第01版:头版 4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
《གཞི་རིམ་གྱི་མེ་ཟོན་ལས་དོན་ལ་ཤུགས་སྣོན་ རྒྱག་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་པ།
དྲ་རྒྱའི་རྒྱལ་ཁབ་སྟོབས་ཆེན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་ལག་བསྟར་མཐར་ཕྱིན་པ་བྱས་ནས་གྲོང་ཁྱེར་ཡོངས་ཀྱི་དྲ་འཕྲིན་ལས་དོན་སླར་ཡང་སྐས་རིམ་@
ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གསར་པ་དང་། ལྟ་བ་གསར་པ། ཆོད་གཏམ་གསར་པ་བཅས་རབ་དང་རིམ་པ་སློབ་སྦྱོང་ལག་བསྟར་གཏིང་ཟ@
ཆུ་གསུམ་གྱི་དུད་ཚང་150ཡི་མང་ཚོགས་ སྡོད་ཁང་གསར་པར་སྤོས་པ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་ནུས་ཤུགས་ཡོད་རྒུས་ཀྲུང་གོ@
| 山南网首页 |
2026年3月20日 星期
下一篇 4 放大 缩小 默认
རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས།
《གཞི་རིམ་གྱི་མེ་ཟོན་ལས་དོན་ལ་ཤུགས་སྣོན་ རྒྱག་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་པ།
 
མི་དམངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉིན་ཤས་གོང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《གཞི་རིམ་གྱི་མེ་ཟོན་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》(གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ)བཀྲམ་པ་རེད།

《བསམ་འཆར》ནང་བསྟན་དོན། སྔོན་འགོག་གཙོ་བོར་འཛིན་པ་དང་། མེ་སྐྱོན་འགོག་སེལ་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་དང་། རིམ་དབྱེ་འགན་འཁུར་དང་ཁོངས་གཏོགས་གཙོ་བོར་བྱས་ཏེ། ཏང་ཨུད་དང་སྲིད་གཞུང་གིས་འགོ་ཁྲིད་དང་། མེ་ཟོན་སྡེ་ཚན་གྱིས་སྣེ་ཁྲིད། སྡེ་ཚན་ཁག་དབར་མཐུན་སྦྱོར། རྫོང་དང་ཤང་གཞི་གཅིག མང་ཚོགས་ཀྱིས་མཉམ་འགོག་མཉམ་བཅོས་བཅས་བྱེད་པའི་གཞི་རིམ་མེ་ཟོན་ལས་དོན་གྱི་རྣམ་པ་གཏོད་དགོས། གཅིག་ནས་ཁོངས་གཏོགས་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། ཏང་སྲིད་འགན་འཁྲི་གཅིག་མཚུངས་དང་། གནས་གཅིག་འགན་གཉིས། ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ། འགན་འཛོལ་གྱི་འགན་འཁྲི་བདའ་འདེད་གཏོང་བ་བཅས་མཐའ་འཁྱོངས་བྱས་ཏེ། མེ་ཟོན་བདེ་འཇགས་ཀྱི་མཐུན་སྦྱོར་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་གཞི་རིམ་ལ་ཁྱབ་པའི་མེ་ཟོན་བདེ་འཇགས་ཀྱི་འགན་འཁྲིའི་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། སྒྲིག་སྲོལ་ལམ་སྲོལ་མཐུན་སྦྱོར་དང་། གཞི་རིམ་གྱི་མེ་ཟོན་བཅོས་སྐྱོང་མ་ལག་མགྱོགས་མྱུར་འཐུས་སྒོ་ཚང་དུ་གཏོང་བ། ཡུལ་བབ་དང་བསྟུན་ནས་འཕྲལ་སྡོམ་དོ་དམ་དང་མེ་ཟོན་དོ་དོམ་ཟུང་འབྲེལ་དང་རུ་ཁག་དང་ས་ཚིགས་གཞི་གཅིག་གི་གཞི་རིམ་གྱི་འཕྲལ་སྡོམ་མེ་ཟོན་ལས་ཀའི་ལམ་སྲོལ་ཁྱབ་གདལ་གཏོང་བ། (པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད)གཞི་རིམ་གྱི་དྲ་མིག་ཅན་གྱི་ནུས་པ་འདོན་པ་བཅས་བྱས་ནས་མངོན་མེད་རྐྱེན་ངན་དག་ཐེར་གྱི་འཁོར་རྒྱའི་དོ་དམ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས། གཉིས་ནས་ཕྱོགས་བསྡུས་ལྟ་འདོམས་ལ་ཤུགས་སྣོན་རྒྱག་དགོས། མེ་སྐྱོན་འགོག་སེལ་གཞི་གཅིག་ཅན་ལག་བསྟར་བྱེད་པ་དང་། གཞི་རིམ་གྱི་མེ་ཟོན་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པ། མེ་གསོད་སྟོབས་ཤུགས་གྲོང་རྡལ་ཕྱོགས་སུ་སྣུར་སྲིང་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས་གཞི་རིམ་གྱི་སྟོབས་ཤུགས་མང་པོ་ཞིབ་བཤེར་དང་གྲལ་བཤེར་ལ་གཞོགས་འདེགས་བྱེད་པར་སྤྱི་འདོམས་བཀོད་གཏོང་བྱེད་དགོས། གསུམ་ནས་ལས་རིགས་དོ་དམ་ལ་ཤུགས་སྣོན་རྒྱག་དགོས། “དོ་དམ་གསུམ་དང་ངེས་པར་དུ་གསུམ”གྱི་བླང་བྱ་དོན་འཁྱོལ་བྱེད་པ་དང་། ལས་རིགས་དང་ཁོངས་གཏོགས་གཞི་རིམ་ཚན་པས་མེ་ཟོན་བདེ་འཇགས་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱེད་པར་ལྟ་སྐུལ་བྱེད་དགོས། སྲིད་འཛིན་ཞིབ་མཆན་གྱི་འབྱུང་རྩའི་འགག་སྒོ་ནན་པོ་སྲུང་རྒྱུར་ཤུགས་སྣོན་བརྒྱབ་ནས། མེ་ཟོན་བདེ་འཇགས་ཀྱི་ཆ་རྐྱེན་དང་མི་འཚམ་པའི་རིགས་འཛུགས་པ་དང་གཉེར་སྐྱོང་བྱ་རྒྱུར་ཆོག་མཆན་སྤྲོད་མི་ཆོག ཚན་རྩལ་གྱི་མཐུན་རྐྱེན་སྦྱོར་བར་ཤུགས་སྣོན་རྒྱག་པ་དང་། ཉེན་ཁར་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བར་ཤུགས་སྣོན་རྒྱག་པ། ཟོག་འབྲེལ་དྲ་རྒྱ་དང་། མི་ཐབས་རིག་ནུས། གཞི་གྲངས་ཆེན་པོ་སོགས་ཀྱི་ལག་རྩལ་བཅས་སྤྱད་ནས་གཞི་རིམ་གྱི་ལྟ་འདོམས་ནུས་པ་ཆེ་རུ་གཏོང་དགོས། བཞི་ནས་བྱེད་པོའི་འགན་འཁྲིར་ཤུགས་སྣོན་རྒྱག་དགོས། ཚན་པས་རང་བརྟེན་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། མེ་ཟོན་བདེ་འཇགས་དོ་དམ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། མེ་གསོད་སྒྲིག་བཀོད་སྒྲིག་ཆས་བཀོད་སྒྲིག་བཅས་བྱས་ནས་རྒྱུན་གཏན་གྱི་མེ་ཟོན་ཞིབ་བཤེར་དང་མེ་གསོད་གསོ་སྦྱོང་གི་ནང་སྦྱོང་སྒྲིག་འཛུགས་བྱེད་དགོས། རྒན་གསོའི་སྒྲིག་གཞི་དང་། སྨན་ཁང་། སློབ་གྲྭ་སོགས་ལ་དམིགས་ཏེ་ཚེ་སྲོག་བགྲོད་ལམ་ཤར་གཏོང་དང་མེ་གསོད་ལས་དོན་སོགས་མེ་ཟོན་བདེ་འཇགས་ཀྱི་བླང་བྱ་དོན་འཁྱོལ་ནན་པོ་བྱས་ཏེ་མེ་སྐྱོན་གྱི་ཉེན་ཁ་ཆེ་བའི་ས་ཁོངས་དང་འདུ་གནས་ལ་ཕྱོགས་བསྡུས་བཅོས་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས།

下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:公益广告