●ངེས་པར་དུ་ལུས་སྦྱོང་གྲ་སྒྲིག་བྱ་དགོས། དགུན་དུས་སུ་རྒྱུག་ཤར་མ་གློད་གོང་ངེས་པར་དུ་ལུས་སྦྱོང་གྲ་སྒྲིག་གང་ལེགས་བྱ་དགོས་པ་དང་། ལུས་སྦྱོང་མ་བྱས་གོང་ལག་ཚིགས་དང་རྐང་ཚིགས་སོགས་ལ་འགུལ་ཙམ་བྱེད་པ་དང་རྐང་པ་གཉིས་མནན་ཏེ་གྲ་སྒྲིག་སྦྱོང་བརྡར་བྱས་ན། ལུས་སྦྱོང་བྱེད་པའི་སྐབས་རྨས་སྐྱོན་མི་ཕོག་པ་བྱ་ཐུབ།
●ལུས་སྦྱོང་བྱེད་དུས་ཇ་འཐུང་མི་རུང་། མི་མང་པོ་ཞིག་གིས་ལུས་སྦྱོང་བྱེད་སྐབས་ཆུ་ཁོལ་མ་འཐུང་བར་ཇ་ཚ་པོ་བཏུང་གི་ཡོད། འོན་ཀྱང་ཇ་འཐུང་ན་གཅིན་པ་འབབ་བདེ་བས་ལུས་སྦྱོང་བྱེད་པའི་སྐབས་ལུས་ལ་མཁོ་བའི་ཆུ་གསབ་མི་ཐུབ། དེར་བརྟེན་དགུན་དུས་ལུས་སྦྱོང་བྱེད་སྐབས་ཆུ་ཁོལ་བཏུང་དགོས།
●དགུན་དུས་ལུས་སྦྱོང་བྱེད་སྐབས་རླུང་འགོག་གྱོན་གོས་གྱོན་དགོས། དགུན་དུས་སུ་མི་རྣམས་གྲང་བའི་རྒྱུ་མཚན་ནི་སིལ་རླུང་ལུས་ལ་སིམ་ནས་གྲང་ཤུམ་རྒྱག་གི་ཡོད། དེར་བརྟེན་རླུང་འགོག་བྱ་དགོས། ལུས་སྦྱོང་བྱེད་པའི་སྐབས་ངེས་པར་དུ་རླུང་འགོག་གྱོན་གོས་གྱོན་དགོས་ལ། གྱོན་གོས་ཡང་པོའང་དགོས།