第04版:综合新闻 上一版3
 
版面导航

第01版
头版

第02版
专版

第03版
综合新闻
 
标题导航
| 山南网首页 |
2026年1月7日 星期
下一篇 4 放大 缩小 默认
སྲོལ་རྒྱུན་འཐག་རྩལ་ལ་དེང་རབས་ཀྱི་མཛེས་རྒྱན་སྤྲས་པ།
 

བོད་ལྗོངས་འཕྱོངས་རྒྱས་རྫོང་འབྱུང་འཕྲོད་ཐོན་ལས་གླིང་ཁུལ་བོད་ལྗོངས་ཟླ་བ་སྒྲོལ་མའི་ཁེ་ལས་ཚད་ཡོད་ཀུང་སིའི་འཁོར་ཁང་ནང་བསྐྱོད་ཚེ། ལས་བཟོ་པ་ཚོས་ས་གནས་དེ་གའི་སྤུ་བལ་སོགས་མི་རིགས་ཁྱད་གཤིས་དང་དེང་རབས་མཛེས་འཆོས་ཀྱིས་ཕྱུག་པའི་གྱོན་གོས་བསྒྱུར་ནས་འགྲེམས་འཚོང་བྱེད་བཞིན་མཆིས། ཀུང་སིའི་འགན་འཁུར་བ་ངག་དབང་ཆོས་གྲགས་ཀྱིས་བཏགས་ཟིན་པའི་སྣམ་བུར་རེག་གིན་ངོ་གདོང་ནས་འཛུམ་མདངས་འཕྱུར་བ་དང་སྦྲགས། ང་ཚོས་སྲོལ་རྒྱུན་འཐག་ལས་བཟོ་རྩལ་དང་དེང་རབས་ཀྱི་མཛེས་འཆོས་ཟུང་དུ་འབྲེལ་ནས། བོད་ཆས་ལུས་ལ་བདེ་ལ་མིག་ལ་མཛེས་པ་འཚེམ་བཟོ་བྱེད་བཞིན་ཡོད་ཅེས་བརྗོད།

འདས་ཟིན་པའི་ལོ་ཟླའི་ནང་། འཕྱོངས་རྒྱས་རྫོང་གི་སྤུས་ལེགས་སྤུ་བལ་སོགས་འཐག་ལས་རྒྱུ་ཆ་མང་ཆེ་བ་ནང་སར་དབོར་འདྲེན་བྱས་ནས་ལས་སྣོན་བྱས་རྗེས། སླར་བོད་དུ་བཙོངས་ནས་གྱོན་གོས་བཟོ་གི་ཡོད་པ་རེད། དེའང་། གྱོན་གོས་རྒྱུ་ཆ་འགའ་ཤས་ལས་སྣོན་ཁྲོད་རྫས་འགྱུར་དངོས་རྫས་མཉམ་དུ་བསྲེས་ཀྱི་ཡོད་པས། གཟུགས་གཞིའི་བདེ་ཐང་ལ་ཤུགས་རྐྱེན་ཐེབས་པ་མ་ཟད་མ་རྒྱུའི་རང་མདངས་ཤོར་འགྲོ་གི་འདུག་ཅེས་ངག་དབང་ཆོས་གྲགས་ཀྱིས་འདི་ལྟར་གླེང་། འོན་ཀྱང་ས་གནས་དེ་གའི་ལག་ཤེས་བཟོ་རྩལ་ལས་ཐོན་པའི་ཐོན་རྗས་མང་ཆེ་བ་ནི་བཟོ་ལྟ་རྐྱང་པ་ཤས་ཆེ་བ་དང་ཐོན་འབབ་ཉུང་བ་སོགས་གནད་དོན་ལྷག་བསྡད་ཡོད། དཀའ་ཁག་དེ་དག་གི་གདོང་གཏད་དེ། ཟླ་བ་སྒྲོལ་མའི་ཀུང་སིས་བརྗེ་སྒྱུར་ཐབས་ལམ་འཚོལ་ཞིབ་ཧུར་ཐག་བྱས་ནས་གཞུང་འཁྱོངས་གསར་འབྱེད་ལྡན་པའི་འཕེལ་རྒྱས་ལམ་བུར་བསྐྱོད་རྒྱུར་འབད་པ་རེད།ཀུང་སིས་ས་གནས་དེ་གའི་སྤུ་བལ་སོགས་མ་རྒྱུ་མཁོ་སྒྲུབ་བྱས་ཏེ། ས་གནས་དེ་གར་ལས་སྣོན་བརྒྱུད། སྲོལ་རྒྱུན་ལག་རྩལ་སྤྱད་ནས་ཐོན་རྫས་ཀྱི་འབྱུང་འཕྲོད་ལ་འགན་ལེན་ཐུབ་ཡོད། དེའང་། བོད་ཀྱི་འཐག་ལས་དེང་རབས་ཅན་དུ་འགྱུར་བའི་ལས་སྣོན་ལག་རྩལ་ཞིབ་འཇུག་དང་གསར་སྤེལ་བྱས་མཐར། ཀུང་སིའི་ཐོན་སྐྱེད་ཕན་འབྲས་བརྒྱ་ཆ་30ཡས་མས་སུ་མཐོར་འདེགས་བྱུང་ཞིང་། (པར་ངོས་བཞི་པར་གཟིགས) (པར་ངོས་དང་པོར་མཐུད)ཐོན་སྐྱེད་འཕྲོ་བརླག་ཤོར་ཚད་བརྒྱ་ཆ་20ཡས་མས་ཆག་པ་དང་། སྤུས་ཚད་དང་ཐོན་སྐྱེད་ནུས་ཤུགས་དབར་དོ་སྙོམ་ཡག་པོ་ཐུབ་ཡོད་པ་རེད།ཞིབ་འཇུག་གསར་སྤེལ་འཁོར་ཁང་ནང་། སྲོལ་རྒྱུན་ལག་རྩལ་དང་དེང་རབས་ཚན་རྩལ་གཅིག་ཕན་གཅིག་རོགས་སུ་བྱུང་བས། འཐག་ལས་ལག་རྩལ་ལེགས་གཏོང་རྒྱུན་མཐུད་བྱུང་བ་མ་ཟད། སྣམ་བུའི་བདེ་ཚད་དང་ཉེར་སྤྱོད་རང་བཞིན་མཐོ་རུ་ཤུགས་ཆེན་བཏང་ནས་གནའ་བོའི་རས་རྒྱུ་དེ་དེང་རབས་མིའི་གྱོན་གོས་ཀྱི་དགོས་མཁོ་དང་དེ་བས་འཚམ་པ་བྱུང་ཡོད། མིག་སྔར། ཀུང་སིས་བོད་རིགས་ཀྱི་གྱོན་ཆས་དཔེ་གསར་20ལྷག་ཙམ་གྲུབ་འབྲས་ཐོབ་པའི་ངང་གསར་སྤེལ་བྱས་པ་དེའི་ནང་བོད་ཆས་དང་ལྷམ་ཞྭ་སོགས་ཐོན་རྫས་རིགས་མང་པོ་ཚུད་ཡོད་པ་དང་ལོ་རེར་བྲིན་ཚོང་བྱེད་ཚད་སྒོར་ཁྲི་300ལས་བརྒལ་ཡོད་པ་རེད། དེ་མིན། ཀུང་སིས་ད་དུང་བོད་རིགས་ཀྱི་རིག་གནས་གསར་གཏོད་བཟོ་རྩལ་ཐོན་རྫས་གཞི་གཅིག་ཅན་གྱི་བཟོ་དབྱིབས་དང་བརྐོས་རིས་ལས་སྣོན་དང་། དེ་བཞིན་བོད་རིགས་ཀྱི་རིག་གནས་གསར་གཏོད་གྱོན་ཆས་དྲས་གཏུབ་སོགས་ཀྱི་ཐད་བརྒྱུད་རིམ་ལྡན་པའི་ཞིབ་འཇུག་གསར་སྤེལ་བྱས་ནས་ཐོན་རྫས་སྣ་མང་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད་པ་རེད། ཀུང་སིས་ཆེད་ལས་ཀྱི་གྱོན་ཆས་དང་ཡུལ་སྐོར་རིག་གནས་གསར་གཏོད་ཐོན་རྫས་ཞིབ་འཇུག་གསར་སྤེལ་ཚོགས་པ་བཙུགས་ནས་བོད་རིགས་ཀྱི་མཛེས་རིག་དེ་གྱོན་ཆས་ནས་དེ་བས་ཡངས་པའི་འཚོ་བའི་རྣམ་པའི་ཕྱོགས་སུ་བསྐྱོད་ཐུབ་པ་བྱུང་ཡོད།ཟླ་བ་སྒྲོལ་མའི་ཀུང་སིའི་གསར་གཏོད་ལམ་བུ་དེས་ཁེ་ལས་ལ་འཕེལ་རྒྱས་ཆེན་པོ་བྱུང་བ་མ་ཟད་ས་གནས་དེ་གའི་མང་ཚོགས་ལ་དངོས་དངོས་རྗེན་རྗེན་གྱི་ཕན་པ་དེ་བས་ཐོབ་ཡོད། ཀུང་སིའི་བརྒྱ་ཆ་90ཡན་གྱི་མ་བཅོས་རྒྱུ་ཆ་འཕྱོངས་རྒྱས་ས་གནས་དེ་གའི་ཞིང་འབྲོག་པའི་ཁྲོད་ནས་ཉོས་པ་དང་ཉོ་སྒྲུབ་རིན་གོང་ཁྲོམ་རའི་རིན་གོང་ལས་བརྒྱ་ཆ་30ཙམ་མཐོ་བ་དང་། ལོ་ལྟར་བལ་ཀྲོན་3ཉོ་སྒྲུབ་བྱས་ནས་ལུག་གསོ་མཁན་དུད་ཚང་50ཙམ་ལ་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་བྱས་ཡོད། 2020ལོ་ནས་བཟུང་། ཀུང་སིས་རིམ་རྩིས་བྱས་ན་ལས་ཞུགས་ལས་གནས་150ལྷག་ཙམ་མཁོ་འདོན་བྱས་པས་མང་ཚོགས་ལ་འབབ་འཕར་སྒོར་ཁྲི་570ལྷག་ཙམ་བྱུང་ཡོད་པ་དང་། གཞན་ཡང་ཀུང་སིས་ད་དུང་རྩལ་ནུས་གསོ་སྦྱོང་དུས་ཐེངས་2གཉེར་ནས་མི་120ལྷག་ཙམ་ལ་གསོ་སྦྱོང་བྱས་པར་ས་གནས་དེ་གའི་མང་ཚོགས་ཀྱི་ལས་ཞུགས་ནུས་པ་ཆེ་རུ་གཏོང་བར་རམ་འདེགས་བྱས་ཡོད་པ་རེད།དེང་སང་། ཟླ་བ་སྒྲོལ་མ་ཀུང་སི་དེ་སྣ་མང་ཅན་དང་ཚན་རྩལ་ཅན་གྱི་ཁེ་ལས་ཤིག་ཏུ་འཚར་ལོངས་བྱུང་ནས་གློག་རྡུལ་ཚོང་དོན་གྱི་ཐབས་ལམ་བརྒྱུད། འཕྱོངས་རྒྱས་ཀྱི་ཁྱད་ལྡན་ཐོན་རྫས་དང་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས། དེ་བཞིན་ཞིང་ཟོག་ཐོན་རྫས་ཁྱབ་གདལ་བཏང་བ་མ་ཟད། ད་དུང་ས་གནས་དེ་གའི་ཡུལ་སྐོར་རིག་གནས་ཐོན་ཁུངས་དྲིལ་བསྒྲགས་ཧུར་ཐག་བྱས་པ་དང་། ཀུང་སིར་སྔ་རྗེས་སུ་"སྔོན་ཐོན་དུད་སྦྲེལ་འབབ་འཕར་དཔེ་སྟོན་རྟེན་གཞི་"དང་"གཞོན་ནུའི་ལས་ཞུགས་ལས་གཏོད་རྟེན་གཞི་""ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་རྟེན་གཞི་""རང་སྐྱོང་ལྗོངས་རིམ་པའི་ངལ་རྩོལ་ལན་པར་"སོགས་ཀྱི་མཚན་སྙན་ཐོབ་པ་རེད།ངག་དབང་ཆོས་གྲགས་ཀྱིས་འཁོར་ཁང་གསར་པའི་མདུན་དུ་ལངས་ནས་ཡིད་ཆེས་ཀྱིས་ཁེངས་བཞིན་དུ་འབྱུང་འགྱུར་ལ་རྒྱང་ལྟ་བྱས་ཏེ། ང་ཚོས་ཚད་ལྡན་ཅན་གྱི་ཐོན་སྐྱེད་དང་ལན་པར་གསར་གཏོད་ལ་མུ་མཐུད་སྐུལ་འདེད་བཏང་ནས་མི་རིགས་ལག་ཤེས་བཟོ་རྩལ་དང་དེང་རབས་ཅན་གྱི་འཕེལ་རྒྱས་ཕན་ཚུན་སྤེལ་རེས་བྱས་ཏེ་ཀུང་སི་དེ་གྲོང་གསེབ་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བཀྲག་མདངས་འཚེར་བའི་མིང་བྱང་ཞིག་ཏུ་གཏོད་རྒྱུ་ཡིན་ཞེས་བཤད།ཟླ་བ་སྒྲོལ་མའི་ཀུང་སིས་དངོས་སྒྲུབ་ཀྱི་ཐོག་ནས་སྲོལ་རྒྱུན་དང་གསར་གཏོད་འགལ་མེད་མཉམ་གནས་ཐུབ་ནས་ལོ་རྒྱུས་ཡུན་རིང་ལྡན་པའི་བོད་རིགས་རིག་གནས་དེ་དུས་རབས་གསར་པར་དེ་བས་དྲོ་སྐྱིད་ལྡན་ལ་ཡུན་རིང་གི་འོད་མདངས་འཕྲོ་ཐུབ་པའི་ར་སྤྲོད་ཐུབ་ཡོད་པ་རེད།བསོད་དོན་དང་བཟངམོས་བསྒྱུར། བསོད་བདེས་ཞུས།

下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:专版
   第03版:综合新闻
   第04版:综合新闻
སྲོལ་རྒྱུན་འཐག་རྩལ་ལ་དེང་རབས་ཀྱི་མཛེས་རྒྱན་སྤྲས་པ།
རེ་བའི་ཞིང་སར་སྐྱ་ནམ་རྒྱས།
མངོན་མེད་ཉེན་ཁ་དེ་དག་ལ་དོགས་ཟོན་བྱོས།