འདི་ནི་ངེད་གྲོང་ཁྱེར་གྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོས་འགྲེམས་སྟོན་ལ་གཟིགས་སྐོར་བྱེད་པ།
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཉེ་ལམ། གྲོང་ཁྱེར་མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་ཚབ་མི་སྣས་ནམ་ཡང་ཏང་གི་རྗེས་སུ་འབྲངས་ཞེས་པར་འབོད་པའི་བོད་ལྗོངས་ལྷོ་ཁའི་འཕོ་འགྱུར་གྱི་གྲུབ་འབྲས་འགྲེམས་སྟོན་ལ་གཟིགས་པ་རེད།
གྲུབ་འབྲས་འགྲེམས་སྟོན་འདི་ནི། འཕོ་འགྱུར་ལམ་བུ་དང་། འགྱུར་ལྡོག་རླབས་པོ་ཆེ། ཏང་འཛུགས་སྐྱོང་ལ་ཤུགས་སྣོན་བཅས་ལེ་ཚན་ཆེ་གྲས་གསུམ་ལས་གྲུབ་ཅིང་། གསོན་ཉམས་ལྡན་པའི་པར་རིས་དང་། གསལ་ཁ་ཐོན་པའི་ཡི་གེ། ལོ་རྒྱུས་ཀྱི་བདེན་དཔང་རུང་བའི་ཅ་དངོས་སོགས་རྣམ་པ་སྣ་ཚོགས་བརྒྱུད། ཕྱོགས་ཡོངས་ནས་ལོ་ངོ་60ཡི་རིང་ཏང་གི་ཡང་དག་འགོ་ཁྲིད་འོག ལྷོ་ཁའི་བྱ་གཞག་ཁག་ལ་ཕྱོགས་ཡོངས་ཡར་ཐོན་དང་ (པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད)ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཚུལ་འགྲེམས་སྟོན་བྱས་ཡོད་པ་རེད། འཐུས་ཚབ་མི་སྣ་ཚོས་གསལ་འགྲེལ་ནན་ཏན་ངང་གསན་རྗེས། ངོ་གདོང་ནས་སྤོབས་སེམས་དང་དགའ་སྤྲོའི་འཛུམ་མདངས་འཕྱུར།ཚང་མས་མགྲིན་གཅིག་ཏུ་ཆོད་སེམས་བསྟན་དོན། ད་ཐེངས་ཀྱི་གྲུབ་འབྲས་འགྲེམས་སྟོན་འདི་ནི་གཏིང་ཟབ་ཅིང་གསོན་ཉམས་དཔལ་གྱིས་ཕྱུག་པའི་རྒྱལ་གཅེས་རིང་ལུགས་སློབ་གསོའི་སློབ་ཚན་གཅིག་རེད། སླད་ཀྱི་དུས་ཚོད་ནང་། ང་ཚོས་རང་འཁྲིའི་ལས་གནས་ཐོག་གཞི་རྐང་ཚུགས་པ་བྱས་ཏེ། རང་ངོས་ཀྱི་དགེ་མཚན་འདོན་སྤེལ་ཡག་པོ་བྱས་ཐོག ལྷོ་ཁའི་ཡུན་རིང་བདེ་འཁོད་དང་སྤུས་མཐོའི་འཕེལ་རྒྱས་ཆེད་བློ་གྲོས་དང་སྟོབས་ཤུགས་ཅི་ཡོད་སྐྱེས་སུ་འབུལ་རྒྱུ་ཡིན།