第02版:综合新闻 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
གྲོང་ཁྱེར་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་གསར་འགྱུར་འགྲེམས་བསྒྲགས་ཚོགས་འདུ་འཚོགས་པ།
ལི་ཧྥུའུ་ཀྲུང་གིས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བའི་རྟེན་འབྲེལ་བྱེད་སྒོའི་གྲ་སྒྲིག་ལས་དོན་ལ་བརྟག་ཞིབ་གནང་སྐབས་ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་རུ་བཏང་ནས་ལས་ཀའི་མྱུར་ཚད་མ@
གྲ་ནང་ཤི་ཕུའུ་རུ་གསར་འགྱུར་འགྲེམས་བསྒྲགས་ཚོགས་འདུ་འཚོགས་པ།
| 山南网首页 |
2025年7月21日 星期
3 上一篇 放大 缩小 默认
གྲ་ནང་ཤི་ཕུའུ་རུ་གསར་འགྱུར་འགྲེམས་བསྒྲགས་ཚོགས་འདུ་འཚོགས་པ།
 

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཟླ་7པའི་ཚེས་17ཉིན། གྲོང་ཁྱེར་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་གསར་འགྱུར་འགྲེམས་བསྒྲགས་ཚོགས་འདུ་བསྐོང་འཚོགས་བྱས་ཤིང་། གྲོང་ཁྱེར་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཁོངས་མི། ཀྲུའུ་ཞི་འཛོམས་པ་གདན་ཞུ་བྱས་པ་དང་། གྲོང་ཁྱེར་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དཔལ་འབྱོར་འབྲེལ་གཏུག་ཁོའོ་ཡི་ཁོའོ་ཀྲང་ཧོང་ཅིན་ཡུན་གྱིས་ངེད་གྲོང་ཁྱེར་གྱི་ཚོང་གཉེར་ཁོར་ཡུག་ལས་དོན་སྤེལ་ཚུལ་ངོ་སྤྲོད་གནང་བ་མ་ཟད། གསར་འགོད་པས་བཏོན་པའི་དྲི་བར་ལན་བཏབ་གནང་བ་རེད། ད་ཐེངས་ཀྱི་གསར་འགྱུར་འགྲེམས་བསྒྲགས་ཚོགས་འདུ་དེ་ཁེ་ལས་སུ་བསྐྱོད་ནས་འཚོགས་པའི་ཚོགས་འདུ་ཐོག་མ་འདི་ཡིན་ཞིང་། ཚོགས་ར་གྲ་ནང་རྫོང་ཤི་ཕུའུ་སྤྲོ་གསེང་གནས་གཟིགས་ཞིང་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིར་བཀོད་སྒྲིག་བྱས་ཡོད་པ་མ་ཟད། འགྲེམས་བསྒྲགས་ཚོགས་འདུ་དང་། སྨྱན་སྦྱོར་གྱི་ས་ཡུལ་དངོས་ཀྱི་བཅའ་འདྲི། དེ་བཞིན་ས་ཡུལ་དངོས་ནས་ཉམས་ལེན་བཅས་ཕན་ཚུན་སྣོལ་མའི་བྱ་ཐབས་སྤྱད་པས། སྲིད་གཞུང་གིས་ཁེ་ལས་དང་སྨྱན་སྦྱོར་གཉིས་པོ་དང་ཕན་ཚུན་བཀའ་མོལ་བྱེད་པའི་འབྲེལ་ཟམ་བཙུགས་ཐུབ་པ་བྱུང་ནས། ངེད་གྲོང་ཁྱེར་གྱི་ཚོང་གཉེར་ཁོར་ཡུག་ལེགས་གཏོང་དང་དམངས་གཉེར་ཁེ་ལས་ལ་ཞབས་ཞུ་བསྒྲུབ་པའི་བྱ་ཐབས་གསར་པ་མངོན་མཚོན་བྱུང་ཡོད་པ་རེད།

འཛོམས་པས་ངོ་སྤྲོད་གནང་བར་གཞིགས་ན། ཉེ་བའི་ལོ་ཤས་ནང་། གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་འགོ་ཁྲིད་འོག ལྷོ་ཁ་གྲོང་ཁྱེར་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམངས་གཉེར་ཁེ་ལས་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་རྣམ་བཤད་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་ཏེ། སྐྱོན་བྲལ་གཉིས་ཀྱི་གཙོ་དོན་ལ་དམ་ཟབ་དམིགས་ནས་འབྲེལ་ཟམ་དང་ལག་རོགས་ལྟ་བུའི་ནུས་པ་འདོན་སྤེལ་གང་ལེགས་སྒོས། གྲོང་ཁྱེར་ཡོངས་ཀྱི་དམངས་གཉེར་དཔལ་འབྱོར་གྱི་སྤུས་མཐོའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་ཡོད་པ་རེད།

དམངས་གཉེར་དཔལ་འབྱོར་ནི་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འདེགས་སྐྱོར་གལ་ཆེན་ཞིག་ཏུ་གྱུར་ཡོད། 2025ལོའི་ཟླ་1ཚེས་1ཉིན་ནས་བཟུང་། བོད་རང་སྐྱོང་ལྗོངས་ཀྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་སྲོལ་ཡིག་དངོས་སུ་ལག་བསྟར་བྱས་པ་དང་ལྷོ་ཁ་གྲོང་ཁྱེར་གྱི་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁྱབ་ཁོངས་རྒྱུན་ཆད་མེད་པར་རྒྱ་སྐྱེད་བཏང་སྟེ། སྲོལ་རྒྱུན་ལས་རིགས་ནས་སྐྱེ་དངོས་ཚན་རྩལ་དང་དེང་རབས་ཞིང་ལས་སོགས་གསར་དར་ཐོན་ལས་སུ་སྣུར་སྲིང་མྱུར་པོ་བྱས་ཡོད། མིག་སྔར། གྲོང་ཁྱེར་ཡོངས་སུ་གཞི་ཁྱོན་ཡན་གྱི་དམངས་གཉེར་བཟོ་ལས་ཁེ་ལས་9དང་། ཚན་རྩལ་རྣམ་པའི་དམངས་གཉེར་ཁེ་ལས་འབྲིང་ཆུང་58 མཐོ་གསར་ལག་རྩལ་ཁེ་ལས་7བཅས་ཡོད་པས། ཐོན་ལས་གྲུབ་ཆ་ལེགས་བསྒྱུར་རིམ་སྤོར་བྱུང་ཡོད། གཞན་ཡང་། 2024ལོ་ནས་2025ལོའི་དུས་ཚིགས་གཉིས་པའི་བར། གྲོང་ཁྱེར་ཡོངས་ཀྱི་དམངས་གཉེར་ཁེ་ལས་ཀྱིས་རིམ་རྩིས་བྱས་ན་མཐོ་སློབ་ཐོན་པའི་སློབ་མའི་ལས་ཞུགས་ལ་ལས་གནས་446མཁོ་འདོན་བྱས་ཤིང་། ཞིང་འབྲོག་མང་ཚོགས་4697ལས་ཞུགས་ནང་བསྡུ་ལེན་བྱས་ཡོད་པ་དང་། མི་ཐེངས་1000ལྷག་ཙམ་ལ་རྩལ་ནུས་གསོ་སྦྱོང་སྤྲས་ཡོད་པས། མང་ཚོགས་ཀྱི་ལས་ཞུགས་དང་འབབ་འཕར་ལ་ཁྲིད་སྐུལ་དང་སྤྱི་ཚོགས་ཞི་མཐུན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐབས་ལམ་གཙོ་བོར་གྱུར་ཡོད། 2025ལོའི་ཟླ་6པའི་ཟླ་མཇུག་བར། ལྷོ་ཁ་གྲོང་ཁྱེར་གྱི་ཁྲོམ་རའི་གཙོ་གཞིའི་སྤྱིའི་གྲངས་འབོར་ཚོང་དུད་ཁྲི་5.89ཟིན་ཞིང་། དུས་མཉམ་དང་བསྡུར་ན་བརྒྱ་ཆ་10.35འཕར་ཡོད་པ་དེའི་ནང་། སྤྱི་ལ་དབང་བའི་ལམ་ལུགས་མིན་པའི་དཔལ་འབྱོར་གྱིས་བཟུང་བའི་བསྡུར་ཚད་བརྒྱ་ཆ་97.62ཟིན་པར། སྤྱིའི་གྲངས་འབོར་ཚོང་དུད་ཁྲི་5.75ཟིན་ཡོད་པ་རེད།

གྲོང་ཁྱེར་ས་ཁོངས་ནང་ཁུལ་མཉམ་འགུལ་གྱིས་འཕེལ་རྒྱས་ཁོར་ཡུག་ལེགས་སུ་བཏང་སྟེ། དམངས་གཉེར་ཁེ་ལས་ཀྱི་དཀའ་ངལ་སེལ་རྒྱུར་ཕྱོགས་མང་པོའི་ཐོག་ནས་རོགས་རམ་བྱས་པ་རེད། གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུར་མཐོང་ཆེན་བྱས་ཏེ། དུས་རབས་གསར་པའི་དམངས་གཉེར་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར་ཡིག་ཆ་ལག་ལེན་བསྟར་བའི་ཞིབ་ཕྲའི་ཇུས་གཞི་བཏོན་ཐོག ས་ཁུལ་རིམ་པའི་འགོ་ཁྲིད་ཀྱིས་ཁེ་ལས་དང་འབྲེལ་གཏུག་བྱེད་པའི་འགན་ལེན་ལམ་ལུགས་བཙུགས་པ་དང་། གྲོང་ཁྱེར་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་འགན་ནུས་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། སྲིད་ཇུས་ཀྱི་ཞབས་ཞུ་དང་དངུལ་རྩའི་རྒྱབ་སྐྱོར། ཁེ་དབང་ལ་འགན་སྲུང་བཅས་ཀྱི་ལས་ཀའི་མ་ལག་འཛུགས་སྐྱོང་བྱས་ཡོད་པ་རེད།

སྲིད་ཇུས་དྲིལ་བསྒྲགས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་བཏང་བ། དམངས་གཉེར་དཔལ་འབྱོར་གྱི་འཆད་ཁྲིད་ཆེ་མོ་དང་བཅའ་ཁྲིམས་ཀྱི་འཆད་ཁྲིད་ཆེ་མོ་སོགས་ལ་འབོད་པའི་བྱེད་སྒོ་ཧུར་ཐག་གཉེར་ཏེ། སྲིད་ཇུས་ནང་དོན་ཕྱོགས་བསྒྲིག་དང་། འབྲེལ་གཏུག་བྱང་བུ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས། ཁེ་ལས་ཀྱི་རྒྱུན་མཐོང་ཉེས་དོན་བཅའ་ཁྲིམས་ཀྱི་ཉེན་ཟོན་ལག་དེབ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་གཉེར་དཔལ་འབྱོར་ལ་སྐུལ་འདེད་གཏོང་བའི་བཅའ་ཁྲིམས་སོགས་དྲིལ་བསྒྲགས་དཔྱད་ཡིག་འགྲེམས་སྤེལ་བྱས་པ་མ་ཟད། ཁེ་ལས་སུ་བསྐྱོད་ནས་སྲིད་ཇུས་སྐྱེལ་བ་དང་། དཀའ་གནད་སེལ་བ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་བྱེད་སྒོ་སྤེལ་བ་རེད། དམངས་གཉེར་ཁེ་ལས་ཀྱི་བློ་ཁ་ཏང་ལ་ཕྱོགས་པའི་སློབ་ཚན་ཆུང་གྲས་ལ་འབོད་པ་དང་། ཉིན་རེའི་ཁྲིམས་ལུགས་ཁྱབ་གདལ་གྱི་སློབ་ཚན་ཆུང་གྲས་ལ་འབོད་པ་བརྒྱུད་ནས། སྲིད་ཇུས་དང་ཁྲིམས་སྲོལ་དོན་ཚན་768འགྲེམས་སྤེལ་བྱས་པར། དང་ལེན་བྱེད་མཁན་མི་ཐེངས་ཁྲི་23.3ཟིན་ཡོད་པ་རེད།

དངུལ་རྩའི་ཞབས་ཞུ་གནད་ལ་འཁེལ་བའི་སྒོ་ནས་བསྒྲུབ་སྟེ་གྲོང་ཁྱེར་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་ས་ཡུལ་དངོས་དང་དྲ་ཐོག་ནས་མ་དངུལ་བསྡུ་སྒྲིལ་གྱི་དགོས་མཁོ་རྩད་གཅོད་རེའུ་མིག་འགྲེམས་སྤེལ་ཐེངས་མང་བྱས་ཡོད། 2025ལོའི་ལོ་སྟོད་དུ། ཁེ་ལས་27གྱི་མ་དངུལ་བསྡུ་སྒྲིལ་སྒོར་དུང་ཕྱུར་1.16ཐུབ་རྒྱུར་འབྲེལ་མཐུད་བྱས་ཡོད་པ་དང་། ལྷོ་ཁ་གྲོང་ཁྱེར་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་དངུལ་བུན་ཁ་གསབ་སྐྱེད་ཀའི་ལམ་སྲོལ་དོན་འཁྱོལ་རྒྱུན་མཐུད་ཡོད་པ་རེད། 2024ལོ་ནས་བཟུང་། ཁེ་ལས་74ལ་དངུལ་བུན་སྒོར་དུང་ཕྱུར་12.4རེ་བའི་དངུལ་བུན་ཁ་གསབ་སྐྱེད་ཀ་ཁྱོན་བསྡོམས་སྒོར་ཁྲི་302.58དོན་འཁྱོལ་བྱས་ཡོད་པ་རེད།

རེ་འདུན་ཐག་གཅོད་འཕྲུལ་ཆས་ཅན་དུ་བསྒྱུར་ནས་འཁོར་རྒྱུག་ཐུབ་པ་སྟེ། 141ལ་འབོད་པའི་གྲོང་ཁྱེར་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགོ་ཁྲིད་ལས་བྱེད་པས་གཉེར་སྐུལ་ལ་སྣེ་ཁྲིད་བྱེད་པའི་ལམ་ལུགས་གསར་སྤེལ་ཐོག་བཏོད་ཅིང་། 2023ལོ་ནས་བཟུང་། རིམ་རྩིས་བྱས་ན་རེ་འདུན་127བསྡུ་ལེན་བྱས་པ་དང་། གནད་དོན་105ཐག་གཅོད་བྱུང་བ། གནད་དོན་22དུས་མཚམས་རང་བཞིན་གཉེར་ཐུབ་རེ་ཡོད་པ་རེད། ཀུང་སི་གཉིས་ཀྱིས་ལས་གྲྭའི་དངུལ་འགྱངས་ཆད་ཚུར་རག་པ་དང་མཇུག་དངུལ་གྱི་གནད་དོན་ཐག་གཅོད་ཐུབ་པ་བཅས་ཀྱིས་མཚོན། ཁེ་ལས་འབྲེལ་བའི་འགལ་ཟླ་རྩོད་གླེང་ཐག་གཅོད་བྱེད་པའི་ཁྲོད་ཧྥུང་ཆའོ་ཉམས་མྱོང་སྤྱད་པར་ཕན་འབྲས་མངོན་གསལ་ཐོན་ཡོད་པ་རེད།

ཀྲུང་དབྱང་དང་། རང་སྐྱོང་ལྗོངས། ལྷོ་ཁ་གྲོང་ཁྱེར་བཅས་ཀྱིས་སྨྱན་སྦྱོར་ཁག་འགྲེམས་བསྒྲགས་ཚོགས་འདུར་ཞུགས་པ་རེད།བསོད་དོན་གྱིས་བསྒྱུར། ཡེ་བདེས་ཞུས།

3 上一篇 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:公益广告
གྲོང་ཁྱེར་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་གསར་འགྱུར་འགྲེམས་བསྒྲགས་ཚོགས་འདུ་འཚོགས་པ།
ལི་ཧྥུའུ་ཀྲུང་གིས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བའི་རྟེན་འབྲེལ་བྱེད་སྒོའི་གྲ་སྒྲིག་ལས་དོན་ལ་བརྟག་ཞིབ་གནང་སྐབས་ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་རུ་བཏང་ནས་ལས་ཀའི་མྱུར་ཚད་མ@
གྲ་ནང་ཤི་ཕུའུ་རུ་གསར་འགྱུར་འགྲེམས་བསྒྲགས་ཚོགས་འདུ་འཚོགས་པ།