第03版:综合新闻 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
| 山南网首页 |
2025年8月6日 星期
3 上一篇 放大 缩小 默认
ས་རྒྱུ་གཤིན་པོས་ལོ་ལེགས་འབྲུ་མཛོད་བཀངས།
 

འདི་ལོ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བའི་དུས་བཟང་ཞིག་ཡིན་ཞིང་། ལོ་60རིང་ལྷོ་ཁའི་“ཞིང་གསུམ་”ལས་དོན་གྱིས་འཕེལ་རྒྱས་དུས་རིམ་ཆེན་པོ་གསུམ་བརྒྱུད་ཡོད་པ་སྟེ། དུས་རིམ་དང་པོ་ནི་1965ལོ་ནས་1978ལོ་བར་ཡིན། དེའི་རིང་ལྷོ་ཁས་འཆར་གཞི་དང་གོ་རིམ་ཡོད་པའི་སྒོ་ནས་སྤྱི་ཚོགས་རིང་ལུགས་བསྒྱུར་བཀོད་བྱས་པ་དང་། མི་དམངས་ཀུང་ཧྲེ་བཙུགས་པ། ཐོན་སྐྱེད་རྒྱུ་ཆ་སྒེར་དབང་ནས་དབང་བའི་ལམ་ལུགས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་དབང་ལམ་ལུགས་བར་བར་བརྒལ་བརྒྱུད་ཡོད། ཀྲུང་དབྱང་ནས་ཕུལ་བྱུང་གི་ཚན་རྩལ་མི་སྣ་བོད་དུ་མངགས་གཏོད་གནང་བས་ཞིང་འབྲོག་ལས་ཁྲོད་ཚན་རྩལ་འདུས་ཚད་རིམ་བཞིན་མཐོ་རུ་ཕྱིན་པ་དང་། དགུན་གྲོ་འདེབས་ལས་དང་། རྩྭ་ར་ལེགས་བཅོས། ཕྱུགས་རིགས་རྒྱུད་སྤེལ་སོགས་ཀྱི་ལག་རྩལ་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་བས་ཞིང་འབྲོག་ལས་ཁྲོད་ཚན་རྩལ་འཕེལ་རྒྱས་ཕྱིན་ཡོད། བོད་དུ་བཅའ་སྡོད་དཔུང་སྡེ་ཁག་གིས་ས་རྒོད་སློག་པ་དང་། ཞིང་ནང་ཆུ་བེད་སྒྲིག་བཀོད་བསྐྲུན་པས་ས་གནས་ཀྱི་ཐོན་སྐྱེད་ལ་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་ཐོན་ཡོད། རྒྱལ་ཁབ་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག་ལྷོ་ཁའི་ཞིང་འབྲོག་ལས་བརྟན་པོའི་ངང་འཕེལ་རྒྱས་བྱུང་བ་དང་། 1978ལོར་འབྲུ་རིགས་ཐོན་འབབ་ཀྲོན་ཁྲི་10.63ཟིན་ཡོད། དུས་རིམ་གཉིས་པ་ནི་1978ལོ་ནས་2012ལོའི་བར་ཡིན། དེའི་རིང་ལྷོ་ཁས་“ས་ཞིང་དུད་ཚང་ལ་དབང་ནས། རང་བརྟེན་གཉེར་སྐྱོང་བྱས་ཏེ་ཡུན་རིང་མི་འགྱུར་བ”དང་། “ཕྱུགས་ཟོག་དུད་ཚང་ལ་དབང་བ་དང་། སྒེར་བདག་གསོ་ཉར། ཡུན་རིང་མི་འགྱུར་བ་”སོགས་ཀྱི་སྲིད་ཇུས་སྤྱད་དེ་

(པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད)ཞིང་འབྲོག་པའི་ཁུར་པོ་ཡང་དུ་བཏང་ནས་ཡོང་འབབ་འཕར་སྣོན་ལ་སྐུལ་འདེད་བཏང་བས། ཐོན་སྐྱེད་བྱེད་པའི་ཧུར་བརྩོན་རང་བཞིན་ལ་སྐུལ་སློང་ཐེབས་ཡོད། ཤང་གྲོང་ཁེ་ལས་གློ་བུར་དུ་འཕར་ནས་ཞིང་འབྲོག་ཁུལ་དཔལ་འབྱོར་གྱི་ཀ་རྟེན་གལ་ཆེན་དང་། ངལ་རྩོལ་ནུས་ཤུགས་བསྡུ་འགུག་བྱེད་པའི་ཐབས་ལམ་གཙོ་བོ། ཞིང་འབྲོག་པའི་ཡོང་འབབ་འཕར་བའི་ཡོང་ཁུངས་གལ་ཆེན་བཅས་སུ་གྱུར་ཡོད། ཞིང་འབྲོག་ཁུལ་གྱི་དཔལ་འབྱོར་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་དང་། འདེབས་ལས་གྲུབ་ཆ་གཉིས་པ་ནས་གསུམ་པའི་བར་ཕྱོགས་སྒྱུར་བྱུང་ནས་ཞིང་ལས་ཀྱི་གྲུབ་ཆ་སྔར་བས་ལེགས་སུ་ཕྱིན་ཡོད། ཞིང་དར་ཞིང་ཕན་ཞིང་ཕྱུག་གསུམ་གྱི་སྲིད་ཇུས་དོན་འཁྱོལ་བྱས་པས། ཞིང་འབྲོག་པའི་ཡོང་འབབ་འཕར་བ་དང་། འབྲུ་རིགས་ཐོན་འབབ་རྒྱུན་མཐུད་འཕར་བ། འབྲོག་ལས་འཕེལ་རྒྱས་ཅུང་མགྱོགས་པ་བཅས་བྱུང་ནས། མང་ཚོགས་མང་ཆེ་བའི་ལྟོ་གོས་གནད་དོན་ཐག་གཅོད་བྱུང་ཡོད། དུས་རིམ་གསུམ་པ་ནི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ལྷོ་ཁ་གྲོང་ཁྱེར་གྱིས་“ཞིང་བརྟེན་འབྲུ་གསོག་དང་། རྩལ་བརྟེན་འབྲུ་གསོག”འཐབ་ཇུས་བསྟར་བས “སྔོ་ཚལ་སྒོང་གསུམ་”རང་མཁོ་རང་སྤྲོད་ཐུབ་ཚད་80%ལས་བརྒལ་ནས་ཞིང་ལས་ཐོན་རྫས་གཙོ་བོ་ནུས་ལྡན་ངང་མཁོ་འདོན་བྱེད་རྒྱུ་འགན་སྲུང་ཐུབ་ཡོད།

འབྲུ་རིགས་བདེ་འཇགས་འགན་ལེན་བྱེད་པའི་ཐད། གཅིག་ནས་འབྲུ་རིགས་ཀྱི་བདེ་འཇགས་ཐད་ཏང་སྲིད་ཀྱི་འགན་འཁྲི་གཅིག་མཚུངས་དོན་འཁྱོལ་བྱས་པ། གྲོང་ཁྱེར་འགོ་ཁྲིད་གཙོ་བོ་རྣམ་གཉིས་ཀྱིས་འགན་འཁུར་བའི་ལས་ཀའི་འགོ་ཁྲིད་ཚོ་ཆུང་བཙུགས་ཏེ། རྨོ་ཞིང་སྲུང་སྐྱོང་དང་། འབྲུ་རིགས་ཐོན་སྐྱེད། གསོག་འཇོག་འཁོར་རྒྱུག་སོགས་ཐད་ཀྱི་དཀའ་ངལ་དང་གནད་དོན་ཐག་གཅོད་བྱས་ཡོད། གཉིས་ནས་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་འབྲུ་རིགས་ཐོན་ནུས་ཆེ་རུ་གཏོང་རྒྱུ་དེ་དམིགས་ཚད་གཙོ་བོར་བྱས་ཐོག། ཞིང་ལས་ཐོན་སྐྱེད་ཀྱི་མཐུན་རྐྱེན་ལེགས་སུ་བཏང་བ་དང་། གྲོང་ཁྱེར་ཡོངས་ཀྱི་རྨོ་ཞིང་67%ཚད་གཞི་མཐོ་བའི་ཞིང་ཁར་བསྒྱུར་ནས་“ཞིང་གྲུ་བཞི་དང་། མཐའ་ནགས་དྲ། ལམ་ཤར་གཏོང་། ཆུ་ཡུར་འབྲེལ་མཐུད། ཤ་འོད་ཕྱིར་འབུད། ཐན་ཆུ་འདྲེན་འབུད་”བཅས་ཀྱི་ཚད་གཞི་མཐོ་བའི་བླང་བྱ་མངོན་འགྱུར་ཐུབ་ཡོད། གསུམ་ནས་སོན་བཟང་སྐྱེ་འཕེལ་ཁྱབ་གདལ་བཏང་བ། མ་དངུལ་བཏང་ནས་ཞིང་ལས་ལོ་ཏོག་གི་ཐོན་ཁུངས་བང་མཛོད་བསྐྲུན་ཏེ་ཞིང་ལས་ལོ་ཏོག་གི་ཐོན་ཁུངས་འཚོལ་བསྡུ་དང་། ཞིབ་དཔྱད། ཉར་ཚགས་བཅས་ཀྱི་ལས་དོན་སྤེལ་ཡོད། ཞིང་ལས་ལོ་ཏོག་གི་སོན་བཟང་ཁྱད་གདལ་ཧུར་ཐག་བཏང་སྟེ། ནས་ཀྱི་སོན་བཟང་ཁྱབ་ཚད་བརྒྱ་ཆ་94ཟིན་པ། ནས་ཀྱི་སོན་བཟང་སྐྱེ་འཕེལ་མ་ལག་བཙུགས་པ། 2025ལོར་ནས་ཀྱི་སོན་ཞིང་མུའུ་ཁྲི་1.5བསྐྲུན་པ། བཞི་ནས་གཞི་རིམ་གྱི་ཞིང་ལས་ལག་རྩལ་ཁྱད་གདལ་ལ་ཤུགས་སྣོན་བརྒྱབ་ནས་“རྫོང་རིམ་པའི་ལས་བྱེད་པས་རྫོང་འགན་གཙང་དང་། ལག་རྩལ་ལས་བྱེད་པས་ས་ཚིགས་འགན་གཙང་”གི་ལས་ཀའི་ལམ་སྲོལ་དོན་འཁྱོལ་ནན་པོས་གཞི་རིམ་དུ་ཞབས་ཞུ་བསྒྲུབས་པ། འབྲུ་རིགས་ལོ་ཏོག་གཙོ་བོའི་ཐོན་སྐྱེད་བརྒྱུད་རིམ་ཚང་མ་འཕྲུལ་ཆས་ཅན་དུ་སྐུལ་འདེད་བཏང་སྟེ་གྲོང་ཁྱེར་ཡོངས་ཀྱི་ཞིང་ལས་ལོ་ཏོག་གཙོ་བོའི་ཕྱོགས་བསྡུས་འཕྲུལ་ཆས་ཅན་དུ་འགྱུར་ཚད་81%ཟིན་ཡོད།

2024ལོར་ངེད་གྲོང་ཁྱེར་གྱི་འབྲུ་རིགས་ཐོན་སྐྱེད་སྐས་རིམ་གསར་པར་སླེབས་ཤིང་། འབྲུ་རིགས་འདེབས་ཁྱོན་གཙོ་བོ་བརྟན་པོ་ཡོང་བ་བྱས་པ་དང་། མུའུ་རེའི་ཐོན་ཚད་དང་སྤུས་ཀ་མཐོ་རུ་གཏོང་རྒྱུར་འབད་འབུངས་བྱས་ཐོག་ལོ་ཧྲིལ་པོར་འབྲུ་རིགས་འདེབས་ཁྱོན་མུའུ་ཁྲི་70.9དོན་འཁྱོལ་བྱས་ནས་འབྲུ་རིགས་སྤྱིའི་ཐོན་འབབ་ཀྲོན་ཁྲི་17.5དང་། འབྲུ་རིགས་མུའུ་རེའི་ཐོན་འབབ་རྒྱ་མ་887.6ཟིན་ནས་འབྲུ་རིགས་ཐོན་སྐྱེད་ལ་ལོ་བཅོ་ལྔ་བསྟུད་མར་ལོ་ལེགས་བྱུང་ཡོད། འབྲུ་རིགས་སྤུས་ཀའི་ཐད། སོན་སྣ་གསར་པ་འདེམས་གསོ་དང་། སོན་བཟང་དཔེ་སྟོན་ཁྱད་གདལ། འདེབས་ལས་ལག་རྩལ་མཐོར་གཏོང་། རྨོ་ཞིང་ཀྱི་སྤུས་ཚད་ལེགས་བཅོས་སོགས་བྱས་པ་ལས་ཞིང་ལས་ཐོན་རྫས་ཀྱི་སྤུས་ཀ་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད།

ལྷོ་ཁ་གྲོང་ཁྱེར་གྱི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཕུན་སུམ་ཚོགས་པོ་ཡོད་པ་དེའི་ནང་ལྷུན་རྩེའི་ནས་ནག་མ་དང་། ཕྲེང་འགོའི་ཞོག་ཁོག་དམར་པོ། རྒྱ་ཚྭའི་སྟར་ཁ། ལྷོ་བྲག་གི་ཧྥིན། ལེགས་པོའི་ཇ་སོགས་ཡོད། དཔལ་འབྱོར་ཕན་འབྲས་ཐད་ཁྱད་ལྡན་ཐོན་ལས་སྣ་ཚོགས་འཕེལ་རྒྱས་ཕྱིན་པ་དེས་ཞིང་ལས་ཐོན་རྫས་བྲིན་འཚོང་དང་ལས་སྣོན་བྱེད་པར་སྐུལ་ཁྲིད་བྱུང་བ་དང་། ཞིང་འབྲོག་པའི་ཡོང་འབབ་མང་དུ་ཕྱིན་ཡོད། 2024ལོར་རིམ་རྩིས་བྱས་ན། ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ཁྲི་5ལྷག་ཙམ་གྱི་ལས་ཞུགས་ཐག་གཅོད་བྱུང་ནས་མང་ཚོགས་ལ་ཡོང་འབབ་སྒོར་དུང་ཕྱུར་17ལྷག་ཙམ་འཕར་རྒྱུར་སྐུལ་ཁྲིད་བྱུང་ཡོད། སྤྱི་ཚོགས་ཀྱི་ཕན་འབྲས་ཐད། ལས་ཞུགས་ཀྱི་གོ་སྐབས་འབོར་ཆེན་གསར་སྐྲུན་བྱས་ནས་ཞིང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་གཞན་སྒྱུར་བྱེད་པ་དང་། གྲོང་གསེབ་དར་རྒྱས་གཏོང་བ། ས་ཁོངས་དཔལ་འབྱོར་འཕེལ་རྒྱས་གཏོང་བ། ས་གནས་དེ་གའི་ཐོན་ལས་ཀྱི་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ་བཅས་ལ་སྐུལ་འདེད་གང་ལེགས་ཐུབ་ཡོད།

ལྷོ་ཁ་གྲོང་ཁྱེར་གྱིས་གྲོང་གསེབ་གྱི་སྡོད་མལ་ཁོར་ཡུག་བཅོས་སྐྱོང་ཐད་ཕྱོགས་འགའི་ཐད་ཀྱི་བྱེད་ཐབས་སྤྱད་ཡོད་པ་སྟེ། གཅིག་ནས་ལམ་ལུགས་འཛུགས་སྐྱོང་བྱས་པ། སྡོད་མལ་ཁོར་ཡུག་བཅོས་སྒྲིག་ཆེད་སྒྲུབ་ཚོ་ཆུང་བཙུགས་ནས་དཔྱད་ཞིབ་ཇུས་གཞི་བཟོས་པ་དང་། འགན་འཁྲིའི་དོ་དམ་དང་། ལྟ་སྐུལ་གདེང་འཇོག ལྟ་སྐུལ་ཡོངས་བསྒྲགས། ཆ་འཕྲིན་ལན་ཆ་སོགས་ལམ་སྲོལ་དང་བྱ་ཐབས་མང་པོ་བཙུགས་པ། གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་ནོར་སྲིད་ཀྱིས་ལོ་ལྟར་ཞིང་འབྲོག་ཁུལ་གྱི་སྡོད་མལ་ཁོར་ཡུག་བཅོས་སྐྱོང་གི་ཆེད་དམིགས་བྱ་དགའི་མ་དངུལ་སྒོར་ཁྲི་1000བཀོད་སྒྲིག་བྱས་པ། གཉིས་ནས་སྒྲིག་བཀོད་འཛུགས་སྐྲུན་བྱས་པ། “གསང་སྤྱོད་གསར་བརྗེ་”ལ་སྐུལ་འདེད་བཏང་ནས་ཆུ་འཚམ་སར་ཆུ་དང་། སྐམ་ས་འཚམ་སར་སྐམ་སའི་རྩ་དོན་བྱས་ཏེ། ཞིང་འབྲོག་ཁུལ་གྱི་གསང་སྤྱོད་བསྒྱུར་བཀོད་མཐའ་འཁྱོངས་བྱས་ཡོད། རྫོང་དང་། ཤང་(གྲོང་རྡལ་)དེ་བཞིན་སྐྱེ་ཁམས་གནས་སྤོ་ས་ཚིགས་བཅས་སུ་བཙོག་ཆུ་གཙང་སེལ་ཁང་དང་། གཞི་ཁྱོན་ཆེ་བའི་སྐྱག་གཅིན་གཙང་སེལ་སྒྲིག་ཆས་ཆེ་གྲས་སྐྲུན་པ། ཕྱོགས་མང་པོའི་རྒྱུ་རྐྱེན་ལ་བསམ་གཞི་བྱས་ཐོག་“དུད་ཚང་གིས་རིགས་དབྱེ་དང་། གྲོང་ཚོས་ཁུ་བསྡུ། ཤང་གྲོང་རྡལ་གྱིས་བརྒྱུད་སྐྱེལ། རྫོང་(ཆུས་དང་། གྲོང་ཁྱེར་)གྱིས་ཐག་གཅོད་བཅས་བྱེད་པའི་གད་སྙིགས་བསྡུ་སྐྱེལ་ཐག་གཅོད་ཐབས་ལམ་སྤྱད་པ། གསུམ་ནས་དྲིལ་བསྒྲགས་ཁྲིད་སྟོན་བྱས་པ། ཞིང་འབྲོག་མང་ཚོགས་རྒྱ་ཁྱབ་ངང་སྐུལ་སློང་བྱས་ཏེ་མཉམ་འཛུགས་མཉམ་སྒུལ་དང་། མཉམ་སྤྱོད་ཀྱི་རྣམ་པ་གཏོད་པ། “ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་དང་དྲ་མིག་རྣམ་པའི་བཅོས་སྐྱོང་”སོགས་ཀྱི་མ་དཔེའི་ཐོག་ནས་གཞི་རིམ་ཏང་རྩ་འཛུགས་དང་ཏང་ཡོན་གྱི་ནུས་པ་འདོན་སྤེལ་བྱས་ཐོག་མང་ཚོགས་སྐུལ་སློང་བྱས་ཏེ་བཅོས་སྒྲིག་བྱེད་པ་ནས་རང་འགུལ་ངང་བཅོས་སྒྲིག་བྱེད་པར་ཁྲིད་སྟོན་ཐུབ་ཡོད།

“ཞིང་གསུམ་”ལས་དོན་ལ་སྐུལ་འདེད་གཏོང་བ་དང་བསྟུན་ནས། འདས་ཟིན་པའི་ལོ་60རིང་། ལྷོ་ཁ་གྲོང་ཁྱེར་གྱི་ཞིང་འབྲོག་པ་མི་རེའི་ཆ་སྙོམས་ལག་ཡོད་ཡོང་འབབ་མངོན་གསལ་དོད་པོས་འཕར་ཡོད་ཅིང་། 1978ལོར་ཞིང་འབྲོག་པ་མི་རེའི་ཆ་སྙོམས་འབབ་སྨར་སྒོར་143.5ལས་ཟིན་གྱི་མེད་ཅིང་། 1996ལོར་སྒོར་1000ལས་བརྒལ་བ། 2005ལོར་སྒོར་2000འཕར་བ། 2007ལོར་སྒོར་ཁྲི་ནས་བརྒལ་ཏེ་སྒོར་10424ཟིན་པ། 2018ལོར་སྒོར་12497བར་འཕར་བ། 2023ལོར་སྒོར་21691བར་འཕར་ནས། ཆེས་ཐོག་མར་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དུ་སླེབས་ནས་ལོ་རེར་ཆ་སྙོམས་འཕར་ཚད་11.8%ཟིན་ཡོད། 2024ལོར་གྲོང་ཁྱེར་ཡོངས་ཀྱི་གྲོང་གསེབ་ཡུལ་མི་མི་རེའི་ཆ་སྙོམས་ལག་ཡོད་ཡོང་འབབ་སྒོར་23346ཟིན་པ་དང་། ཡོང་འབབ་སྤྱི་འབོར་རྒྱལ་ཡོངས་ཀྱི་ཆུ་ཚད་ལས་བརྒལ་ཡོད། འདི་ལོ་ལྷོ་ཁ་གྲོང་ཁྱེར་གྱིས་ཞིང་འབྲོག་པའི་ཡོང་འབབ་རྒྱུན་ཆད་མེད་པར་མང་དུ་གཏོང་ཆེད། 《ལྷོ་ཁ་གྲོང་ཁྱེར་གྱིས་ཞིང་འབྲོག་པའི་ཡོང་འབབ་རྒྱུན་མཐུད་འཕར་སྣོན་ཡོང་བར་སྐུལ་འདེད་གཏོང་བའི་བྱེད་ཐབས་འགའ་ཞིག》བཟོས་ནས་བཏོན་པ་དང་། ཞིང་འབྲོག་པའི་ཡོང་འབབ་འཕར་སྣོན་ཡོང་བའི་བྱ་ཐབས་ཁག་བཅུ་བདུན་བཏོན་པ་དང་དུས་མཚུངས་རྫོང་12(ཆུས་དང་། གྲོང་ཁྱེར་)ཀྱིས་ནོར་ཤུགས་དང་བསྟུན་ནས་རྒྱུན་སྲོལ་ལས་བརྒལ་བའི་བྱེད་ཐབས་སྤྱད་དེ་ཡོང་འབབ་འཕར་སྣོན་ཡོང་བའི་བྱ་ཐབས་སྣ་ཚོགས་བཏོན་ཡོད་པ་རེད།

བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བའི་དམིགས་ས་གསར་པའི་ཐོག་ལྷོ་ཁ་གྲོང་ཁྱེར་གྱི“ཞིང་གསུམ་”ལས་དོན་གྱི་དུས་མཚམས་རྗེས་མའི་འཕེལ་རྒྱས་དམིགས་ཚད་ནི་ཞིང་ལས་སྟོབས་ལྡན་དང་། གྲོང་གསེབ་མཛེས་པ། ཞིང་པ་ཕྱུག་པོ། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ་བཅས་ཡིན་པ་རེད། ཞིང་ལས་དེང་རབས་ཅན་དུ་འགྱུར་ནས་ཐོན་ལས་འཕེལ་རྒྱས་གཏོང་བའི་ཐད་འབྲུ་རིགས་བརྟན་པོ་དང་། འབྲོག་ལས་འཕེལ་རྒྱས། ཁྱད་ལྡན་སྟོབས་ཆེར་གཏོང་རྒྱུ་བཅས་མཐའ་འཁྱོངས་བྱས་ཏེ་ས་ཁོངས་ཀྱི་ལན་པར་འཐབ་ཇུས་བསྟར་ནས་དགེ་མཚན་ལྡན་པའི་ཁྱད་ལྡན་ཐོན་ལས་སྟོབས་ཆེན་ལ་རྒྱབ་སྐྱོར་བྱས་ཐོག་རྒྱལ་ཁབ་དང་རང་སྐྱོང་ལྗོངས་རིམ་པའི་ཞིང་ལས་དེང་རབས་ཅན་གྱི་ཐོན་ལས་གླིང་ཧུར་ཐག་གཏོད་རྒྱུ། གཙོ་གནད་“འདེབས་གསོ་ལས་སྣོན་”གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ་དང་།འབྱུང་འཕྲོད་གནོད་མེད་དང་། སྐྱེ་ལྡན་། ས་ཁམས་མཚོན་རྟགས་བཅས་ཀྱི་ཁས་ལེན་དཔང་འདོན་ལ་སྐུལ་འདེད་གཏོང་བ། ཁྱད་ལྡན་ལན་པར་འཛུགས་རྒྱུར་ཤུགས་སྣོན་རྒྱག་པ། ཁྲོམ་རའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས་ཞིང་འབྲོག་ཐོན་རྫས་ལས་སྣོན་གྱི་ཐོན་ཐང་10%འཕར་བའི་བརྩོན་ལེན་བྱ་རྒྱུ། ཚན་རྩལ་བཀོལ་སྤྱོད་ཐད། ཞིང་ལས་ཁྲོད་ཚན་རྩལ་མ་འཇོག་བྱེད་ཤུགས་མུ་མཐུད་མཐོ་རུ་གཏོང་བ་དང་། ཞིང་ལས་ལོ་ཏོག་གི་སོན་སྣ་གསར་པ་འདེམས་གསོ་དང་། རིགས་རྫས་ཀྱི་ཐོན་ཁུངས་འཚོལ་བསྡུ་དང་སྲུང་སྐྱོང་། ཞིང་ལས་ལག་རྩལ་གསར་པ་དཔེ་སྟོན་དང་ཁྱབ་གདལ་གཏོང་བ་སོགས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ། གྲོང་གསེབ་མཛེས་སྡུག་ལྡན་པའི་དམིགས་ཚད་མངོན་འགྱུར་གྱིས་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་གཏོང་བའི་ཐད། ས་གནས་རིམ་པའི་འགོ་ཁྲིད་ཀྱིས་ཞིང་ལས་ལ་རོགས་རམ་དང་ཞིང་ལས་དར་རྒྱས་གཏོང་བའི་འགན་ལེན་དོན་འཁྱོལ་བྱས་ཏེ་གྲོང་གསེབ་དར་རྒྱས་གཏོང་བའི་མ་དངུལ་སྒོར་དུང་ཕྱུར་20བཏང་ནས་ཞིང་འབྲོག་ཁུལ་གྱི་ཆད་སྐྱོན་དང་ཞན་ཆ་གསབ་རྒྱུ། ཚད་གཞི་མཐོ་བའི་ཞིང་ཁ་མུའུ་ཁྲི་4ཡན་འཛུགས་སྐྲུན་དང་བསྒྱུར་བཀོད་བྱས་ཏེ། འབྲུ་རིགས་འདེབས་ཁྱོན་མུའུ་ཁྲི་69དང་ཐོན་འབབ་ཀྲོན་ཁྲི་17ཡན་བརྟན་འཁྱོངས་བྱ་རྒྱུ། གྲོང་གསེབ་དུ་གཅིག་བསྡུས་ཆུ་མཁོ་འདོན་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཆུ་མཁོ་འདོན་གཞི་གཅིག་ཅན་ལས་གྲྭ་བསྟར་ནས་གནས་འཕྲོད་ལས་འཚམ་མཛེས་མཐུན་གྲོང་གསེབ་35བསྐྲུན་རྒྱུ། ཁོར་ཡུག་བཅོས་སྒྲིག་ཐད་“ཁྲི་སྟོང་གི་ལས་གཞིའི”ཉམས་མྱོང་སློབ་སྦྱོང་བྱས་ཏེ་ཞིང་འབྲོག་ཁུལ་གྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་མཐོ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་ཆབས་ཅིག་ཕྱོགས་ཡོངས་ནས་གྲོང་གསེབ་དུད་ཚང་གི་གསང་སྤྱོད་སྒྱུར་བཀོད་དང་མི་ཕྱུགས་ལོགས་དབྱེའི་ལས་འགན་ལེགས་གྲུབ་བྱ་རྒྱུ། ཞིང་འབྲོག་པའི་ཡོང་འབབ་འཕར་བའི་དམིགས་ཚད་མངོན་འགྱུར་གྱིས་ཐོན་ལས་ལ་བརྟེན་ནས་ལས་ཞུགས་འབབ་འཕར་ཡོང་བའི་ཐད། ཁྱད་ལྡན་ཞིང་འབྲོག་ལས་ཐོན་ལས་སྟོབས་ཆེར་གཏོང་བ་དང་། ཞིང་ལས་ཐོན་རྫས་ལས་སྣོན། གྲོང་གསེབ་ཡུལ་སྐོར་སོགས་ཐོན་ལས་འཕེལ་རྒྱས་གཏོང་བ། ཐོན་ལས་འཁོར་འབྲེལ་སྣུར་སྲིང་གིས་དེ་བས་མང་བའི་ལས་ཞུགས་ལས་གནས་མཁོ་འདོན་བྱས་ཐོག་ཞིང་འབྲོག་པའི་གཉེར་སྐྱོང་རང་བཞིན་གྱི་ཡོང་འབབ་དང་གླ་ཕོགས་རང་བཞིན་གྱི་ཡོང་འབབ་འཕར་སྣོན་ཡོང་བ་བྱ་རྒྱུ། སྲིད་ཇུས་ཐོག་ནས་ཡོང་འབབ་འཕར་སྣོན་འགན་ལེན་བྱེད་པའི་ཐད་ཞིང་ཁུལ་སྟོབས་ཆེར་གཏོང་བ་དང་། ཞིང་འབྲོག་པར་དངོས་ཕན་སྤྲོད་པ། ཞིང་འབྲོག་པ་ཕྱུག་འགྱུར་བཅས་བྱེད་པའི་སྲིད་ཇུས་ཁག་དོན་འཁྱོལ་བྱས་ཐོག་དབུལ་ལོག་ལ་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་དབུལ་སྒྲོལ་མི་འབོར་གྱི་ཡོང་འབབ་རྒྱུན་མཐུད་འཕར་སྣོན་ཡོང་བའི་འགན་ལེན་བྱ་རྒྱུ་བཅས་སོ།། བསོད་ནམས་བསྟན་པས་བསྒྱུར། ཡེ་བཟང་དང་བདེ་དཔལ་གྱིས་ཞུས།

3 上一篇 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:视觉山南
བོད་ལྗོངས་ཀྱིས་ཁེ་ལས་འབྲིང་ཆུང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་བྱ་ཐབས་འགའ་ཞིག་བཏོན་པ།
ས་རྒྱུ་གཤིན་པོས་ལོ་ལེགས་འབྲུ་མཛོད་བཀངས།