འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཉེ་དུས། གྲོང་ཨུད་ཧྲུའུ་ཅི་ལི་ཧྥུའུ་ཀྲུང་གིས་གྲོང་ཨུད་རྒྱུན་ཨུད་ཚོགས་འདུ་སྐོང་འཚོགས་གནང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧོ་པེ་ཞུང་ཨན་ཁུལ་གསར་དུ་རྟོག་ཞིབ་གནང་བ་དང་འབྲེལ་ཞུང་ཨན་ཁུལ་གསར་གྱི་སྤུས་ཚད་མཐོ་བའི་འཛུགས་སྐྲུན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་། རྫོང་ཁོངས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་དབྱང་གི་འབྲེལ་ཡོད་ཡིག་ཆའི་དགོངས་དོན། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་སྡུད་བཅོས་སྒྲིག་མཐར་ཕྱིན་བྱ་རྒྱུའི་སྐོར་གྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་གསུང་བཤད་དགོངས་དོན་བཅས་སློབ་སྦྱོང་མཐར་ཕྱིན་བྱས་ཐོག ལག་བསྟར་དོན་འཁྱོལ་གྱི་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད།
ལི་ཧྥུའུ་ཀྲུང་གིས་ནན་བཤད་གནང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧོ་པེ་ཞུང་ཨན་ཁུལ་གསར་དུ་རྟོག་ཞིབ་གནང་བ་དང་འབྲེལ་ཞུང་ཨན་ཁུལ་གསར་གྱི་སྤུས་ཚད་མཐོ་བའི་(པར་ངོས་གཉིས་པར་གཟིགས) (པར་ངོས་དང་པོར་མཐུད) འཛུགས་སྐྲུན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་དེ་དུས་བབ་ཕག་གཟིགས་དང་། བསམ་བློ་གཏིང་ཟབ། ཕུགས་རྒྱང་རིང་བ་བཅས་ཡིན་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དང་མ་ལག་གི་འདུ་ཤེས་ཁྱབ་ཡོད་པས། ང་ཚོས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བ། གླིང་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་གཏོང་བར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་སྒུལ་ཤུགས་ཆེན་པོ་བསྣན་ཡོད། གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ཚན་པ་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་དགོངས་དོན་སློབ་སྦྱོང་མཐར་ཕྱིན་བྱས་ནས། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བརྟན་པོ་འཛུགས་པ་དང་ལག་བསྟར་གཏིང་ཟབ་བྱས་ཏེ་གླིང་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་དེ་ཐོན་ལས་རིམ་སྤོར་དང་རྣམ་གྲངས་གཅིག་སྡུད། སྒུལ་ནུས་བརྗེ་སྒྱུར་གྱི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ནུས་གསར་པ་བསྣན་དགོས། གླིང་ཁུལ་འཆར་འགོད་ཡག་པོ་བྱེད་དགོས། དམིགས་ས་མཐོ་བ་དང་། ཚད་གཞི་མཐོ་བ། སྤུས་ཚད་མཐོ་བ་བཅས་མཐའ་འཁྱོངས་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་གླིང་ཁུལ་ཁག་ལ་གཅིག་གྱུར་འཆར་འགོད་དང་གནས་ཐིག་གཏན་འཁེལ་གཅིག་གྱུར་བྱས་ཐོག གླིང་ཁུལ་གྱི་ནུས་པ་གསབ་རེས་དང་། དགེ་མཚན་གསབ་རེས། མཉམ་སྡེབ་ཤུགས་འདོན་བཅས་བྱེད་པར་སྐུལ་འདེད་གཏོང་དགོས། གཞི་རྟེན་ལས་སྟེགས་ཡག་པོ་བསྐྲུན་དགོས། གླིང་ཁུལ་གྱི་སྤུས་ཚད་མཐོ་བའི་འཛུགས་སྐྲུན་དང་ཕན་ནུས་ཆེ་བའི་བཅོས་སྐྱོང་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ་དང་། ས་ཞིང་དང་སྲིད་ཇུས། ལས་མི་བཀོལ་སྤྱོད། ལག་རྩལ་སོགས་ཀྱི་གཞི་རྒྱུ་གཙོ་བོའི་འགན་སྲུང་སྤྱི་འདོམས་ལེགས་པར་བསྒྲུབས་ཏེ། བྱེད་ནུས་འཐུས་སྒོ་ཚང་བའི་དེང་རབས་ཅན་གྱི་ཐོན་ལས་གླིང་ཁུལ་འཛུགས་སྐྲུན་བྱེད་པར་ཤུགས་རྒྱག་དགོས། གནད་སྨིན་གྱི་ཐོན་ལས་ལེགས་པར་འདེམས་དགོས། གླིང་ཁུལ་རེ་རེའི་གཙོ་ཁྲིད་ཐོན་ལས་ལ་དམིགས་པ་དང་། གོང་འོག་མཉམ་འབྲེལ་གྱི་ཐོན་ལས་ལེ་ལག་ཆ་ཚང་ཐོག་ཁྱད་ཆོས་མངོན་གསལ་དོད་པ་དང་དགེ་མཚན་མངོན་གསལ་དོད་པའི་ཐོན་ལས་ཁྱུ་ཚོགས་སྐྱེད་སྲིང་ཤུགས་ཆེན་བྱས་ཏེ། སྦྲེལ་ཐག་གི་འཕེལ་རྒྱས་དང་ཁྱུ་ཚོགས་ཀྱི་ཕན་འབྲས་ལ་བརྟེན་ནས་གླིང་ཁུལ་གྱི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་དགོས། ཚོང་འགུགས་བྱེད་ཤུགས་ཆེ་རུ་གཏོང་དགོས། ཆེད་སྒྲུབ་ཚོང་འགུགས་དང་རྫོང་ཁོངས་ཚོང་འགུགས། བོད་སྐྱོར་ཚོང་འགུགས་སོགས་ཀྱི་རྣམ་པ་སྤྱད་དེ་ལྷོ་ཁའི་འཕེལ་རྒྱས་ཀྱི་དོན་དངོས་དང་མཐུན་པའི་ཁེ་ལས་རྩེ་གྲ་ཁག་གཅིག་ནང་འདྲེན་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་"ས་གྲོལ་གླིང་ཁུལ་"འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས། ཤེས་ལྡན་མི་སྣའི་འདེགས་སྐྱོར་ལ་ཤུགས་རྒྱག་དགོས། ཤེས་ལྡན་མི་སྣའི་དོན་ཚན་དགུ་དང་ཤེས་ལྡན་མི་སྣའི་ཟླ་བ་སོགས་ཀྱི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱས་ཏེ་ཚན་རྩལ་ཁུལ་ཆུང་དང་ཤེས་ལྡན་མི་སྣའི་སྤྱི་ཤག་སོགས་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཐོག རྩེར་སོན་དང་། ཁ་ཐང་བ། ཆེད་ལས་བཅས་ལྡན་པའི་ཤེས་ལྡན་མི་སྣ་གང་མང་ལྷོ་ཁར་གཞིས་ཆགས་ཐུབ་པ་དང་གླིང་ཁུལ་འཛུགས་སྐྲུན་ནང་ཞུགས་རྒྱུའི་བློ་འགུག་བྱེད་དགོས།
ལི་ཧྥུའུ་ཀྲུང་གིས་ནན་བཤད་གནང་དོན། རྫོང་ཁོངས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་དབྱང་གི་ཡིག་ཆའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་མཐར་ཕྱིན་བྱས་ཏེ། ལོ་རྒྱུས་ཀྱི་གོ་སྐབས་དམ་འཛིན་དང་ཡུལ་བབ་དང་བསྟུན་པ། རིགས་དབྱེ་ཇུས་འདོན། ཞན་ཆ་གསབ་པ་བཅས་བྱས་ཐོག རྫོང་ཁོངས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་ཧུར་ཐག་གཏོང་དགོས། འཆར་འགོད་ཀྱི་སྣེ་ཁྲིད་མངོན་གསལ་དོད་པོ་ཡོང་བ་བྱེད་དགོས། རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་"ལོ་ལྔ་ཚན་བཅོ་ལྔ་པའི་"འཆར་འགོད་ལ་རང་འགུལ་ངང་དམིགས་པ་དང་རྫོང་ཁོངས་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་གཙོ་རྒོལ་ཁ་ཕྱོགས་དང་ནུས་ཤུགས་འདོན་པའི་གཙོ་གནད་ལ་ཚན་རིག་དང་མཐུན་པའི་ཇུས་འགོད་བྱས་ཏེ། སྲོལ་མང་མཉམ་སྒྲིལ་དང་སྦྲེལ་མཐུད་དམ་ཟབ་བྱ་རྒྱུར་སྐུལ་འདེད་བཏང་ཐོག ཆུ་ཚད་མཐོ་བའི་འཆར་འགོད་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་དགོས། རིགས་དབྱེ་ཇུས་བསྟར་མཐའ་འཁྱོངས་བྱ་དགོས། དོན་དངོས་གཞིར་འཛིན་པ་དང་ཆོས་ཉིད་ལྟར་བྱ་བ་བསྒྲུབ་རྒྱུ་མཐའ་འཁྱོངས་བྱས་ཏེ་ངེད་གྲོང་ཁྱེར་གྱི་"སྣེ་གཅིག་ཁུལ་ལྔའི་"འཕེལ་རྒྱས་ཀྱི་ངེས་གནས་གཏན་འཁེལ་བྱེད་དགོས་པ་དང་། བཟོ་ལས་འཚམ་སར་བཟོ་ལས་དང་། ཞིང་ལས་འཚམ་སར་ཞིང་ལས། འབྲོག་ལས་འཚམ་སར་འབྲོག་ལས། ཡུལ་སྐོར་འཚམ་སར་ཡུལ་སྐོར་བཅས་མཐའ་འཁྱོངས་བྱས་ཐོག བཟོ་ལས་སྟོབས་ལྡན་རྫོང་དང་ཞིང་འབྲོག་ལས་རྫོང་ཆེན། སྐྱེ་ཁམས་ཡུལ་སྐོར་གྲགས་ཅན་རྫོང་བཅས་ཁག་ཅིག་སྐྱེད་སྲིང་གང་མགྱོགས་བྱས་ཏེ་རྫོང་ཁོངས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་འདེགས་སྐྱོར་བརྟན་པོ་བྱེད་དགོས། གྲོང་ཁྱེར་དང་གྲོང་གསེབ་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་བྱ་དགོས། གྲོང་ཁྱེར་གྲོང་རྡལ་ཅན་གསར་པ་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་རྒྱུར་གཅིག་གྱུར་འཆར་འགོད་བྱས་ཏེ་ཞིང་འབྲོག་པའི་འབབ་འཕར་ལ་སྐུལ་འདེད་གཏོང་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས། རྨང་གཞིའི་སྒྲིག་བཀོད་གྲོང་ཚོར་སྣུར་སྲིང་དང་སྤྱི་པའི་ཞབས་ཞུ་དོ་སྙོམས་བཀོད་སྒྲིག་ལ་སྐུལ་འདེད་བཏང་ཐོག གྲོང་ཁྱེར་དང་གྲོང་གསེབ་ཕན་ཚུན་གསབ་རེས་དང་ཕྱོགས་ཡོངས་ནས་མཉམ་འདྲེས་ཐུབ་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འབྲེལ་བ་གསར་པ་ཞིག་ཆགས་པ་བྱེད་དགོས། བསྒྱུར་བཅོས་གསར་གཏོད་གཏིང་ཟབ་ཏུ་གཏོང་དགོས། བློ་བརྟན་འགྱུར་མེད་ངང་གཙོ་གནད་ཁྱབ་ཁོངས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་བཏང་ནས། རྫོང་ཁོངས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་ཚོད་འཛིན་བཟོ་བའི་དཀའ་གནད་རྒྱུན་ཆད་མེད་པར་སེལ་དགོས་པ། ག་སྦྱར་རོགས་སྐྱོར་དང་། གནས་གཏན་འཁེལ་གྱི་རོགས་སྐྱོར་གྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ཐོག་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་ནས་ཏང་གི་འགོ་ཁྲིད་དེ་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱེད་དགོས་པ་དང་། ཚན་རིག་དང་མཐུན་པའི་ཇུས་ཐག་གཅོད་པ་དང་གནད་དོན་ཐག་གཅོད་བྱེད་པ། དོན་འཁྱོལ་ལ་དམ་འཛིན་བྱེད་པ་བཅས་ཀྱི་ནུས་པ་ཧུར་ཐག་བཏོན་ཐོག་བཀོད་སྒྲིག་དང་བླང་བྱ་ཁག་ཇི་མ་ཇི་བཞིན་དོན་ཐོག་ཏུ་འཁྱོལ་བར་འགན་ལེན་ཏན་ཏིག་བྱ་དགོས།
ལི་ཧྥུའུ་ཀྲུང་གིས་ནན་བཤད་གནང་དོན། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་ལ་གཅིག་སྡུད་བཅོས་སྒྲིག་གཏིང་ཟབ་བྱ་རྒྱུའི་སྐོར་གྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་གསུང་བཤད་དགོངས་དོན་སློབ་སྦྱོང་དང་ལག་བསྟར་མཐར་ཕྱིན་པ་བྱས་ཐོག་ཐག་གཅོད་དམག་འཐབ་ལོའི་དམིགས་ཚད་ལས་འགན་ལ་གཞིགས་ནས་གྲོང་ཁྱེར་ཡོངས་ཀྱི་གཅིག་སྡུད་བཅོས་སྒྲིག་ལས་དོན་ལ་སྤྱི་འདོམས་བཀོད་འདོམས་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། འགན་འཁྲི་ནན་གཏོང་གིས་གཅིག་སྡུད་ཤུགས་འདོན་བྱེད་པ། གཙོ་གནད་བཅོས་སྒྲིག་འབུར་ཐོན། ལས་ཕྱོད་ཆེ་རུ་བཏང་ནས་གྱོད་གཞི་ཞིབ་གཅོད། ཉམས་མྱོང་ཕྱོགས་སྡོམ་བྱས་ཏེ་ཕན་འབྲས་སྲ་བརྟན་དུ་གཏོང་བ་བཅས་བྱས་བྱེད་པ་བརྒྱུད་གཅིག་སྡུད་བཅོས་སྒྲིག་ལས་དོན་ལ་ཐག་གཅོད་རང་བཞིན་གྱི་རྒྱལ་ཁ་ཐོབ་པའི་འགན་ལེན་དང་ཕུགས་ནས་ཕན་འབྲས་ཐོན་པ་ཡོང་རྒྱུར་རྨང་གཞི་བརྟན་པོ་ཞིག་འདིང་དགོས་སོ།
ཚོགས་འདུས་ད་དུང་དོན་དག་གཞན་ལ་ཞིབ་འཇུག་བྱས་པ་རེད།།
ཡེ་ཤེས་བཟང་མོས་བསྒྱུར། བསོད་བདེས་ཞུས།