第02版:专版 上一版3  4下一版
 
版面导航

第01版
头版

第02版
专版

第03版
综合新闻
 
标题导航
| 山南网首页 |
2026年1月7日 星期
放大 缩小 默认
མ་འོངས་འཆར་གཞི་བཀོད། དངོས་སྒྲུབ་འབྱུང་འགྱུར་གཏོད།
ལྷོ་ཁ་གྲོང་ཁྱེར་གྱི་རྫོང་(ཆུས་སམ་གྲོང་ཁྱེར་)ཁགགིས་སང་ལོའི་དཔལ་འབྱོར་ལས་ཀའི་བསམ་ཕྱོགས་སྐོར་གླེང་བ།
 

2025ལོའི་ཟླ་12ཚེས་27ཉིན། གྲོང་ཨུད་དཔལ་འབྱོར་ལས་དོན་ཚོགས་འདུ་སྣེ་གདོང་དུ་འཚོགས་པ་རེད། གྲོང་ཨུད་ཧྲུའུ་ཅི་ལི་ཧྥུའུ་ཀྲུང་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་གནང་ནས་2025ལོའི་དཔལ་འབྱོར་ལས་དོན་ལ་ཕྱོགས་བསྡོམས་དང་མིག་སྔའི་དཔལ་འབྱོར་དུས་བབ་ལ་དབྱེ་ཞིབ། སང་ལོའི་དཔལ་འབྱོར་ལས་དོན་ལ་བཀོད་སྒྲིག་བཅས་གནང་བ་རེད། གྲོང་ཁྱེར་ཡོངས་ཀྱི་འཐབ་ཕྱོགས་ཁག་ནས་ཕེབས་པའི་ཚོགས་ཞུགས་མི་སྣ་ཚོས་སྙིང་སྟོབས་ལྡབ་བསྐྱེད་ཀྱིས་མཉམ་དུ་འཛོམས་ནས། འགན་འཁྲི་དང་རེ་འདུན་ཆེན་པོ་བཅངས་ཏེ་ཐུན་མོང་ཐོག་འཕེལ་རྒྱས་ཀྱི་གྲུབ་འབྲས་གླེང་བ་དང་། འབད་འབུངས་ཀྱི་ངོས་འཛིན་གཅིག་མཐུན་ཆིག་སྒྲིལ་གྱིས་ཐུན་མོང་ཐོག་མ་འོངས་ལ་འཆར་གཞི་བཀོད་ཡོད། ཚང་མས་གཅིག་མཇུག་གཉིས་མཐུད་སྒོ་ནས་“དོན་གཉེར་”གཙོ་བོར་བྱེད་རྒྱུ་དང་། “དངོས་སྒྲུབ་”སྔོན་ལ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས། “འགོ་འཛུགས་པ་ནི་གདོང་མཆོངས་བྱེད་པ་དང་། ཐོག་མའི་གོམ་སྟབས་ནི་རྒྱལ་ཁ་ཐག་གཅོད་”ཡིན་པའི་འབད་བརྩོན་གྱི་སྙིང་སྟོབས་ཐོག་ནས་སེམས་ནུས་གཅིག་སྒྲིལ་དང་དམ་པ་དོན་གཉེར་གྱིས་ལྷོ་ཁའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལེ་ཚན་གསར་པ་འབད་བརྩོན་ཆེན་པོས་རྩོམ་རྒྱུ་དང་། “ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་པ་དང་གོམ་སྟབས་ཡག་པོ་སྤོ་ཕྱིར། དེ་བས་ངོ་མཚར་ཆེ་བའི་རྒྱུགས་ལན་ཕུལ་རྒྱུའི་ཆོད་སེམས་བསྟན་ཡོད་པ་རེད།

གྲོང་ཨུད་རྒྱུན་ཨུ།

གོང་དཀར་རྫོང་ཨུད་ཀྱི་ཧྲུའུ་ཅི། ལིའུ་ཧྲེང་ཡུས།

ནང་མཁོ་རྒྱ་བསྐྱེད་དང་། མ་འཇོག་བརྟན་པོ། འཛད་སྤྱོད་ལ་སྐུལ་སྤེལ་བཅས་ལ་དམིགས་ཏེ་དཔལ་འབྱོར་གྱི་རྨང་གཞི་བརྟན་དུ་གཏོང་རྒྱུ། གསར་གཏོད་དམ་འཛིན་དང་། ཐོན་ལས་སྟོབས་ཆེར་གཏོང་བ། འགྲན་ལམ་རྒྱ་བསྐྱེད་བཅས་ལ་དམིགས་ཏེ། དེང་རབས་ཀྱི་ཐོན་ལས་མ་ལག་འཛུགས་རྒྱུ། ཁོར་ཡུག་ལེགས་སུ་གཏོང་བ་དང་། བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ཁྲོམ་རར་མཉམ་འདྲེས་བཅས་ལ་དམིགས་ཏེ་ནང་གནས་སྒུལ་ཤུགས་ཀྱི་ཡོང་ཁུངས་འཕེལ་བ་བྱ་རྒྱུ། དམངས་འཚོར་ཕན་པ་འདོགས་པ་དང་། ལས་ཞུགས་འགན་སྲུང་། ཞབས་ཞུ་ལེགས་སུ་གཏོང་བ་བཅས་ལ་དམིགས་ཏེ། ཐུན་མོང་འབྱོར་ཕྱུག་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་རྒྱུ། མཐུན་སྦྱོར་ལ་སྐུལ་འདེད་དང་། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས། ས་ཁོངས་མཉམ་འབྲེལ་བཅས་ལ་དམིགས་ཏེ་འཕེལ་རྒྱས་ཀྱི་བར་སྟོང་གསར་པ་གཏོད་རྒྱུ། སྐྱེ་ཁམས་ལ་སྲུང་སྐྱོང་དང་། ཕྱོགས་སྒྱུར་ལ་སྐུལ་འདེད། སྲུང་བཅད་བརྟན་སྲུང་བཅས་ལ་དམིགས་ཏེ། ལྗང་མདོག་གོང་འཕེལ་གྱི་ལན་པར་བཏོད་རྒྱུ། ཉེན་ཁ་འགོག་སེལ་དང་། མཚམས་ཐིག་སྲུང་བ། བརྟན་ལྷིང་འགན་སྲུང་བཅས་ལ་དམིགས་ཏེ། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་ཀྱིས་དམིགས་ཚད་ལས་འགན་ཁག་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ་ལྷོ་ཁའི་སྤུས་ཚད་མཐོ་བའི་གོང་འཕེལ་གྱི་ལེ་ཚན་གསར་པ་འབད་པས་རྩོམ་ཆེད་གོང་དཀར་གྱི་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ།

སྣེ་གདོང་ཆུས་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཆུས་ཀྲང་། ཀྲོའུ་ཕིང་།

སྣེ་གདོང་ཆུས་ཀྱིས་བློ་བརྟན་འགྱུར་མེད་ངང་“གདུང་མ་འདེགས་པ་དང་། དར་ཆེན་འཕྱར་བའི་”འགན་འཁྲི་འཁུར་ཐོག་ཆུས་ཨུད་ཀྱི་“ལྟེ་གཅིག་གཤོག་གཉིས་ཁུལ་གསུམ་རྒྱུད་བཞི”བཅས་ཀྱི་འཕེལ་རྒྱས་འཐབ་ཇུས་གཞིར་བཟུང་། “1510”ལས་གཞི་གཏིང་ཟབ་ཕྱོགས་སུ་སྐུལ་འདེད་གཏོང་རྒྱུ། “ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང་དུང་ཕྱུར་བརྒྱའི་དུས་རབས་སུ་བསྐྱོད་པའི”དམིགས་ཚད་ལ་གཞིགས་ཏེ། བློ་བརྟན་འགྱུར་མེད་ངང་རྣམ་གྲངས་དམ་འཛིན་དང་། རྣམ་གྲངས་ཆེན་པོ་དམ་འཛིན་གྱིས། དངོས་ཚན་དཔལ་འབྱོར་གྱི་འཕེལ་རྒྱས་ལས་གྲྭ་ཨང་དང་པོ་དང་། ཚོང་གཉེར་ཁོར་ཡུག་བསྒྱུར་བཅོས་ཀྱི་ལས་གྲྭ་ཨང་དང་པོ། སྡོད་ཁང་ལེགས་བཅོས་ཀྱི་ལས་གྲྭ་ཨང་དང་པོ་བཅས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། རིག་གནས་ཡུལ་སྐོར་གྱི་ཐོན་ལས་དང་། གྲངས་འཛིན་དཔལ་འབྱོར། དམའ་དབྱིངས་དཔལ་འབྱོར། ཆིང་དབྱང་ཐོན་ལས་བཅས་འཕེལ་རྒྱས་ཤུགས་ཆེན་བཏང་ནས། ཐོག་མཐའ་བར་གསུམ་དུ་སྤྱི་ཡོངས་ནས་ས་ཁོངས་གཅིག་ལ་འཆར་འགོད་བྱེད་པ་དང་། ས་ཁོངས་གཅིག་གིས་ཁྱོན་ཡོངས་ལ་ཞབས་འདེགས་ཞུས་ཏེ། ལྷོ་ཁའི་སྤུས་ཚད་མཐོ་བའི་གོང་འཕེལ་ཁྲོད་གྲོང་ཁྱེར་གནས་ས་ལྟེ་བའི་འགན་འཁྲི་འཁུར་རྒྱུ་དང་སྟོབས་ཤུགས་ཡོད་རྒུ་ལེགས་སྐྱེས་འབུལ་རྒྱུ།

སྣ་དཀར་རྩེ་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རྫོང་དཔོན། ཕུར་བུ་བཀྲ་ཤིས།

མ་འཇོག་དམ་འཛིན་གྱིས་སྙན་ཞུ་དང་འབྲེལ་གཏུགས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། རྣམ་གྲངས་ཀྱི་སྔོན་འགྲོའི་ལས་དོན་སྒྲུབ་མགྱོགས་སུ་བཏང་ཐོག་དུས་ཚིགས་དང་པོའི་འགོ་ཚུགས་ལ་རྣམ་པ་གསར་པ་ཡོང་རྒྱུར་བརྩོན་ལེན་བྱས་ཏེ་ལོ་མཇུག་གི་མ་འཇོག་འཕར་ཚད་གྲོང་ཁྱེར་རིམ་པའི་དམིགས་ཚད་དུ་སླེབས་རྒྱུའི་འགན་ལེན་བྱ་རྒྱུ། འཛད་སྤྱོད་ལ་སྐུལ་འདེད་གཏོང་བ་དང་། འཛད་སྤྱོད་སྐུལ་སྤེལ་བྱ་སྤྱོད་རྒྱུན་འཁྱོངས་སྤེལ་ཐོག་དུས་ཚིགས་རིམ་པར་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་སྤེལ་ནས་འཛད་སྤྱོད་དང་ཐ་ན་ཐོན་ལས་གསུམ་པའི་འཕར་ཚད་མགྱོགས་པའི་འགན་ལེན་བྱ་རྒྱུ། འབབ་འཕར་དམ་འཛིན་བྱས་ཏེ《ཐོན་འཕར་འབབ་འཕར་ཇུས་གཞི》བཟོས་ཐོག་དམངས་འཚོའི་རྣམ་གྲངས་ཀྱིས་ངལ་ལས་འབབ་འཕར་ལ་སྐུལ་ཁྲིད་ཐུབ་རྒྱུ་འབུར་ཐོན་ཡོང་བ་བྱས་ནས་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་ལག་ཡོད་ཡོང་འབབ་དང་འབྲུ་རིགས་ཐོན་འབབ་ཀྱི་འབབ་འབྲས་གཉིས་ཀ་འགན་ལེན་བྱ་རྒྱུ། གཅིག་གྱུར་འཆར་འགོད་དམ་འཛིན་གྱིས་བཀོད་གཏོང་ལ་ཤུགས་སྣོན་བརྒྱབ་སྟེ་ཟླ་རེར་བཀོད་གཏོང་དང་། དུས་ཚིགས་རེར་དབྱེ་ཞིབ། ལོ་ཕྱེད་ལ་ཕྱོགས་བསྡོམས ལོ་འཁོར་མོར་དཔྱད་བསྡུར་བཅས་ཀྱི་ལམ་སྲོལ་མཐའ་འཁྱོངས་ཐོག་ཐོན་ལས་གསུམ་དང་། འཁོར་རྟ་གསུམ། གཞི་རྒྱུ་འགན་སྲུང་སོགས་ཕྱོགས་ཁག་གི་ལས་དོན་ལ་གཅིག་གྱུར་འཆར་འགོད་ཀྱིས་འཕར་ཚད་བརྟན་པོ་དང་། ལས་ཞུགས་བརྟན་པོ། ཁེ་ལས་བརྟན་པོ། ཁྲོམ་ར་བརྟན་པོ། སྔོན་དཔག་བརྟན་པོ་བཅས་ཡོང་བར་སྐུལ་འདེད་གཏོང་རྒྱུ།

ལྷོ་བྲག་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རྫོང་དཔོན། ཧྥུ་ཁྲེང་ཚུང་།

ཕན་འབྲས་ལྡན་པའི་མ་འཇོག་རྒྱ་སྐྱེད་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་རྣམ་གྲངས་འཛུགས་སྐྲུན་དམ་འཛིན་བྱས་ནས། འཛད་སྤྱོད་དང་། ཐོན་ལས། འཕེལ་རྒྱས་སོགས་གཙོ་གནད་ལས་དོན་ལ་སྐུལ་འདེད་བཏང་ཐོག་དཔལ་འབྱོར་ལ་སྤུས་ཚད་ལྡན་པའི་མཐོར་འདེགས་དང་གྲངས་ཚད་ལུགས་མཐུན་ངང་འཕར་སྣོན་ཡོང་བར་སྔར་བས་སྐུལ་འདེད་གཏོང་རྒྱུ། དངོས་པོ་དང་མི་ཐོག་ལ་མ་འཇོག་བྱ་རྒྱུ་ཟུང་འབྲེལ་མཐའ་འཁྱོངས་བྱས་ཏེ། མང་ཚོགས་ཀྱིས་ཡོངས་ཁྱབ་ཏུ་དོ་ཁུར་བྱེད་པའི་ལས་ཞུགས་དང་། འབབ་འཕར། སློབ་གསོ། སྨན་བཅོས་འཕྲོད་བསྟེན། སྤྱི་ཚོགས་འགན་སྲུང་སོགས་དམངས་འཚོའི་ལས་དོན་གཙོ་གནད་དུ་དམ་འཛིན་གྱིས་མི་དམངས་ཡོངས་ཐུན་མོང་ཐོག་འབྱོར་ཕྱུག་ཡོང་བར་སྐུལ་འདེད་གཏོང་རྒྱུ། ཆུ་ཚད་མཐོ་བའི་བདེ་འཇགས་ཐོག་ནས་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྲུང་སྐྱོབ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་དང་། སྐྱེ་ཁམས་བདེ་འཇགས་སྲུང་བཅད་འཛུགས་སྐྱོང་། མཐའ་སྲུང་མཐའ་མཚམས་དོ་དམ་འགོག་ཟོན་སོགས་གཙོ་གནད་ལས་དོན་ཁག་གཙོ་གནད་དུ་དམ་འཛིན་གྱིས་མཐའ་མཚམས་མཛེས་སྡུག་ལྡན་པ་དང་། མཐའ་ཁུལ་མང་ཚོགས་ཕྱུག་པ། མཐའ་མཚམས་བརྟན་ལྷིང་། མཐའ་སྲུང་སྲ་བརྟན་བཅས་ཀྱི་དམིགས་ཚད་མངོན་འགྱུར་ཡོང་བ་བྱས་ཏེ་ལྷོ་ཁའི“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་ཐུབ་ཕྱིར་ལྷོ་བྲག་གི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ།

གྲ་ནང་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རྫོང་དཔོན། བསོད་ནམས་སྐལ་བཟང་།

“འགོ་འཛུགས་པ་ནི་གདོང་མཆོངས་བྱེད་པ་དང་། ཐོག་མའི་གོམ་སྟབས་ནི་རྒྱལ་ཁ་ཐག་གཅོད་”ཡིན་པའི་འབད་འབུངས་ཀྱི་སྙིང་སྟོབས་ཐོག་ནས་གྲ་ནང་གི་ཐུན་མིན་ས་བབ་ཆ་རྐྱེན་དང་། ཐོན་ཁུངས་ཀྱི་ནུས་སྐྱེད། ཐོན་ལས་ཀྱི་རྨང་གཞི་བཅས་ལ་གཞི་ཚུགས་ཏེ་དེང་རབས་ཞིང་ལས་དང་། རིག་གནས་ཡུལ་སྐོར། མི་རིགས་ལག་ཤེས་བཟོ་ལས། ནུས་རྒྱུ་གཙང་མ། སྒྲིག་ཆས་བཟོ་སྐྲུན་བཅས་ཀྱི་རྒྱ་སྟོབས་ཆེ་རུ་བཏང་ཐོག་ཐོན་ལས་གྲུབ་ཚུལ་ལེགས་སུ་གཏོང་རྒྱུ་དང་། ཁྱད་ལྡན་ཐོན་ལས་མང་འདུས་སྐྱེད་སྲིང་། སྤུས་གསར་ཐོན་སྐྱེད་ནུས་ཤུགས་སྟོབས་ཆེར་གཏོང་བ། འཕེལ་རྣམ་གསར་པར་ཞབས་ཞུ་དང་མཉམ་འདྲེས་བཅས་བྱས་ནས་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་གོང་འཕེལ་ཡོང་ཕྱིར་གྲ་ནང་གི་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ།

འཕྱོངས་རྒྱས་རྫོང་ཨུད་ཧྲུའུ་ཅི། ཡིའུ་ཀང་།

སྤུས་ཚད་མཐོ་བའི་གོང་འཕེལ་ལ་བརྟེན་ནས་སྤྱི་ཡོངས་ལ་སྤྱི་འདོམས་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཐུ་བོད་རིག་གནས་ཡུལ་སྐོར་ལྟེ་གནས་ཁུལ་དང་། གྲོང་གསེབ་ཕྱོགས་ཡོངས་དར་རྒྱས་ཀྱི་སྣེ་ཁྲིད་ཁུལ། གཞི་རིམ་བཅོས་སྐྱོང་དེང་རབས་ཅན་གྱི་སྔོན་སྐྱོད་ཁུལ། འབྱུང་འཕྲོད་རྩེ་གྲས་ཐོན་ལས་གཅིག་སྡུད་ཁུལ་བཅས་ཀྱི་“ཁུལ་གསུམ་དང་ས་ཁོངས་གཅིག”འཛུགས་སྐྲུན་བྱ་རྒྱུར་དམིགས་ཏེ། དགེ་མཚན་ཆེ་རིགས་འདོན་སྤེལ་གྱིས། གསར་གཏོད་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་དང་། རྣམ་གྲངས་དམ་འཛིན་དང་མ་འཇོག་རྒྱ་ཆེར་གཏོང་བ། འཛད་སྤྱོད་ལ་སྐུལ་སྤེལ། དམངས་འཚོར་ཕན་འདོགས་པ། ཉེན་ཁ་འགོག་ཟོན། མཚམས་ཐིག་སྲུང་བ་བཅས་བྱས་ཐོག་དཔལ་འབྱོར་གྱི་སྤུས་འབྲས་མཐོར་འདེགས་དང་གྲངས་ཚད་ལུགས་མཐུན་ངང་འཕར་སྣོན་ཡོང་བར་སྐུལ་འདེད་ཧུར་ཐག་བཏང་ནས། “ལོ་ལྔ་ཚན་བཅོ་ལྔ་པའི་”འགོ་ཡག་པོ་འཛུགས་ཐུབ་པ་དང་། གོམ་སྟབས་བརྟན་པོ་སྤོ་ཐུབ་པ་འགན་ལེན་བྱེད་རྒྱུ།

放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:专版
   第03版:综合新闻
   第04版:综合新闻
མ་འོངས་འཆར་གཞི་བཀོད། དངོས་སྒྲུབ་འབྱུང་འགྱུར་གཏོད།