第01版:头版 4下一版
 
版面导航

第01版
头版

第02版
重要新闻

第03版
重要新闻
 
标题导航
རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་2026 ལོའི་ལོ་གསར་གྱི་ཤིས་ཚིག་གསུངས་པ།
རྒྱལ་ཡོངས་སྲིད་གྲོས་ཀྱིས་ལོ་གསར་ གྱི་ཇ་སྟོན་ཚོགས་འདུ་འཚོགས་པ།
ལི་ཧྥུའུ་ཀྲུང་གིས་ལས་བྲལ་ལས་འཁྱུར་ལས་བྱེད་པ་དང་། “རྒན་གྲས་གསུམ་གྱི་མི་སྣ”འཚོ་བར་དཀའ་ངལ་ཡོད་པའི་ཏང་ཡོན་བཅས་ལ་འཚམས་འདྲི་གནང་བ།
གྲོང་ཁྱེར་ཡོངས་ཀྱི་མི་དམངས་ལ་གནམ་ལོ་གསར་ཚེས་ཀྱི་བཀྲ་ཤིས་རྟེན་འབྲེལ་ཞུ།
2026ལོའི་ལོ་གསར་གྱི་ཤིས་ཚིག
| 山南网首页 |
2026年1月2日 星期
3 上一篇  下一篇 4 放大 缩小 默认
ལི་ཧྥུའུ་ཀྲུང་གིས་ལས་བྲལ་ལས་འཁྱུར་ལས་བྱེད་པ་དང་། “རྒན་གྲས་གསུམ་གྱི་མི་སྣ”འཚོ་བར་དཀའ་ངལ་ཡོད་པའི་ཏང་ཡོན་བཅས་ལ་འཚམས་འདྲི་གནང་བ།
 

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ལོ་གསར་པ་འཆར་ཉེར་ཡོད་པའི་སྐབས་སུ། ཏང་གི་སྲོལ་རྒྱུན་བཟང་པོ་དང་སྤྱོད་བཟང་དར་སྤེལ་གཏོང་བ་དང་། ཏང་གི་བྱམས་བརྩེའི་ཐུགས་ཁུར་དང་དྲོ་སྐྱིད་བརྒྱུད་སྤྲོད་བྱ་ཆེད། 2025ལོའི་ཟླ་12ཚེས་30ཉིན། གྲོང་ཨུད་ཧྲུའུ་ཅི་ལི་ཧྥུའུ་ཀྲུང་གིས་ལས་བྲལ་ལས་འཁྱུར་ལས་བྱེད་པ་དང་། “རྒན་གྲས་གསུམ་གྱི་མི་སྣ”འཚོ་བར་དཀའ་ངལ་ཡོད་པའི་ཏང་ཡོན་བཅས་ལ་འཚམས་འདྲི་གནང་བ་དང་། ཁོང་རྣམ་པར་ལྷག་བསམ་ཟོལ་མེད་ངང་དུས་ཆེན་གྱི་འཚམས་འདྲི་གནང་བ་མ་ཟད། ཚང་མ་དང་སྤེལ་རེས་གནང་སྟེ་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་(པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད) གནས་ཚུལ་བརྡ་ཁྱབ་བཏང་གནང་བ་དང་། བསམ་འཆར་གསན་ཅིང་། བློ་མཐུན་རྒན་གྲས་ཚོས་ལྷོ་ཁའི་བྱ་གཞག་ཁག་ལ་ལེགས་སྐྱེས་གལ་ཆེན་ཕུལ་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་གནང་བ་དང་སྦྲགས། སྐུ་གཟུགས་གསལ་ཐང་དང་འཚོ་བ་བདེ་སྐྱིད་ཡོང་བའི་སྨོན་འདུན་ཞུས་གནང་བ་རེད། ལི་ཧྥུའུ་ཀྲུང་དང་བཅས་པས་གང་དུ་ཕེབས་རུང་ཁོང་ཚོ་དང་ཕན་ཚུན་སྨོན་འདུན་ཞུ་རེས་གནང་གིན་དུ་ལྷོ་ཁའི་འཛུགས་སྐྲུན་དང་འཕེལ་རྒྱས་ཆེད་འཇུངས་མེད་ལེགས་སྐྱེས་ཕུལ་བ་དང་། དགའ་སྐྱོ་མཉམ་འདྲེས་ཀྱི་ལོ་ཟླར་ཕྱིར་དྲན་གནང་བར་ས་ཡུལ་དངོས་སུ་དྲོ་སྐྱིད་དང་འཆམ་མཐུན་གྱི་རྣམ་པ་འཁྲུག་ཆ་དོད་པོ་ཡོད་པ་རེད།

པད་སྒྲོན་ཁྱིམ་དུ། ལི་ཧྥུའུ་ཀྲུང་གིས་ངལ་རྩོལ་དཔེ་བཟང་རྒན་གྲས་ནི་གནོང་འགྱོད་མེད་པའི་སྔོན་ཐོན་མི་སྣ་ཤ་སྟག་ཡིན་པས། ཁྱེད་ཚོས་དཀའ་སྤྱད་འབད་བརྩོན་དང་ལེགས་སྐྱེས་འབུལ་འདོད་ཀྱི་སྙིང་སྟོབས་བཟང་པོ་དར་སྤེལ་བཏང་སྟེ། རང་འགུལ་ངང་ལག་ལེན་ཁྲོད་གསོག་འཇོག་བྱས་པའི་ཉམས་མྱོང་རྩ་ཆེན་རྣམས་བརྒྱུད་སྤྲོད་བྱས་ཐོག་དཔེ་བཟང་གི་སྟོབས་ཤུགས་ལ་བརྟེན་ནས་མི་ཚོགས་དེ་བས་མང་བས་བྱས་རྗེས་འཇོག་རྒྱུར་སྐུལ་ཁྲིད་བྱེད་དགོས་ཞེས་དང་།

ཚེ་རིང་གི་ཁྱིམ་དུ། ལི་ཧྥུའུ་ཀྲུང་གིས་ང་ཚོས་ནམ་ཡང་བློ་མཐུན་རྒན་གྲས་ཚོ་བརྗེད་མི་སྲིད། དུས་ཆེན་སླེབས་རིམ་བཞིན་ལྷན་རྒྱས་དེ་བས་དྲན་པོ་འདུག་པས། བློ་མཐུན་རྒན་གྲས་ཚོས་ལྷོ་ཁའི་སྒྱུར་འཕེལ་བརྟན་གསུམ་ཆེད་ལེགས་སྐྱེས་མངོན་གསལ་ཕུལ་བར་ལྷག་བསམ་ཟོལ་མེད་ཀྱི་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རིམ་ཁག་རྩ་འཛུགས་ཚན་པ་དང་ལས་བྱེད་རྒན་གྲས་ཅུས་ཀྱིས་ལས་བྱེད་རྒན་གྲས་ལ་སེམས་ཁུར་མང་ཙམ་བྱེད་པ་དང་། ལས་བྱེད་རྒན་གྲས་ཚོའི་བསམ་འཆར་དང་གྲོས་འཆར་མང་ཙམ་ཉན་པ། ལོ་ལྟར་རྣམ་པ་འདྲ་མིན་སྣ་ཚོགས་ཀྱི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ། ལས་བྱེད་པ་རྒན་གྲས་སྒྲིག་འཛུགས་བྱས་ནས་ལྷོ་ཁར་མང་ཙམ་གཟིགས་པར་ཕེབས་ཏེ་ལྷོ་ཁའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གཡུར་ཟའི་གྲུབ་འབྲས་ལ་ཉམས་ལེན་གནང་རྒྱུའི་རེ་བ་ཡོད་ཅེས་གསུངས།

ཚེ་བརྟན་ལྷུན་གྲུབ་ཁྱིམ་དུ། ལི་ཧྥུའུ་ཀྲུང་གིས་ཁེ་ལས་ཁག་གིས་རང་འགུལ་ངང་དཀའ་ངལ་ཡོད་པའི་ལས་བཟོར་སེམས་ཁུར་མང་ཙམ་བྱས་ནས་ཁོང་ཚོའི་བྲེལ་དཀའ་སྡུག་སྨོན་གྱི་གནད་དོན་ཐག་གཅོད་བྱས་ཐོག་ལས་བཟོའི་གཏོགས་སེམས་དང་སྐྱིད་སྣང་ཆེ་རུ་གཏོང་དགོས། ཐོན་སྐྱེད་བདེ་འཇགས་དེ་གལ་ཆེའི་ནང་གི་གལ་ཆེར་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་བདེ་འཇགས་བྱེད་ཐབས་ནན་བསྟར་དང་དོན་འཁྱོལ་ཞིབ་ཕྲ་བྱས་ཏེ་ཐོན་སྐྱེད་བདེ་འཇགས་ཀྱི་མཚམས་ཐིག་བརྟན་པོར་སྲུང་དགོས།

ལི་ཧྥུའུ་ཀྲུང་གིས་ནན་བཤད་གནང་དོན། ལྷོ་ཁའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་ཡར་ཐོན་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པའི་རྩ་བ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ཀྱི་བྱམས་བརྩེའི་ཐུགས་ཁུར་ལ་ཐུག་ཡོད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ལྷག་དོན་དུ་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་ཚན་རིག་དང་མཐུན་པའི་ཁྲིད་སྟོན་ལ་ཐུག་ཡོད་པ། ལྗོངས་ཏང་ཨུའི་སྲ་ཞིང་བརྟན་པའི་འགོ་ཁྲིད་དང་ཁ་བྲལ་ཐབས་མེད་པ་མ་ཟད། གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ལས་བྱེད་པ་རྒན་གྲས་དང་ཏང་ཡོན་རྒན་གྲས། དཔེ་བཟང་བ་རྒན་གྲས་བཅས་ཚུད་པའི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་དཀའ་སྤྱད་འབད་བརྩོན་དང་ཐེག་ཁུར་མདུན་སྐྱོད་བྱས་པའི་འབད་འཐབ་བརྒྱུད་རིམ་ར་སྤྲོད་བྱས་ཡོད་ཅེས་དང་།

ལི་ཧྥུའུ་ཀྲུང་གིས། རྒྱ་ཆེའི་ལས་བྱེད་པ་རྒན་གྲས་དང་། ཏང་ཡོན་རྒན་གྲས། དཔེ་བཟང་བ་རྒན་གྲས་བཅས་ནི་ལྷོ་ཁ་འཛུགས་སྐྲུན་དང་འཕེལ་རྒྱས་གཏོང་མཁན་གྱི་དངོས་མྱོང་ཅན་དང་། དེའི་ནང་ཞུགས་མཁན། དཔང་པོ་གནང་མཁན་བཅས་ཡིན་ཅིང་། ཚང་མས་དུས་སྐབས་མི་འདྲ་བའི་ནང་ལས་གནས་ལ་གཞི་ཚུགས་ཏེ་འབད་འབུངས་གང་མང་གནང་ཐོག་ལྷོ་ཁའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེད་སེམས་ནུས་འབོར་ཆེན་བཏོན་པ་དང་། དཀའ་སྤྱད་འབད་བརྩོན་བྱས་ཏེ་ཉམས་མེད་བྱས་རྗེས་བཞག་ཡོད། དེ་རིང་ལྷོ་ཁར་ཐོབ་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་དག་ནང་བློ་མཐུན་རྒན་གྲས་ཚོའི་བློ་གྲོས་དང་རྔུལ་ཆུ་འདུས་ཡོད། མིག་སྔར། ལྷོ་ཁ་འདི་ཉིད་རྒྱལ་ཡོངས་སམ་ལྗོངས་ཡོངས་དང་མཉམ་དུ་གཞི་རྩའི་ཆ་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་རྨང་གཞི་བརྟན་གཏོང་དང་། ཕྱོགས་ཡོངས་ནས་ནུས་ཤུགས་འདོན་པའི་འགག་རྩའི་དུས་སྐབས་སུ་གནས་ཡོད་པས། དེ་བས་ཀྱང་ཕྱོགས་ཁག་གི་སྟོབས་ཤུགས་གཅིག་སྒྲིལ་དང་རྩ་ཆེའི་ཉམས་མྱོང་བསྡུ་ལེན་བྱ་དགོས། བློ་མཐུན་རྒན་གྲས་རྣམ་པས་སྔར་རྒྱུན་བཞིན་ལྷོ་ཁའི་དཔལ་འབྱོར་དང་སྤྱི་ཚོགས་བྱ་གཞག་ཁག་གི་འཕེལ་རྒྱས་ལ་སེམས་ཁུར་དང་རྒྱབ་སྐྱོར་གནང་སྟེ། ཆབ་སྲིད་ཀྱི་དགེ་མཚན་དང་། ཉམས་མྱོང་བཟང་པོ། ཟིལ་ཤུགས་དགེ་མཚན་བཅས་འདོན་སྤེལ་གང་ལེགས་ཀྱིས། དགེ་མཚན་ལྡན་པའི་བསམ་འཆར་མང་ཙམ་འདོན་པ་དང་། བློ་གྲོས་ལྡན་པའི་ཐབས་ཇུས་མང་ཙམ་ཕུལ་ཏེ། གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ལས་དོན་ཁག་སྔར་བས་ཏན་ཏིག་དང་ལེགས་པར་བསྒྲུབས་རྒྱུར་རོགས་རམ་གནང་རྒྱུའི་རེ་བ་ཡོད་ཅེས་གསུངས།

ལི་ཧྥུའུ་ཀྲུང་གིས་བླང་བྱ་བཏོན་དོན། གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་དང་ཚན་པ་ཁག་གིས་ཐོག་མཐའ་བར་གསུམ་དུ་བརྩེ་སེམས་ཟབ་མོ་བཅངས་ཐོག་སེམས་ནུས་དང་བརྩེ་སེམས་ཡོད་རྒུར་བརྟེན་ནས་འཚོ་བར་དཀའ་ངལ་ཡོད་པའི་ཏང་ཡོན་དང་། ཏང་ཡོན་རྒན་གྲས། ལས་བྱེད་པ་རྒན་གྲས་བཅས་ཀྱི་ཞབས་ཞུ་འགན་སྲུང་ལས་དོན་ལེགས་པར་བསྒྲུབ་དགོས་པ་དང་། སྲིད་ཇུས་དང་ཐོབ་ཐང་ཁག་དོན་འཁྱོལ་ནན་པོ་བྱས་ཏེ། དུས་ཐོག་ཏུ་དོན་དངོས་དཀའ་ངལ་ཐག་གཅོད་བྱེད་རོགས་བྱས་ཐོག་བློ་མཐུན་རྒན་གྲས་རྣམས་ཚེ་མཇུག་སྤྲོ་པོ་དང་། འཚོ་བ་སྐྱིད་པོ་ཡོང་བ་བྱས་ཏེ། མུ་མཐུད་ནས་ནུས་པ་གང་ཡོད་འདོན་སྤེལ་བྱེད་པར་མཐུན་རྐྱེན་དང་ཁོར་ཡུག་བཟང་པོ་སྐྲུན་དགོས་པ་དང་། བློ་མཐུན་རྒན་གྲས་ཚང་མས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་དྲོ་སྐྱིད་ཚོར་ཐུབ་པ་བྱེད་དགོས་པ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སེམས་ནུས་གཅིག་སྒྲིལ་དང་ཐུན་མོང་འབད་བརྩོན་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ལྷོ་ཁ་གསར་པའི་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་པར་སྔར་བས་སྐུལ་མ་གཏོང་དགོས།

འཚམས་འདྲི་གནང་རིང་། ཚང་མས་ད་ལྟའི་ལྷོ་ཁར། གྲོང་ཁྱེར་འཛུགས་སྐྲུན་གྱི་རྣམ་པ་མཛེས་སྡུག་ལྡན་པ་དང་། འགྲིམ་འགྲུལ་འགྲོ་འོང་སྟབས་བདེ་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པར་གནམ་ས་བླ་འོག་བརྗེས་པའི་འགྱུར་ལྡོག་བྱུང་བ། མང་ཚོགས་ཀྱི་འཚོ་བ་བདེ་སྐྱིད་ཕུན་སུམ་ཚོགས་པ་བཅས་བྱུང་ཡོད་པས། སེམས་གཏིང་ནས་དགའ་སྤྲོ་དང་སྤོབས་པ་སྐྱེ་འོས་པ་ཡིན་པའི་ངོས་འཛིན་གཅིག་མཐུན་བྱུང་བ་རེད། ཚང་མས། གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་ལྷོ་ཁའི་བྱ་གཞག་ཁག་རླུང་རླབས་ལ་བརྟེན་ནས་འབད་བརྩོན་ཆེན་པོས་མདུན་སྐྱོད་བྱས་ཏེ་རྒྱུན་ཆད་མེད་པར་སྐས་རིམ་གསར་པའི་ཐོག་བསྐྱོད་ནས་གསར་གཏོད་ཀྱི་རྣམ་པ་གཏོད་ངེས་ཡིན་པའི་ཡིད་ཆེས་ཀྱི་ཁེངས་ནས་ཡོད།

གྲོང་ཁྱེར་འགོ་ཁྲིད་ཧྥུང་ཞའོ་དབྱི་དང་བུ་ཏོག་ལྷན་དུ་ཞུགས་ཡོད་པ་རེད།།

བསོད་ནམས་བསྟན་པས་བསྒྱུར། བསོད་ཡེ་བདེས་ཞུས།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:重要新闻
   第03版:重要新闻
   第04版:重要新闻
རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་2026 ལོའི་ལོ་གསར་གྱི་ཤིས་ཚིག་གསུངས་པ།
རྒྱལ་ཡོངས་སྲིད་གྲོས་ཀྱིས་ལོ་གསར་ གྱི་ཇ་སྟོན་ཚོགས་འདུ་འཚོགས་པ།
ལི་ཧྥུའུ་ཀྲུང་གིས་ལས་བྲལ་ལས་འཁྱུར་ལས་བྱེད་པ་དང་། “རྒན་གྲས་གསུམ་གྱི་མི་སྣ”འཚོ་བར་དཀའ་ངལ་ཡོད་པའི་ཏང་ཡོན་བཅས་ལ་འཚམས་འདྲི་གནང་བ།
གྲོང་ཁྱེར་ཡོངས་ཀྱི་མི་དམངས་ལ་གནམ་ལོ་གསར་ཚེས་ཀྱི་བཀྲ་ཤིས་རྟེན་འབྲེལ་ཞུ།
2026ལོའི་ལོ་གསར་གྱི་ཤིས་ཚིག