第01版:头版 4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་བཀོད་པ།
ལི་ཧྥུའུ་ཀྲུང་གིས་གྲོང་ཨུད་ཤེས་ལྡན་མི་སྣའི་ལས་དོན་འགོ་ཁྲིད་ཚོ་ཆུང་གི་ཚོགས་འདུ་བསྐོང་འཚོགས་གནང་སྟེ།
ལྷོ་ཁའི་ཟ་ར་ལམ་གཙང་པོ་འཕྲེད་བཅད་ཟམ་ཆེན་གདུང་མ་བཀལ་ཟིན་པ།
ལྷོ་ཁ་གྲོང་ཁྱེར་དུ་རྒྱལ་ཁབ་ཀྱི་3Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་4མང་དུ་ཕྱིན་པ།
2025ལོའི་ལྗོངས་ཡོངས་ཀྱི་སློབ་གསོ་གྲངས་གཞི་ཅན་གྱི་ལས་དོན་སྐུལ་སྤེལ་ཚོགས་འདུ་འཚོགས་པ།
| 山南网首页 |
2025年10月20日 星期
3 上一篇 放大 缩小 默认
2025ལོའི་ལྗོངས་ཡོངས་ཀྱི་སློབ་གསོ་གྲངས་གཞི་ཅན་གྱི་ལས་དོན་སྐུལ་སྤེལ་ཚོགས་འདུ་འཚོགས་པ།
 
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་དུས། ལྗོངས་ཡོངས་ཀྱི་སློབ་གསོ་གྲངས་གཞི་ཅན་གྱི་ལས་དོན་་སྐུལ་སྤེལ་ཚོགས་འདུ་ལྷོ་ཁར་སྐོང་འཚོགས་བྱས་པ་རེད། སློབ་གསོ་པུའུ་སློབ་གསོ་ལག་རྩལ་དང་ཐོན་ཁུངས་འཕེལ་རྒྱས་ལྟེ་གནས་སམ་ཀྲུང་དབྱང་གློག་འགྱུར་སློབ་གསོ་ཁང་གི་ཀྲུའུ་རེན་གཞོན་པ་ཤའོ་ཧང་དང་། རང་སྐྱོང་ལྗོངས་སློབ་གསོ་ཐིང་གི་ཐིང་ཀྲང་གཞོན་པ་ངག་དབང་རྒྱལ་མཚན་ཚོགས་འདུར་ཕེབས་པ་མ་ཟད་བཀོད་སྒྲིག་ཀྱང་གནང་། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རྒྱུན་ལས་གྲོང་སྤྱི་གཞོན་པ་ཝང་ཆི་ཁྲའོ་ཡིས་ཤིས་ཚིག་བསྒྲོན་གནང་བ་རེད། ཚོགས་འདུས་ནན་བཤད་བྱས་དོན། ལྗོངས་ཡོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱིས་སློབ་གསོ་གྲངས་གཞི་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་ལག་རྩལ་གསར་བཅོས་ཤིག་ཡིན་པ་མ་ཟད། དེ་བས་སློབ་གསོ་སྟོབས་ཆེན་རྒྱལ་ཁབ་དང་སློབ་གསོ་སྟོབས་ཆེན་ས་ཁུལ་འཛུགས་སྐྲུན་དང་འབྲེལ་བའི་འཐབ་ཇུས་ཀྱི་གདམ་ག་ཞིག་ཡིན་པར་ངོས་འཛིན་གཏིང་ཟབ་བྱེད་དགོས། བསམ་གཞིགས་ནན་ཏན་དང་རྒྱུན་མཐུད་ཞིབ་འཇུག་ལག་ལེན་ཧུར་ཐག་བྱས་ཏེ། གྲངས་རྟགས་ཅན་དུ་འགྱུར་བ་བྱ་རྒྱུ་དེ། སློབ་གསོ་སྟོབས་ཆེན་ས་ཁུལ་འཛུགས་སྐྲུན་གང་མགྱོགས་བྱེད་པའི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ནས། འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་ཏན་ཏིག་གཏོང་དགོས་པ་དང་། གྲངས་གཞིའི་སློབ་གསོ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་བཏང་ཐོག སློབ་གསོ་གྲངས་གཞི་ཅན་དུ་འགྱུར་བ་ལ་བརྟེན་ནས་སློབ་གསོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། ཚོགས་འདུའི་རིང་། ཚོགས་ཞུགས་མི་སྣས་ཆུ་གསུམ་གྲོང་རྡལ་སློབ་ཆུང་དང་གྲོང་ཁྱེར་ཆ་ཚང་སློབ་འབྲིང་ལ་བསྐྱོད་དེ། ས་གནས་ས་ཐོག་ཏུ་ལྟ་སྦྱོང་བྱས་པ་དང་འབྲེལ་རྒྱལ་ཁབ་ཀྱི་རིག་ནུས་སློབ་གསོའི་ལས་སྟེགས་བེད་སྤྱོད་གཏིང་ཟབ་དང་། "21+21"ལ་འབོད་པའི་སྤུས་ལེགས་ཐོན་ཁུངས་ཀུན་ལ་ཁྱབ་པའི་ལས་དོན་ཞིབ་གྲོས་ཡན་ལག་ཚོགས་པ་དང་མི་ཐབས་རིག་ནུས་གསར་དར་སློབ་གསོའི་ཆེད་དོན་འཆད་ཁྲིད་འཚོགས་ཏེ། ལྗོངས་ཡོངས་ཀྱི་དགེ་རྒན་གྱི་གྲངས་འཛིན་བྱང་ཚད་ཚད་ལེན་ཚོད་ལྟ་དང་དཔྱད་བསྡུར་གཏན་འབེབས་ཀྱི་སྙན་ཞུར་གསལ་འགྲེལ་བྱས་པ་རེད།

3 上一篇 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:视觉山南