第04版:综合新闻 上一版3
 
版面导航

第01版
头版

第02版
专版

第03版
综合新闻
 
标题导航
| 山南网首页 |
2026年1月7日 星期
3 上一篇 放大 缩小 默认
མངོན་མེད་ཉེན་ཁ་དེ་དག་ལ་དོགས་ཟོན་བྱོས།
 

གཅིག ཁྱིམ་གྱི་ཉི་གཡབ་དེ་ཕྲུ་གུ་ཁང་ཐོག་ནས་ལྷུང་བའི“གནོད་འཚེ་ཚབས་ཆེན་ཁུལ”དུ་གྱུར་པ།

ཕྲུ་གུ་ཉི་གཡབ་སྟེང་འཛེག་སྐབས། རྐུབ་སྟེགས་གཅིག་དང་མེ་ཏོག་ཁོག་མ་གཅིག ཐ་ན་རྩེད་ཆས་སྒམ་གཅིག་ཡིན་རུང་གནོད་མེད་ཀྱི་དངོས་པོ་དེ་དག་ཕྲུ་གུ་ཁང་ཐོག་ནས་ལྷུང་བའི་རྐྱེན་ངན་དུ་གྱུར་སྲིད། བྱིས་པའི་བྱ་སྤྱོད་ལ་སྔོན་དཔག་བྱེད་དཀའ་བས། ཉི་གཡབ་སྟེང་འཛེགས་ཚེ་དེ་ནས་ལྷུངས་ཏེ་ཤི་རྨས་འབྱུང་སྲིད་པས་དོགས་ཟོན་ཆེན་པོ་བྱེད་དགོས།

ཉི་གཡབ་ཏུ་ར་སྐྱོར་བརྟན་པོ་བསྒར་དགོས་པ་དང་འབྲེལ། ར་སྐྱོར་གྱི་བར་གསེང་ཆུང་ཙམ་འཇོག་དགོས། ཕྲུ་གུར་བདེ་འཇགས་ཤེས་བྱ་བསླབས་ཏེ་མཐོ་སར་འཛེག་པ་གཏན་འགོག་བྱེད་དགོས། ཁྱིམ་བདག་གིས་ལྟ་རྟོག་ཡག་པོ་བྱས་ནས་ཕྲུ་གུ་གཅིག་པུ་ཉི་གཡབ་ཏུ་འཇོག་རྒྱུ་མེད། དུས་བཀག་ལྟར་ཉི་གཡབ་ཀྱི་བདེ་འཇགས་ལ་ཞིབ་བཤེར་བྱས་ཏེ་ཕྲུ་གུ་ཉི་གཡབ་སྟེང་འཛེགས་སའི་ཅ་ལག་དེ་ནས་སྤོ་དགོས།

གཉིས། ཐོག་སྟེང་ནས་ཐ་རོ་དབྱུགས་པ་དང་མཐོ་ས་ནས་ཅ་དངོས་འཕངས་པ་དེས་ཁྱིམ་ཚང་ཞིག་རྩ་མེད་བཟོ་སྲིད།

ཉི་གཡབ་ཏུ་ཐ་མག་འཐེན་རྗེས་ཐ་རོ་གང་སར་དབྱུགས་ཚེ་ཉི་གཡབ་བམ་ཡང་ན་ཐོག་ཁང་འོག་གི་འབར་སླ་བའི་དངོས་པོར(ཁྲ་ཡོལ་དང་རྩི་ཤིང་ལྟ་བུ)མེ་འབར་ནས་མེ་སྐྱོན་ཐོན་སྲིད་པ་དང་། མཐོ་ས་ནས་ཅ་དངོས་འཕངས་པའི་བྱ་སྤྱོད་ལའང་ཉེན་ཁ་ཧ་ཅང་ཆེ་བ་དང་དངོས་པོ་ཆུང་ཆུང་ཞིག་ཡིན་ནའང་མཐོ་ས་ནས་དབྱུགས་ཚེ་ལྗིད་ཤུགས་ལ་མྱུར་ཚད་ཀྱིས་རྐྱེན་པས་རྡེབ་ཤུགས་ཆེན་པོ་ཐོན་ནས་དོན་རྐྱེན་འབྱུང་སྲིད།

དུས་རྒྱུན་ཐ་མག་འཐེན་སྐབས་མེ་ཡག་པོ་བསད་རྗེས་ཐ་རོ་སྙིགས་ཟོམ་ནང་དབྱུག་དགོས་པ་དང་། ནང་མི་དང་མགྲོན་པོར་མཐོ་ས་ནས་དངོས་པོ་དབྱུག་རྒྱུ་མེད་པའི་དྲན་སྐུལ་བྱེད་དགོས་པ་མ་ཟད། ཉི་གཡབ་ཏུ་ཡོད་པའི་དངོས་པོ་བསྡུ་གསོག་ཡག་པོ་རྒྱག་རྒྱུ་རྒྱུན་འཁྱོངས་བྱེད་དགོས།

གསུམ། ཉི་གཡབ་ཀྱི“མི་མངོན་པའི་མེ་སོན་རིགས”

ཁྱིམ་གྱི་ཨ་རག་ཉིང་ཁུ་དང་། བཀྲག་རྩི། ཤོག་སྒམ་སོགས་དངོས་རྫས་དག་ཁྱེད་ཀྱིས་གང་དུ་འཇོག་གི་ཡོད་དམ། གལ་སྲིད་དངོས་རྫས་དེ་རིགས་ཁྱེད་ཀྱིས་ཉི་གཡབ་ཏུ་བཞག་ཡོད་ཚེ་ཁྱིམ་དུ་མངོན་མེད་རྐྱེན་ངན་ཐོན་ངེས་རེད། ཉི་གཡབ་ཏུ་སྤུངས་པའི་དངོས་རྫས་དེ་རིགས་ནི་མངོན་མེད་ཀྱི“མེ་རྫས”ཞིག་དང་འདྲ་བར། གལ་ཏེ་མེ(དཔེར་ན་གང་བྱུང་དུ་དབྱུགས་པའི་ཐ་མག་གི་མེ་རོ་དང་ཤོག་སྦག)དང་འཕྲད་པའམ་ཡང་ན་ཁང་པའི་ནང་མེ་སྐྱོན་གང་སར་མཆེད་པ་དང་འཕྲད་སྐབས་མྱུར་དུ་འབར་སླ་བ་མ་ཟད། མེ་ཤུགས་ཆེ་རུ་འགྲོ་གི་ཡོད།

དུས་བཀག་ལྟར་ཉི་གཡབ་ཀྱི་ཅ་དངོས་བསྡུ་གསོག་རྒྱག་པའི་གོམས་གཤིས་འཇགས་པར་བྱས་ཏེ། ཉི་གཡབ་གཙང་མར་བཟོས་ནས་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་སེལ་དགོས་པ་མ་ཟད། བདེ་འཇགས་ཀྱི་འཕྲལ་མཁོའི་བགྲོད་ལམ་ཞིག་ཀྱང་ཡོད་པ་བྱེད་དགོས།

བཞི། རྐུན་འགོག་སྒེའུ་ཁུང་ལ་དོན་ས་མེད་པ་དེ་རྐུན་མ་འགོག་ཆེད་རེད་དམ་ཡང་ན་རང་སྲོག་རང་གཅོད་ཀྱི་ཉེན་ཁ་ཞིག་རེད་དམ།

བལྟས་པ་ཙམ་དུ་སྲ་ཞིང་བརྟན་པོ་ཡོད་པའི་རྐུན་འགོག་སྒེའུ་ཁུང་ལ་གལ་སྲིད་དོན་ས་མེད་ཚེ་མེ་སྐྱོན་ཐོན་དུས་ཚེ་སྲོག་ལ་ཉེན་ཁ་བཟོ་བའི་ལྕགས་དྲ་ཞིག་ཏུ་འགྱུར་ངེས་རེད། མེ་སྐྱོན་ཐོན་སྐབས་སྲོག་ཉེན་ལས་གཡོལ་བ་དང་རོགས་སྐྱོབ་བྱེད་པར་རྐུན་འགོག་སྒེའུ་ཁུང་གིས་བཀག་རྒྱ་བཟོ་གི་ཡོད་པ་མ་ཟད། གནས་ཚུལ་ཛ་དྲག་པོའི་སྐབས་མི་སྣ་ཁ་གྲམ་དཀའ་ལ་མེ་གསོད་མི་སྣའང་ནང་དུ་འཛུལ་ཁག་པོ་ཡོད།

རྐུན་འགོག་སྒེའུ་ཁུང་བསྒར་སྐབས་ནང་ནས་ཕྱི་རུ་སྒོ་ཕྱེ་སའི་རིང་ཚད་སྨི་1×སྨི་1ལས་མི་ཆུང་བའི་བདེ་འཇགས་བྲོས་ལམ་བཟོ་དགོས་པ་མ་ཟད། ནང་ཁུལ་ནས་ཕྱེ་སླ་བའི་སྒོ་ལྕགས་བསྒར་དགོས་པ་དང་། ནང་མི་ཚང་མས་ལྡེ་མིག་གམ་སྒོ་ལྕགས་ཡོད་ས་ཤེས་དགོས་ལ་སྒོ་ལྕགས་ཕྱེ་ཐུབ་པའི་འགན་ལེན་བྱེད་དགོས།

ལྔ། བར་ཁྱམས་ནང་ཅ་དངོས་སྤུངས་པ།

རྡོ་སྐས་ཀྱི་ས་ཆ་སྟོང་པ་ཡོད་སར་ཅ་དངོས་སྤུངས་པ། སྡོད་ཁང་གི་བར་ཁྱམས་དང་རྡོ་སྐས་ཀྱི་ས་ཆ་སྟོང་པ་ནི་གྲོང་མིའི་འགྲོ་འོང་བྱེད་ས་ཡིན་ལ། དེ་བས་མེ་སྐྱོན་སོགས་ཐོལ་བྱུང་གི་གནོད་འཚེ་ཐོན་སྐབས“ཚེ་སྲོག་གི་བགྲོད་ལམ”རེད། གལ་སྲིད་དེ་གར་ཅ་དངོས་སྤུངས་ན་རྒྱུན་གཏན་གྱི་འགྲོ་སྐྱོད་ལ་འགོག་རྐྱེན་བཟོ་བ་མ་ཟད། ཛ་དྲག་གི་གནས་ཚུལ་འོག་བྲོས་འགྲོ་སྐབས་འགོག་རྐྱེན་བཟོ་བ་དང་ཐ་ན་མེ་མཆེད་སྐབས་མེ་སྐྱོན་ཆེ་རུ་ཕྱིན་ཏེ་སྟར་པ་ཚང་མའི་གྲོང་མིའི་བདེ་འཇགས་ལ་མངོན་མེད་རྐྱེན་ངན་དང་འཇིགས་སྣང་བཟོ་སྲིད། རྡོ་སྐས་ཀྱི་ས་ཆ་སྟོང་པ་དང་བར་ཁྱམས་ནི་བདེ་འཇགས་བྲོས་ལམ་གཙོ་བོ་ཡིན་པས། ཅ་དངོས་སྤུངས་ནས་བཞག་ན་བྲོས་འགྲོ་བའི་དུས་ཚོད་འགོར་འགྱངས་འགྲོ་སྲིད་ལ་རྡོག་བརྫིས་གཏོང་བའི་ཉེན་ཁ་ཆེ་རུ་འགྲོ་སྲིད། ཤོག་སྒམ་དང་སྙིགས་རོ་སོགས་ལ་དེ་བས་མེ་འབར་སླ་བ་མ་ཟད་དུག་ལྡན་དུ་བ་ཡང་འབྱུང་སྲིད།

ཚང་མས་དུས་བཀག་ལྟར་བར་ཁྱམས་ནང་གི་ཅ་དངོས་གཙང་མ་བཟོས་ནས་བགྲོད་ལམ་ཤར་གཏོང་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པའི་གྲོས་འགོ་འདོན་རྒྱུ་མ་ཟད། ནང་མི་དང་ཁྱིམ་མཚེས་ལ“ཅ་དངོས་གང་བྱུང་དུ་མི་སྤུངས་པ་དང་བགྲོད་ལམ་མི་འགོག་པའི”རྩ་དོན་ལ་བརྩི་སྲུང་ཞུ་དགོས་པའི་དྲན་སྐུལ་ཡང་ཞུ་གི་ཡིན།

3 上一篇 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:专版
   第03版:综合新闻
   第04版:综合新闻
སྲོལ་རྒྱུན་འཐག་རྩལ་ལ་དེང་རབས་ཀྱི་མཛེས་རྒྱན་སྤྲས་པ།
རེ་བའི་ཞིང་སར་སྐྱ་ནམ་རྒྱས།
མངོན་མེད་ཉེན་ཁ་དེ་དག་ལ་དོགས་ཟོན་བྱོས།