིས་ཚིག་ནང་ནན་བཤད་གནང་དོན། 2026ལོ་ནི་བོད་ལ་ཞི་བའི་བཅིངས་འགྲོལ་ཐོབ་ནས་ལོ་75འཁོར་བའི་ལོ་ཞིག་དང་། ལོ་ལྔ་ཚན་འཆར་གཞི་བཅོ་ལྔའི་འགོ་ཚུགས་ལོ་ཞིག་ཀྱང་ཡིན་པས། ང་ཚོས་མུ་མཐུད་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ། དེ་བས་སྤྲོ་སེམས་འཁོལ་བ་དང་དེ་བས་སྤྱོད་ཚུལ་ལེགས་པ། དེ་བས་བློ་སྟོབས་ཆེར་སྐྱེད་བཅས་བཅངས་ནས། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་བསྐྲུན་ཆེད་ལྷོ་ཁའི་ལེགས་སྐྱེས་འབུལ་དགོས།
མཛད་སྒོར་ཞུགས་མཁན་ལས་བྱེད་པ་དང་མང་ཚོགས་ཚོས་མགྲིན་གཅིག་ཏུ་ཆོད་སེམས་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཁས་མཛངས་ལྡན་པའི་དབུ་ཁྲིད་གནང་བའི་འོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ། རྒྱལ་ཁབ་སྟོབས་ཆེན་དང་མི་རིགས་བསྐྱར་དར་མངོན་འགྱུར་ཐུབ་ཆེད་ལེགས་སྐྱེས་གསར་པ་སྔར་བས་ཆེ་བ་མུ་མཐུད་ནས་འབུལ་རྒྱུ་ཡིན།
གྲོང་ཁྱེར་ཐད་གཏོགསཚན་པ་དང་སྣེ་གདོང་ཆུས་ཀྱི་ལས་བྱེད་པ་དང་ལས་བཟོ་པའི་འཐུས་མི། བཅའ་སྡོད་དམག་དཔུང་འཐུས་མི། དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག་འཐུས་མི། མེ་ཟོན་འཐབ་འཛིང་བཀོད་འདོམས་པའི་འཐུས་མི། སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པའི་འཐུས་མི། ལས་འཁྱུར་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་རྒན་གྲས་ཀྱི་འཐུས་མ། ཞིང་འབྲོག་མང་ཚོགས་ཀྱི་འཐུས་མི། གྲ་བཙུན་འཐུས་མི། ཁོར་ཡུག་སྲུང་སྐྱོང་དང་འཕྲོད་བསྟེན་ལས་བཟོ་པའི་འཐུས་མི། སློབ་ཕྲུག་འཐུས་མི། སློབ་གསོའི་འཐུས་མི། སྨན་བཅོས་ལས་དོན་མི་སྣའི་འཐུས་མི་སོགས་མཛད་སྒོར་ཞུགས་པ་རེད།མཛད་སྒོ་གྲོལ་རྗེས། མཛད་སྒོར་ཞུགས་མཁན་ཐིང་རིམ་པའི་འགོ་ཁྲིད་ཚོས་སྣེ་གདོང་ཆུས་ཀྱི་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་བཏང་ནས་ལོ་67འཁོར་བར་དྲན་གསོ་ཞུ་བའི་རིག་རྩལ་འཁྲབ་སྟོན་ལ་གཟིགས་པ་རེད།
བསོད་ནམས་དོན་གྲུབ་ཀྱིས་བསྒྱུར། བསོད་ཡེ་བདེས་ཞུས།