第04版:视觉山南 上一版3
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
| 山南网首页 |
2025年10月20日 星期
放大 缩小 默认
སྟོན་ལ་རྩེན་པའི་ཡིད་སྨོན་།
 

སྟོན་སྒེག་མོས་བྲིས་པའི་སྙན་ངག་འདི། །

ཡུལ་ཡར་མོ་ཀླུང་ནས་ལྷང་ངེར་གྱེར། །

ཁུར་ལྗིད་པོས་དུད་པའི་ལོ་ཏོག་གསེང་། །

ང་ཞིང་པའི་བཙས་གླུ་སྙན་ཞིང་འཇེབས། །

ལར་བཀོད་པ་གཙང་བའི་ལྷོ་ཁའི་གྲོང་། །

གསེར་ཉིང་ཁུས་བརྒྱན་འདྲ་ལྟ་ན་སྡུག །

ནགས་སྐྱེ་མཚར་ལེགས་པའི་ཁྲོད་དུ་ན། །

ཤྭ་ཕོ་ར་མོ་ཡུ་གང་བདེར་རོལ། །

ཆབ་ཡར་ཀླུང་གཙང་པོའི་རྦ་རླབས་ཆིལ། །

ལས་ཐོན་སྐྱེད་དར་བའི་རྣམ་པ་བཟང་། །

ཀྱེ་དགའ་བའི་ཕ་ཡུལ་ཡར་མོ་ཀླུང་། །

སྟོན་ཡུལ་ལྗོངས་མཛེས་པོར་ཡིད་དབང་འཕྲོག །

སྐྱིད་འཚོ་བས་སྟོན་འབྲས་བསུས་པ་ན། །

སླད་ཕུགས་འདུན་མངོན་འགྱུར་ཨེ་མའོ། །

སྣེའུ་མཐོང་གྲོལ་གྱིས་ཚིགས་སུ་སྦྱར་བ་དགེ་གྱུར་ཅིག

རྩ་གཉིས་ཨང་རྟགས་བཤེར་ནས་ལྷོ་ཁའི་འགྲེམས་བསྒྲགས་འཕྲིན་སྟེགས་ལ་དོ་ཁུར་མཛོད།

པར་ལེན་མཁན། ཚེ་རིང་ནོར་བུ་ཆེ་བ། བློ་བཟང་མགོན་པོ། འཕྲིན་ལས་རྒྱ་མཚོ། པར་ངོས་ཇུས་འགོད། བདེ་སྐྱིད་དཔལ་སྒྲོལ།

放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:视觉山南
སྟོན་ལ་རྩེན་པའི་ཡིད་སྨོན་།