ཐུ་བྷོད་བསྟི་ས་ཡར་ཀླུང་སྒང་གཤོངས་ཁྱོན། །
དཔྱིད་དཔལ་བཞད་པའི་རྣམ་པ་ལྟ་ན་སྡུག །
ཨེ་མ་བདག་གི་ཕ་ཡུལ་ཡར་མོ་ཀླུང་། །
གོང་ནས་གོང་དུ་འཕེལ་བའི་ཡིད་སྨོན་སྐྱེས། །
གངས་དཀར་ལྷ་མོས་རྩེད་ཐང་སྐོམ་པ་སེལ། །
དཔྱིད་རླུང་སྒྲོལ་མས་ཁམ་བུའི་མེ་ཏོག་མཆོད། །
ལྗོན་འདབ་བཀྲ་བཟང་འདབ་ལོ་རབ་ཏུ་རྒྱས། །
ཇོ་ཇོ་བཀྲ་ཤིས་དཔྱིད་རྨོད་དཔྱིད་འདེབས་བྲེལ། །
བསྐལ་བཟང་རྫོགས་ལྡན་དུས་རབས་གསར་པ་རུ། །
འབད་འབུངས་ས་བོན་མ་ལུས་རེ་རེ་ལ། །
འབྲས་བཟང་སྨིན་པའི་བསྔོ་སྨོན་ཡོད་དོ་ཅོག །
མངོན་དུ་འགྱུར་བའི་འདུན་པ་ཡིད་ལ་བཅངས། །
ཨེ་མ་ཕ་ཡུལ་ལྷོ་ཁ་སྐྱིད་པར་སྣང་། །
ཁྱིམ་ལ་མ་ཞུགས་དཔྱིད་དཔལ་རོལ་བར་ཕེབས། །
སྤང་ལྗོངས་ནེའུ་གསིང་མཚོ་བྱ་ལ་སོགས་པས། །
ཁྱེད་ལ་བག་ཕེབས་སྤྲོ་བ་སྟེར་ནུས་སོ། །
◆སྣེའུ་མཐོང་གྲོལ།
རྩ་གཉིས་ཨང་རྟགས་བཤེར་ནས་ལྷོ་ཁའི་འགྲེམས་བསྒྲགས་འཕྲིན་སྟེགས་ལ་དོ་ཁུར་མཛོད།