第02版:综合新闻 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
གྲོང་ཁྱེར་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་གསར་འགྱུར་འགྲེམས་བསྒྲགས་ཚོགས་འདུ་འཚོགས་པ།
ལི་ཧྥུའུ་ཀྲུང་གིས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བའི་རྟེན་འབྲེལ་བྱེད་སྒོའི་གྲ་སྒྲིག་ལས་དོན་ལ་བརྟག་ཞིབ་གནང་སྐབས་ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་རུ་བཏང་ནས་ལས་ཀའི་མྱུར་ཚད་མ@
གྲ་ནང་ཤི་ཕུའུ་རུ་གསར་འགྱུར་འགྲེམས་བསྒྲགས་ཚོགས་འདུ་འཚོགས་པ།
| 山南网首页 |
2025年7月21日 星期
下一篇 4 放大 缩小 默认
གྲོང་ཁྱེར་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་གསར་འགྱུར་འགྲེམས་བསྒྲགས་ཚོགས་འདུ་འཚོགས་པ།
 

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ལམ། གྲོང་ཁྱེར་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་གསར་འགྱུར་འགྲེམས་བསྒྲགས་ཚོགས་འདུ་བསྐོང་འཚོགས་བྱས་ཤིང་། གྲོང་ཁྱེར་ནོར་སྲིད་ཅུད་ཏང་ཙུའུ་ཁོངས་མི། ཅུད་ཀྲང་ཁྲེང་ཡང་གདན་ཞུ་བྱས་པ་དང་། གྲོང་ཁྱེར་ནོར་སྲིད་ཅུད་ལྟ་སྐུལ་དཔྱད་གདེང་ཁོའོ་ཡི་ཁོའོ་ཀྲང་ཉི་མ་བཀྲ་ཤིས་ཀྱིས་ངེད་གྲོང་ཁྱེར་གྱི་དམངས་ཕན་ཞིང་ཕན་ནོར་སྲིད་ཁ་གསབ་རོགས་དངུལ་གཱ་གཅིག་འཐུས་ཀྱི་དོ་དམ་ལས་དོན་སྤེལ་ཚུལ་ངོ་སྤྲོད་བྱས་པ་མ་ཟད། གསར་འགོད་པས་བཏོན་པའི་དྲི་བར་ལན་བཏབ་པ་རེད།

ཁྲེང་ཡང་གིས་ངོ་སྤྲོད་གནང་དོན། ཉེ་བའི་ལོ་ཤས་ནང་། གྲོང་ཁྱེར་ནོར་སྲིད་ཅུད་འདི་ཉིད་གྲོང་ཁྱེར་ཡོངས་ཀྱི་དམངས་ཕན་ཞིང་ཕན་ནོར་སྲིད་ཁ་གསབ་རོགས་དངུལ་གཱ་གཅིག་འཐུས་ཀྱི་དོ་དམ་ལས་དོན་སྤེལ་མཁན་སྣེ་ཁྲིད་ཚན་པ་ཞིག་ཡིན་པའི་ངོས་ནས། གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་འགོ་ཁྲིད་འོག ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་བཟུང་བའི་འཕེལ་རྒྱས་དགོངས་པ་མཐའ་འཁྱོངས་བྱས་ཏེ། མི་དམངས་མང་ཚོགས་ཀྱིས་དོ་ཁུར་ཆེ་ཤོས་བྱེད་ས་དང་ཐད་ཀར་འབྲེལ་བ་ཡོད་ས། ཁེ་ཕན་དངོས་ཀྱི་གཏུགས་ས་བཅས་ཀྱི་གནད་དོན་དང་དམངས་འཚོའི་བྱ་བ་དངོས་བསྒྲུབ་པའི་ལོ་འཁོར་ལས་དོན་དམིགས་ཚད་དམ་ཟབ་དམིགས་ཏེ། དམངས་ཕན་ཞིང་ཕན་ནོར་སྲིད་ཁ་གསབ་རོགས་དངུལ་དུས་ཐོག་དང་འདང་ངེས། གནད་སྨིན་བཅས་ཀྱི་ཐོག་ནས་གཏོང་སྤྲོད་བྱས་པ་མ་ཟད། གཞི་རྩའི་དམངས་འཚོར་ཞབས་ཞུ་སྔར་བས་ཡག་པ་ཞུ་ཆེད་འདེགས་སྐྱོར་སྲ་ཞིང་བརྟན་པ་མཁོ་འདོན་བྱས་ཡོད།

2023ལོར་ངེད་གྲོང་ཁྱེར་གྱིས་དམངས་ཕན་ཞིང་ཕན་ནོར་སྲིད་ཁ་གསབ་རོགས་དངུལ་གཱ་གཅིག་འཐུས་མ་ལག་བརྒྱུད། ཁ་གསབ་རོགས་དངུལ་སྒོར་ཁྲི་152.4སྤྲད་ཅིང་། མང་ཚོགས་མི་གྲངས་1776ལ་ཕན་ཁེ་བསྐྲུན་ཡོད། 2024ལོར་གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་ནོར་སྲིད་ཚན་པའི་ཐུན་མོང་འབད་བརྩོན་འོག དམངས་ཕན་ཞིང་ཕན་ནོར་སྲིད་ཁ་གསབ་རོགས་དངུལ་གཱ་གཅིག་འཐུས་མ་ལག་བརྒྱུད་ནས་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་4.34སྤྲད་ཅིང་། མང་ཚོགས་མི་གྲངས་ཁྲི་20.28ལ་ཕན་ཁེ་བསྐྲུན་ཡོད། 2025ལོར་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ཞིང་། མིག་སྔའི་བར། ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་2.59སྤྲད་ཟིན་པ་དང་། མང་ཚོགས་མི་གྲངས་15.39ལ་ཕན་ཁེ་བསྐྲུན་ཡོད། དེའང་། ཐོག་མའི་ཕྱོགས་མང་པོས་སྤྲོད་ལེན་ནས་གཱ་གཅིག་འཐུས་ཀྱི་བར་མཆོང་སྐྱོད་མངོན་འགྱུར་བྱུང་བས། གཱ་གཅིག་འཐུས་དེ་ཉིད་མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་གཱ་དང་གསལ་རྟོགས་གཱ་ལ་གྱུར་ཞིང་། དེ་ལས་དམངས་ཕན་ཞིང་ཕན་གྱི་སྲིད་ཇུས་དོན་འཁྱོལ་ཡོང་རྒྱུར་འགན་སྲུང་ནུས་ལྡན་ཐུབ་ཡོད་པ་རེད།

ལོ་འགའ་ཡི་འབད་བརྩོན་བརྒྱུད། ངེད་གྲོང་ཁྱེར་གྱིས་ལྷོ་ཁའི་ཁྱད་ཆོས་ལྡན་པའི་གཅིག་བྱས་པ་དྲུག་དང་གཱ་གཅིག་འཐུས་ཀྱི་དོ་དམ་དཔེ་གཞི་འཚོལ་ཞིབ་ཐོག་གྲུབ་ཅིང་། གཅིག་ནི་རིམ་པ་བསྟར་ཆགས་ཀྱི་དམ་འཛིན་བྱེད་པའི་ལས་ཐབས་རྣམ་པ་ཆགས་པ་དང་། གཉིས་ནས་གསར་ཐོ་གཅིག་གི་དོ་དམ་ལམ་ལུགས་ལ་བརྟེན་ནས་ཁ་གསབ་རོགས་སྐྱོར་སྲིད་ཇུས་ཀྱི་ཆ་འཕྲིན་དུས་ཐོག་ལ་ཧ་མི་གོ་བའི་བཀག་རྒྱ་ལས་གྲོལ་ཐུབ་པ། གསུམ་ནས་མི་རེར་གཱ་རེ་ཡི་དཔེ་གཞི་ལག་བསྟར་བྱས་པས་མང་ཚོགས་ཚོས་ཁ་གསབ་རོགས་དངུལ་ལེན་པར་སྔར་བས་སྟབས་བདེ་རུ་སོང་བ། བཞི་ནས་ཁ་གསབ་རོགས་དངུལ་ལེན་པའི་རེ་ཞུ་དང་། ཞིབ་མཆན། སྤྱི་བསྒྲགས། སྤྲོད་ལེན་སོགས་ཀྱི་བརྒྱུད་རིམ་དང་བཀོལ་སྟངས། དབང་ཚད་བཅས་ཚད་ལྡན་དུ་བཏང་བའི་ཁར་དོ་དམ་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་མཐར། ཉེན་ཟོན་ལ་འགན་ལེན་ཐུབ་པ། ལྔ་ནས་ལས་སྟེགས་གཅིག་གིས་ཁ་གསབ་རོགས་དངུལ་གཏོང་སྤྲོད་ལ་དོ་དམ་དང་རྗེས་སྙེག་ཐུབ་པ་མ་ཟད། གཱ་གཅིག་འཐུས་ཀྱི་མ་ལག་ལ་བརྟེན་ནས་དྲ་ཐོག་ཏུ་ལས་སྒོ་གཉེར་ཐུབ་པ། དྲུག་ནས་ཆེད་དོན་ལེ་ཚན་གཅིག་གིས་སྤྱི་བསྒྲགས་ལ་དོ་དམ་ཐུབ་པས། ཁ་གསབ་རོགས་དངུལ་ཆ་འཕྲིན་སྔར་བས་ཁ་གསལ་ཡོང་རྒྱུར་འགན་ལེན་བྱུང་བ་སོགས་ཀྱི་དམིགས་ཚད་མངོན་འགྱུར་ཐུབ་ཡོད་པ་རེད།

དུས་མཚུངས། གྲོང་ཁྱེར་ནོར་སྲིད་ཅུད་ཀྱིས་དམངས་ཕན་ཞིང་ཕན་ནོར་སྲིད་ཁ་གསབ་རོགས་དངུལ་གཱ་གཅིག་འཐུས་དོ་དམ་ལས་དོན་ལ་མཐོང་ཆེན་བྱས་ཏེ། ལས་དོན་བཀོད་སྒྲིག་ཚོགས་འདུ་དང་བཀོད་གཏོང་ཚོགས་འདུ་ཐེངས་མང་འཚོགས་ཤིང་། གྲོང་ཁྱེར་ནོར་སྲིད་ཅུད་ཀྱི་འགོ་ཁྲིད་གཙོ་བོའི་སྣེ་ཁྲིད་འོག་ལས་གཉེར་རྐང་འཛིན་པ་སྒྲིག་འཛུགས་བྱས་ནས་གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་ནང་ལྟ་སྐུལ་ཞིབ་བཤེར་ལས་དོན་སྤེལ་བ་དང་། ཞིབ་བཤེར་ཁྲོད་ཐོན་པའི་གནད་དོན་256དག་མིག་སྔར་ཡོ་བསྲང་བཅོས་སྒྲིག་སྤྱིའི་ཆར་ལེགས་གྲུབ་བྱུང་ཡོད་པ་རེད།

རང་སྐྱོང་ལྗོངས་དང་ལྷོ་ཁ་གྲོང་ཁྱེར་གྱི་སྨྱན་སྦྱོར་ཁག་གིས་འགྲེམས་བསྒྲགས་ཚོགས་འདུར་ཞུགས་པ་རེད།

བསོད་ནམས་དོན་གྲུབ་ཀྱིས་བསྒྱུར།

ཡེ་ཤེས་བཟང་མོ་དང་བདེ་སྐྱིད་དཔལ་སྒྲོལ་གྱིས་ཞུས།

下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:公益广告
གྲོང་ཁྱེར་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་གསར་འགྱུར་འགྲེམས་བསྒྲགས་ཚོགས་འདུ་འཚོགས་པ།
ལི་ཧྥུའུ་ཀྲུང་གིས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བའི་རྟེན་འབྲེལ་བྱེད་སྒོའི་གྲ་སྒྲིག་ལས་དོན་ལ་བརྟག་ཞིབ་གནང་སྐབས་ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་རུ་བཏང་ནས་ལས་ཀའི་མྱུར་ཚད་མ@
གྲ་ནང་ཤི་ཕུའུ་རུ་གསར་འགྱུར་འགྲེམས་བསྒྲགས་ཚོགས་འདུ་འཚོགས་པ།