第01版:头版 4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
བོད་ལྗོངས་ཀྱིས་ཁེ་ལས་འབྲིང་ཆུང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་བྱ་ཐབས་འགའ་ཞིག་བཏོན་པ།
འགན་འཁྲི་འཁུར་ཕོད་ལ་ཤུགས་སྣོན་རྒྱག་པ་དང་རྩེ་གྲའི་འདུ་ཤེས་བཙུགས་ནས་ལས་དོན་ཁག་དོན་འཁྱོལ་དམ་འཛིན་ནན་པོས་ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ང་ཚོར་སྤྲད་གནང་བའི་ཆབ་སྲིད@
ས་རྒྱུ་གཤིན་པོས་ལོ་ལེགས་འབྲུ་མཛོད་བཀངས།
སེམས་རྩ་འཁོལ་པོས་ཡིག་བསྐུར་ངོ་བཅར་ལས་དོན་བསྒྲུབས་ནས་ཁྲིམས་སྲོལ་ལྟར་མང་ཚོགས་ཀྱི་ལུགས་མཐུན་རེ་ཞུ་ཐག་གཅོད་བྱས་ཐོག་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་གནད་དོན་ཐག་གཅོད་གང་ལེགས་བ@
| 山南网首页 |
2025年8月6日 星期
3 上一篇  下一篇 4 放大 缩小 默认
ལི་ཧྥུའུ་ཀྲུང་གིས་ངེད་གྲོང་ཁྱེར་གྱི་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་གྲ་སྒྲིག་ལས་དོན་ལ་རྟོག་ཞིབ་མཛུབ་སྟོན་གནང་སྐབས།
འགན་འཁྲི་འཁུར་ཕོད་ལ་ཤུགས་སྣོན་རྒྱག་པ་དང་རྩེ་གྲའི་འདུ་ཤེས་བཙུགས་ནས་ལས་དོན་ཁག་དོན་འཁྱོལ་དམ་འཛིན་ནན་པོས་ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ང་ཚོར་སྤྲད་གནང་བའི་ཆབ་སྲིད་ལས་འགན་གལ་ཆེན་ཁག་ལེགས་གྲུབ་གང་ལེགས་བྱེད་དགོས་པའི་ནན་བཤད་གནང་བ།
 

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཟླ་8ཚེས་1ཉིན། གྲོང་ཨུད་ཧྲུའུ་ཅི་ལི་ཧྥུའུ་ཀྲུང་གིས་ངེད་གྲོང་ཁྱེར་གྱི་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་གྲ་སྒྲིག་ལས་དོན་ལ་རྟོག་ཞིབ་དང་མཛུབ་ཁྲིད་གནང་ཞིང་། འགན་འཁྲི་འཁུར་ཕོད་ལ་ཤུགས་སྣོན་རྒྱག་པ་དང་། རྩེ་གྲའི་འདུ་ཤེས་འཛུགས་པ། ལས་དོན་ཁག་དོན་འཁྱོལ་དམ་འཛིན་ནན་པོ་བཅས་བྱས་ཏེ་གྲ་སྒྲིག་ལས་དོན་ཁག་འཕྱུགས་པ་མེད་པར་ལེགས་པར་བསྒྲུབས་ཐོག་རྟེན་འབྲེལ་བྱེད་སྒོ་ཐུགས་གྲ་འགྲིག་པོ་དང་། ཕུན་སུམ་ཚོགས་པོ། བདེ་འཇགས་ལྡན་པ་བཅས་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

ལི་ཧྥུའུ་ཀྲུང་གིས་ཐོག་མཐའ་བར་གསུམ་དུ་གྲ་སྒྲིག་ལས་དོན་གྱི་འཕེལ་རིམ་གནས་ཚུལ་ལ་དོ་ཁུར་ཆེན་པོ་གནང་སྟེ་བཀོད་སྒྲིག་ཚོགས་འདུ་ཐེངས་མང་འཚོགས་གནང་བ་དང་འབྲེལ་ས་གནས་ས་ཐོག་ཏུ་རྟོག་ཞིབ་མཛུབ་ཁྲིད་གནང་ནས་ལས་དོན་བསྒྲུབས་ཕྱོགས་ཐད་རེ་བ་ནན་པོ་འདོན་པ་དང་བཀོད་སྒྲིག་ཞིབ་ཕྲ་གནང་ཡོད།

ས་ཡུལ་དངོས་སུ། ལི་ཧྥུའུ་ཀྲུང་གིས་འགྲེམས་པང་ལ་གཟིགས་པ་དང་། སྙན་ཞུ་གསན་པ། གནས་ཚུལ་ཞིབ་འདྲི་གནང་བ་སོགས་ཀྱི་ཐོག་ནས་གྲ་སྒྲིག་ལས་དོན་གྱི་འཕེལ་རིམ་གནས་ཚུལ་གསར་ཤོས་མཁྱེན་རྟོགས་གནང་རྗེས། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། མིག་མང་འགྲིག་སྐོར་གཅིག་གྱི་བསམ་བློ་བརྟན་པོ་བཙུགས་ཐོག་སེམས་ནུས་གཅིག་ལ་བསྒྲིལ་ནས་ལས་དོན་ཁག་ལེགས་སྒྲིག་དང་། ཞིབ་ཚགས་པོ། མིག་མཐོང་ཅན་བཅས་ཀྱི་སྒོ་ནས་བསྒྲུབས་ཏེ། གཙོ་དོན་ལ་དམིགས་ནས་ (པར་ངོས་གཉིས་པར་གཟིགས) (པར་ངོས་དང་པོར་མཐུད) ཁྱད་ཆོས་མངོན་གསལ་དུ་ཐོན་པ་བྱས་ཐོག་གཅིག་ནས་ས་ཁོངས་དེ་རང་ལ་བཀྲག་མདངས་འཚེར་ས་ཡོད་པ་དང་། གཉིས་ནས་སྤྱི་ཡོངས་ཀྱི་རྣམ་པ་བཟང་པོ་ཆགས་པ་བྱེད་དགོས་པའི་ནན་གསུངས་གནང་།

ལི་ཧྥུའུ་ཀྲུང་གིས། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ་རྟེན་འབྲེལ་བྱེད་སྒོ་ལེགས་པར་བསྒྲུབ་རྒྱུ་དེ་ཉིད་གཏན་འཁེལ་གཉིས་ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང་། སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་ཞུ་བའི་ཞིབ་ཕྲའི་བྱ་སྤྱོད་དུ་བརྩིས་ནས་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་རྒྱག་དགོས་པ་དང་། ཆབ་སྲིད་ཀྱི་རང་རྟོགས་མཐོ་རུ་གཏོང་བ། འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ། ལྟ་སྟངས་ཡང་དག་འཛིན་པ། སེམས་ནུས་ཡོད་རྒུ་འཆང་བ་བཅས་ཀྱི་ཐོག་ནས་ལས་དོན་ཁག་དམ་འཛིན་ཏན་ཏིག་དང་ཕན་ནུས་ལྡན་པ་ཡོང་བ་བྱེད་དགོས། དམག་འཐབ་ཀྱི་ནང་སྦྱོང་དང་། ཆད་ལྷག་གསབ་པ། ལས་འགན་ཞིབ་ཐོ་ཅན་བཅས་ཀྱི་ཐོག་ནས་ལས་དོན་ལ་སྐུལ་འདེད་བཏང་ཐོག་ལྷོ་ཁའི་ལོ་ངོ་60རིང་དང་། ལྷག་དོན་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ་ཐོབ་པའི་ཕྱོགས་ཡོངས་ཀྱི་ཡར་ཐོན་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་མངོན་མཚོན་ཐུབ་པ་བྱེད་དགོས། འགོ་ཁྲིད་ཀྱི་འགན་འཁྲི་དང་། ས་ཁོངས་ཀྱི་འགན་འཁྲི། ཚན་པའི་འགན་འཁྲི་བཅས་ནན་པོས་འཁུར་ནས་རྟེན་འབྲེལ་ལས་དོན་ཁག་གཟབ་རྒྱས་ལྡན་ལ་སྤྲོ་སྣང་ཡོད་པ། མིག་མཐོང་ལག་ཟིན་ཐུབ་ལ་སྟབས་བསྡུས་པ། བདེ་འཇགས་འགན་ལེན་ཡོད་པ་བཅས་ཀྱི་རྩ་དོན་དག་རྟེན་འབྲེལ་བྱེད་སྒོའི་གྲ་སྒྲིག་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་གང་ཅིའི་ཐད་དོན་འཁྱོལ་ཐུབ་པ་བྱས་ཏེ་ཚན་རིག་དང་མཐུན་པའི་གཅིག་གྱུར་འཆར་འགོད་དང་། སེམས་ཤུགས་གཅིག་སྒྲིལ། དངོས་སྒྲུབ་ཕྱོད་ཆེ་བཅས་ཀྱི་ཐོག་ནས་ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ང་ཚོར་སྤྲད་གནང་བའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཁག་དོན་འཁྱོལ་ཡག་པོ་དང་ལེགས་གྲུབ་ཡག་པོ་བྱེད་དགོས་པའི་ནན་བཤད་གནང་ངོ་།།

བསོད་ནམས་བསྟན་པས་བསྒྱུར། ཡེ་བདེས་ཞུས།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:视觉山南
བོད་ལྗོངས་ཀྱིས་ཁེ་ལས་འབྲིང་ཆུང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་བྱ་ཐབས་འགའ་ཞིག་བཏོན་པ།
འགན་འཁྲི་འཁུར་ཕོད་ལ་ཤུགས་སྣོན་རྒྱག་པ་དང་རྩེ་གྲའི་འདུ་ཤེས་བཙུགས་ནས་ལས་དོན་ཁག་དོན་འཁྱོལ་དམ་འཛིན་ནན་པོས་ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ང་ཚོར་སྤྲད་གནང་བའི་ཆབ་སྲིད@
ས་རྒྱུ་གཤིན་པོས་ལོ་ལེགས་འབྲུ་མཛོད་བཀངས།
སེམས་རྩ་འཁོལ་པོས་ཡིག་བསྐུར་ངོ་བཅར་ལས་དོན་བསྒྲུབས་ནས་ཁྲིམས་སྲོལ་ལྟར་མང་ཚོགས་ཀྱི་ལུགས་མཐུན་རེ་ཞུ་ཐག་གཅོད་བྱས་ཐོག་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་གནད་དོན་ཐག་གཅོད་གང་ལེགས་བ@