སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཤེས་ལྡན་མི་སྣའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་དང་ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་འཐབ་ཇུས་བཀོད་སྒྲིག་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ། ལྷོ་ཁ་ཡུན་རིང་བདེ་འཁོད་དང་སྤུས་མཐོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་
དེ་བས་མང་བའི་ཤེས་ལྡན་མི་སྣའི་འདེགས་སྐྱོར་མཁོ་འདོན་བྱེད་དགོས་པའི་ནན་བཤད་གནང་བ།
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། སྤྱི་ཟླ་10པའི་ཚེས་16ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི། གྲོང་ཨུད་ཤེས་ལྡན་མི་སྣའི་ལས་དོན་འགོ་ཁྲིད་ཚོ་ཆུང་གི་ཙུའུ་ཀྲང་ལི་ཧྥུའུ་ཀྲུང་གིས་གྲོང་ཨུད་ཤེས་ལྡན་མི་སྣའི་ལས་དོན་འགོ་ཁྲིད་ཚོ་ཆུང་གི་ཚོགས་འདུ་བསྐོང་འཚོགས་གནང་ཞིང་། ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཤེས་ལྡན་མི་སྣའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་དང་ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ། འདི་ལོ་ཚུན། གྲོང་ཁྱེར་ཡོངས་ཀྱི་ཤེས་ལྡན་མི་སྣའི་ལས་དོན་སྤེལ་ཚུལ་གསན་ཐོག ཤེས་ལྡན་མི་སྣའི་ལས་དོན་དང་འབྲེལ་བའི་དོན་དག་ལ་ཞིབ་འཇུག་སྒོས། གོམ་སྟབས་རྗེས་མའི་ལས་དོན་ལ་བཀོད་སྒྲིག་གནང་བ་རེད།གྲོང་ཁྱེར་འགོ་ཁྲིད་བསམ་གྲུབ་ཚེ་རིང་དང་། ལོའུ་ཏུང་ལེང་། ཝང་ཆི་ཁྲའོ། ཧྥུང་ཞའོ་དབྱི། ཚེ་རིང་། ཚེ་རིང་གཡང་འཛོམས་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།
ལི་ཧྥུའུ་ཀྲུང་གིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཐོག་མཐའ་བར་གསུམ་དུ་ཤེས་ལྡན་མི་སྣའི་ལས་དོན་དེ་ཉིད་རྒྱལ་སྐྱོང་སྲིད་སྐྱོང་སྤྱི་ཡོངས་ཀྱི་འགག་རྩའི་གནས་བབ་ཐོག་བཞག་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་བཀོད་སྒྲིག་དང་སྐུལ་སྤེལ་བཏང་གནང་བ་མ་ཟད། འདུ་ཤེས་གསར་པ་དང་། འཐབ་ཇུས་གསར་པ། བྱ་ཐབས་གསར་པ་བཅས་རབ་དང་རིམ་པ་བཏོན་གནང་བས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཤེས་ལྡན་མི་སྣའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་གལ་ཆེན་དགོངས་པ་གྲུབ་ཡོད། འདི་ལས། དུས་རབས་གསར་པའི་ཤེས་ལྡན་མི་སྣའི་ལས་དོན་གྱི་རིགས་གཞུང་གལ་ཆེན་དང་ལག་ལེན་གནད་དོན་ལ་གསལ་འདེབས་ཚན་རིག་དང་མཐུན་པ་བྱུང་སྟེ། ང་ཚོར་དུས་རབས་གསར་པའི་ཤེས་ལྡན་མི་སྣའི་ལས་དོན་ཡག་པོ་བསྒྲུབ་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་བསྟན་པ་དང་གཞི་རྩའི་རྩ་དོན་མཁོ་འདོན་གནང་ཡོད། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ (པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད) ཐོག་མཐའ་བར་གསུམ་དུ་ཤེས་ལྡན་མི་སྣའི་ལས་དོན་དེ་ཉིད། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་རྨང་གཞིའི་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་ལས་དོན་ཞིག་ལ་བརྩིས་ནས་དམ་འཛིན་བྱས་ཏེ། གསར་གཏོད་རང་བཞིན་གྱི་སྒོ་ནས་བོད་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་འབྲེལ་བའི་མི་འབོར་དང་། མི་སེམས། ཤེས་ལྡན་མི་སྣ་བཅས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་པའི་རེ་འདུན་བཏོན་ཡོད་པ་དང་། སྲིད་ཇུས་དང་བྱ་ཐབས་རབ་དང་རིམ་པ་བསྟར་ནས་ཤེས་ལྡན་མི་སྣ་གསོ་སྐྱོང་དང་། ནང་འདྲེན། འདེམས་བསྐོ་བཅས་བྱས་པར། ཤེས་ལྡན་མི་སྣ་བེད་སྤྱོད་ཀྱི་ཁོར་ཡུག་རྒྱུན་མཐུད་ལེགས་གཏོང་དང་ལྗོངས་ཡོངས་ཀྱི་ཤེས་ལྡན་མི་སྣའི་ལས་དོན་ལ་ཕན་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་ཐེབས་ཡོད།
ལི་ཧྥུའུ་ཀྲུང་གིས་གྲོང་ཁྱེར་ཡོངས་ཀྱི་ཤེས་ལྡན་མི་སྣའི་ལས་དོན་ལ་གདེང་འཇོག་གང་ལེགས་གནང་ཞིང་། ཁོང་གིས། གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ཚན་པས་ཤེས་ལྡན་མི་སྣ་ནི་ཐོན་ཁུངས་ཨང་དང་པོ་ཡིན་པའི་འདུ་ཤེས་འཛུགས་སྐྱོང་བརྟན་པོ་བྱས་ཏེ། ཤེས་ལྡན་མི་སྣའི་ལས་དོན་དེ། སྔར་བས་འབུར་ཐོན་གྱི་གནས་བབ་ཐོག་འཇོག་དགོས་པ་དང་། གསོ་སྐྱོང་དང་། ནང་འདྲེན། བེད་སྤྱོད། ཉར་ཚགས་བཅས་བྱེད་ཕྱོགས་ལ་མཉམ་དུ་ཤུགས་སྣོན་རྒྱག་རྒྱུར་དམིགས་ཏེ། ཤེས་ལྡན་མི་སྣའི་ལས་དོན་ཐད་རང་སྐྱོང་ལྗོངས་ཀྱིས་བཏོན་པའི་བྱ་ཐབས་དོན་ཚན་བཅུ་དགུ་དང་ངེད་གྲོང་ཁྱེར་གྱིས་བཏོན་པའི་བྱ་ཐབས་དགུ་ལག་བསྟར་ཡག་པོ་བརྒྱུད། གྲངས་འབོར་རྒྱ་སྐྱེད་དང་། ཉར་ཚད་བརྟན་འཁྱོངས། སྤུས་ཚད་མཐོར་འདེགས། འཇོན་ནུས་འདོན་སྤེལ་བཅས་ཡོང་བ་བྱེད་དགོས། དུས་མཚུངས་སུ། ཕྱོགས་ཁག་གི་ཤེས་ལྡན་མི་སྣ་དང་འབྲེལ་བའི་ལམ་སྲོལ་དང་གདེང་འཇོག་མ་ལག་འཛུགས་སྐྱོང་འཐུས་ཚང་བྱས་ཏེ། ཆབ་སྲིད་ལངས་ཕྱོགས་བརྟན་པ་དང་། གཞི་ཁྱོན་གྲངས་འབོར་འཚམ་པ། གྲུབ་ཆ་སྙོམས་པ། བྱང་ཚད་ལེགས་པ་བཅས་ལྡན་པའི་ཤེས་ལྡན་མི་སྣའི་དཔུང་ཁག་ཧུར་ཐག་བཏོད་དགོས་པའི་ནན་བཤད་གནང་བ་རེད།
ལི་ཧྥུའུ་ཀྲུང་གིས་བླང་བྱ་བཏོན་གནང་དོན། གཙོ་གནད་ཁྱབ་ཁོངས་དང་། སྤྱི་ཚོགས་དགོས་མཁོ། མི་འདེང་བའི་ཆ་བཅས་ལ་དམ་ཟབ་དམིགས་ཏེ། བྱ་ཐབས་ཚགས་ཚུད་པར་བརྟེན་ནས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་དགོས་པ་དང་། སློབ་གྲྭ་དང་ཁེ་ལས་ཕན་ཚུན་མཉམ་ལས་དང་། ཐོན་ལས་དང་སློབ་ཁྲིད་མཉམ་འདྲེས་བཅས་ཇེ་ཟབ་དུ་གཏོང་དགོས། ཁ་གཏད་རོགས་སྐྱོར་གྱི་ཞིང་ཆེན་གྲོང་ཁྱེར་དང་འབྲེལ་འདྲིས་མཉམ་ལས་སྤེལ་ཤུགས་ཆེ་རུ་བཏང་སྟེ། ལས་རིགས་གཙོ་གནད་དང་། ཁྱབ་ཁོངས་གཙོ་བོ། འཐབ་ཇུས་རང་བཞིན་ཆེ་བའི་གསར་དར་ཐོན་ལས་བཅས་ཀྱི་ཤེས་ལྡན་མི་སྣ་ཁག་ཅིག་མགྱོགས་མྱུར་གསོ་སྐྱོང་བྱེད་དགོས། ཤེས་ལྡན་མི་ནང་འདྲེན་གྱི་ཐབས་ལམ་གསར་སྤེལ་གནད་ལ་འཁེལ་བ་བྱས་ཏེ། བོད་སྐྱོར་ཤེས་ལྡན་མི་སྣའི་བརྒྱུད་སྤྲོད་དང་། རོགས་རེས། ཁྲིད་སྐུལ་བཅས་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱས་ནས། ལྷོ་ཁའི་ཆེད་དུ་ཆེད་ལས་ལག་རྩལ་གྱི་ཤེས་ལྡན་མི་སྣ་སྔར་བས་མང་བ་གསོ་སྐྱོང་བྱེད་དགོས། ཤེས་ལྡན་མི་སྣ་བེད་སྤྱོད་དང་འདེམས་བསྐོ་སྔར་བས་ཚན་རིག་དང་མཐུན་པ་བྱས་ཏེ། འཇོན་ནུས་དང་བྱས་འབྲས་ལ་གཞིགས་ནས་ལས་བྱེད་པ་བེད་སྤྱོད་དང་། མི་སྣའི་འཇོན་ཐང་དང་ལས་གནས་འཚམ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། ད་ཡོད་ཤེས་ལྡན་མི་སྣའི་འཇོན་ནུས་བསྔོག་འདོན་གང་ལེགས་བྱས་ཏེ། ལག་ལེན་དངོས་ཀྱི་ནང་ཤེས་ལྡན་མི་སྣ་གསོ་སྐྱོང་ཐུབ་རྒྱུར་སྣང་ཆེན་བྱེད་དགོས་པ་དང་། ཤེས་ལྡན་མི་སྣའི་གདེང་འཇོག་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། ས་ཁོངས་བརྒལ་བ་དང་། ཚན་པ་བརྒལ་བ། རིམ་པ་བརྒལ་བ་བཅས་ལྡན་པའི་འབྲེལ་འདྲིས་ཇེ་ཟབ་ཏུ་བཏང་སྟེ། གྲོང་ཁྱེར་ཡོངས་ཀྱི་ཤེས་ལྡན་མི་སྣའི་དཔུང་ཁག་སྤྱི་ཡོངས་ཀྱི་གསོན་ཤུགས་རྒྱུན་མཐུད་འདོན་སྤེལ་བྱས་ཐོག དྲོ་སྐྱིད་ལྡན་པའི་ཞབས་ཞུར་བརྟེན་ནས་ཤེས་ལྡན་མི་སྣ་ཉར་ཐུབ་པ་བྱེད་དགོས། ཤེས་ལྡན་མི་སྣའི་སྲིད་ཇུས་དང་ལྕག་སྐུལ་ལམ་སྲོལ་དོན་འཁྱོལ་ནན་ཏན་བྱས་ཏེ། ཏང་ཨུད་ཀྱིས་རིགས་གཅིག་མཁས་ཅན་དང་ཤེས་ལྡན་མི་སྣར་འབྲེལ་གཏུག་ཞབས་ཞུ་བསྒྲུབ་པའི་ལམ་ལུགས་ནན་བསྟར་བྱེད་དགོས་པ་མ་ཟད། ཤེས་ལྡན་མི་སྣའི་སེམས་ཁྲལ་ཐག་གཅོད་ཐུབ་རྒྱུར་རོགས་རམ་བྱས་ནས། རིགས་མི་འདྲ་བའི་ཤེས་ལྡན་མི་སྣས་ལྷོ་ཁར་བག་ཕེབས་ངང་འཚོ་བ་བསྐྱལ་བ་དང་། བློ་བདེ་པོས་ལས་ཀར་གཞོལ་བ། སེམས་སྐྱིད་པོས་ལས་གཏོད་ནང་ཞུགས་པ་བཅས་ཡོང་རྒྱུར་འགན་ལེན་བྱེད་དགོས།
ལི་ཧྥུའུ་ཀྲུང་གིས་ནན་བཤད་གནང་དོན། ཤེས་ལྡན་མི་སྣའི་ལས་དོན་ནི་ཏང་གི་ལས་དོན་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། ཏང་གིས་ཤེས་ལྡན་མི་སྣར་དོ་དམ་བྱེད་པ་ནི་ལས་དོན་ཡག་པོ་བསྒྲུབ་པའི་འགན་ལེན་ཞིག་རེད། རིམ་ཁག་ཏང་ཨུད་དམ་ཏང་ཙུའུ་ཡིས་ཏང་གིས་ཤེས་ལྡན་མི་སྣར་དོ་དམ་བྱེད་པའི་རྩ་དོན་དེ། ཤེས་ལྡན་མི་སྣའི་ལས་དོན་གྱི་བརྒྱུད་རིམ་ཡོངས་ལ་ཁྱབ་པ་བྱེད་དགོས་པ་དང་། ཕྱོགས་ཁག་ཚང་མ་ནས་ཤེས་ལྡན་མི་སྣར་རྒྱབ་སྐྱོར་དང་། འགན་སྲུང་། ལྕག་སྐུལ། ཞབས་ཞུ། རོགས་རམ་བཅས་བྱས་ཏེ། ཤེས་ལྡན་མི་སྣར་བརྟེན་ནས་གྲོང་ཁྱེར་དར་རྒྱས་གཏོང་བའི་ཐད་ཕན་འབྲས་མངོན་གསལ་དོད་པོ་ཐོན་རྒྱུར་སྐུལ་འདེད་གཏོང་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པ་དང་ལྷག་དོན་དུ་འགོ་ཁྲིད་བྱེད་པོས་ཐོན་ཁུངས་ཨང་དང་པོ་དང་ཐོན་སྐྱེད་ནུས་ཤུགས་ཨང་དང་པོར་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། འགན་འཁྲི་ནན་འཁུར་དང་བརྩེ་བ་ཟབ་མོས་ཤེས་ལྡན་མི་སྣའི་ལས་དོན་ཡག་པོ་བསྒྲུབ་ཐོག ཤེས་བྱར་བརྩི་མཐོང་དང་། ཤེས་ལྡན་མི་སྣར་བརྩི་བཀུར། གསར་གཏོད་ལ་བརྩི་འཇོག་བཅས་ལྡན་པའི་ཁོར་ཡུག་བཟང་པོ་བསྐྲུན་དགོས། རྩ་འཛུགས་དང་མི་སྤྱི་སོགས་ཚན་པས་སྣེ་ཁྲིད་དང་སྤྱི་ཡོངས་དམ་འཛིན་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ། ཤེས་ལྡན་མི་སྣའི་ལས་དོན་ཚད་ལྡན་ཅན་དུ་གཏོང་བའི་ཆུ་ཚད་ཇེ་མཐོར་གཏོང་དགོས། འབྲེལ་ཡོད་ཁོངས་ཞུགས་ཚན་པས་ཀྱང་འགན་ནུས་ལག་ལེན་ནང་ཡག་པོ་བསྟར་ཏེ། བརྟག་དཔྱད་ཞིབ་འཇུག་ལ་ཤུགས་སྣོན་དང་། གཙོ་གནད་ལས་འགན་ཁ་གསལ་བཟོ་བ། ལས་ཀའི་བྱ་ཐབས་དོན་འཁྱོལ་བཅས་བརྒྱུད་ནས། ཐུན་མོང་ཐོག་ལྷོ་ཁ་ཡུན་རིང་བདེ་འཁོད་དང་སྤུས་མཐོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་དེ་བས་མང་བའི་ཤེས་ལྡན་མི་སྣའི་འདེགས་སྐྱོར་མཁོ་འདོན་བྱེད་དགོས། །
བསོད་ནམས་དོན་གྲུབ་ཀྱིས་བསྒྱུར། ཡེ་བདེས་ཞུས།