第01版:头版 4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
ཆུ་གསུམ་ཤག་ལྷོ་གྲོང་ཚོ་ནས་འབྲས་དཀར་བཤད་པ་འདི་ལྟར་ཕུལ།
ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་རུ་བཏང་ནས་ལས་ཀའི་མྱུར་ཚད་མགྱོགས་སུ་གཏོང་བ་དང་། ནུས་ཤུགས་ཡོད་རྒུས་གྲ་སྒྲིག་ལས་དོན་ཁག་ཡག་པོ་སྒྲུབ་དགོས་པའི་ནན་བཤད་གནང་།
བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ།
བོད་ལྗོངས་ཧུང་ནུང་གིས་ས་མཐོར་བྱ་གསོའི་ལས་ལ་གཞོལ།
ཀྲུང་དབྱང་སྨྱན་སྦྱོར་གྱིས་བོད་ལ་ལྟ་བ།
བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་བའི་དྲིལ་བསྒྲགས་སྦྱར་ཡིག
| 山南网首页 |
2025年7月21日 星期
3 上一篇  下一篇 4 放大 缩小 默认
ལི་ཧྥུའུ་ཀྲུང་གིས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བའི་རྟེན་འབྲེལ་བྱེད་སྒོའི་གྲ་སྒྲིག་ལས་དོན་ལ་བརྟག་ཞིབ་གནང་སྐབས།
ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་རུ་བཏང་ནས་ལས་ཀའི་མྱུར་ཚད་མགྱོགས་སུ་གཏོང་བ་དང་། ནུས་ཤུགས་ཡོད་རྒུས་གྲ་སྒྲིག་ལས་དོན་ཁག་ཡག་པོ་སྒྲུབ་དགོས་པའི་ནན་བཤད་གནང་།
 

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་དུས། གྲོང་ཨུད་ཀྱི་ཧྲུའུ་ཅི་ལི་ཧྥུའུ་ཀྲུང་གིས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བའི་རྟེན་འབྲེལ་བྱེད་སྒོའི་གྲ་སྒྲིག་ལས་དོན་ལ་བརྟག་ཞིབ་དང་། ལས་ཀའི་འཕེལ་རིམ་ལ་སླར་ཡང་ལྟ་སྐུལ་མཛུབ་ཁྲིད་དང་བཀོད་སྒྲིག་ཞིབ་ཚགས་གནང་ནས། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཐོག ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་རུ་གཏོང་བ་དང་ལས་ཀའི་མྱུར་ཚད་མགྱོགས་སུ་བཏང་ནས་ནུས་ཤུགས་ཡོད་རྒུས་གྲ་སྒྲིག་ལས་དོན་ཁག་ཡག་པོ་སྒྲུབ་དགོས་པའི་ནན་བཤད་གནང་བ་རེད། ལི་ཧྥུའུ་ཀྲུང་གིས་གྲ་སྒྲིག་ལས་དོན་གྱི་འཕེལ་རིམ་གནས་ཚུལ་ལ་བརྟག་ཞིབ་ཞིབ་ཕྲ་གནང་བ་དང་མཛུབ་ཁྲིད་བསམ་འཆར་ཞིབ་ཕྲ་བཏོན་གནང་བ་རེད། ཁོང་གིས། རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་བ་ནི་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་དང་བཀྲ་ཤིས་པའི་བྱ་བ་ཞིག་ཡིན། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་གཙོ་བོ་གནང་བའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་མཐོང་ཆེན་ཚད་མཐོན་པོ་གནང་ནས་སྔ་རྗེས་སུ་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་དང་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་སོགས་འཚོགས་པ་དང་། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ས་གནས་ས་ཐོག་ཏུ་གྲ་སྒྲིག་ལས་དོན་ལ་བརྟག་ཞིབ་གནང་ནས་མཛུབ་སྟོན་ཁ་གསལ་དང་བླང་བྱ་ཞིབ་ཕྲ་བཏོན་གནང་ཡོད། གྲོང་ཨུད་ཀྱིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ་ཇུས་འགོད་ཞིབ་ཚགས་དང་ཞིབ་འཇུག་ནན་ཏན་བྱས་ནས་སྐུལ་འདེད་ཤུགས་ཆེན་བཏང་ཐོག་གྲ་སྒྲིག་ལས་དོན་ཁག་ལ་ཕན་འབྲས་ཐོན་པ་བྱ་རྒྱུ་ཡིན་ཞེས་གསུངས། (པར་ངོས་གཉིས་པར་གཟིགས) (པར་ངོས་དང་པོར་མཐུད) ལི་ཧྥུའུ་ཀྲུང་གིས་ནན་བཤད་གནང་དོན། རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་བ་དང་ལྷོ་ཁའི་ལས་དོན་ཁག་ཡག་པོ་བསྒྲུབ་རྒྱུ་ནི་ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ང་ཚོར་སྤྲད་པའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་པས་ངེས་པར་དུ་ཆ་རྐྱེན་གང་ཡང་མེད་པའི་སྒོ་ནས་ལེགས་འགྲུབ་བྱ་དགོས། ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་རུ་བཏང་ནས་རྟེན་འབྲེལ་བྱེད་སྒོ་ཡག་པོ་སྤེལ་རྒྱུ་དེ་“གཏན་འཁེལ་གཉིས་”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང་“སྲུང་སྐྱོང་གཉིས་”མཐའ་གཅིག་ཏུ་ཐུབ་པའི་ཞིབ་ཕྲའི་བྱ་སྤྱོད་དུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ། སྤུས་ཚད་མཐོ་བ་དང་། ཚད་གཞི་མཐོ་བ། ལས་ཕྱོད་ཆེ་བ་བཅས་ཀྱི་སྒོ་ནས་གྲ་སྒྲིག་ལས་ཀ་ལེགས་པར་བསྒྲུབ་དགོས། གཅིག་གྱུར་འཆར་འགོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཚང་བཤེར་ཆད་གསབ། ཞིབ་འཇུག་ཞིབ་ཚགས་བཅས་བྱས་ཏེ་དུས་ཐོག་ཏུ་སྤུས་འབོར་གཉིས་ལྡན་གྱི་སྒོ་ནས་ལས་འགན་ཁག་ལེགས་འགྲུབ་བྱ་དགོས། རིམ་པ་བཞིན་འགན་འཁྲི་ནན་དུ་གཏོང་བ་དང་། རང་འགན་རང་འཁུར། ནུས་ཤུགས་ཡོད་རྒུས་མཉམ་ལས་བཅས་བྱས་ཏེ་གྲ་སྒྲིག་ལས་དོན་གོ་རིམ་ལྡན་ལ་ནུས་ལྡན་ངང་སྐུལ་འདེད་གཏོང་རྒྱུའི་འགན་ལེན་བྱེད་དགོས། དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་གཙོ་རྐང་བརྟན་པོ་འཛུགས་རྒྱུར་དམ་པོར་དམིགས་ཏེ་རྟེན་འབྲེལ་ཆེ་མོའི་དྲིལ་བསྒྲགས་སློབ་གསོའི་ལས་དོན་རྒྱ་ཁྱབ་ངང་སྤེལ་བ་དང་། རྣམ་པ་སྣ་ཚོགས་དང་སྣ་མང་ཕུན་སུམ་ཚོགས་པའི་མང་ཚོགས་རང་བཞིན་གྱི་རྟེན་འབྲེལ་བྱེད་སྒོ་སྤེལ་ནས་ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དང་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་འོག རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་འོག རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་པ་བཅས་ལས། བོད་ཀྱིས་བརྗིད་ཉམས་ལྡན་པའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་ལམ་བུ་བརྒྱུད་པ་དང་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཐོབ་པ་མངོན་མཚོན་བྱེད་དགོས། ལི་ཧྥུའུ་ཀྲུང་གིས་ནན་བཤད་གནང་དོན། ལས་ཀའི་སྒྲིག་ཁྲིམས་ནན་དུ་གཏོང་བ་དང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་དང་། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བཅས་བྱས་ནས་“རྟག་ཏུ་བློ་བཟོད་མི་བདེ་བའི་”འགན་འཁྲིའི་བསམ་པའི་ཐོག་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་གཏོང་དགོས། ཡེ་ཤེས་བཟང་མོས་བསྒྱུར། བསོད་དོན་དང་བདེ་དཔལ་གྱིས་ཞུས།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:公益广告
ཆུ་གསུམ་ཤག་ལྷོ་གྲོང་ཚོ་ནས་འབྲས་དཀར་བཤད་པ་འདི་ལྟར་ཕུལ།
ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་རུ་བཏང་ནས་ལས་ཀའི་མྱུར་ཚད་མགྱོགས་སུ་གཏོང་བ་དང་། ནུས་ཤུགས་ཡོད་རྒུས་གྲ་སྒྲིག་ལས་དོན་ཁག་ཡག་པོ་སྒྲུབ་དགོས་པའི་ནན་བཤད་གནང་།
བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ།
བོད་ལྗོངས་ཧུང་ནུང་གིས་ས་མཐོར་བྱ་གསོའི་ལས་ལ་གཞོལ།
ཀྲུང་དབྱང་སྨྱན་སྦྱོར་གྱིས་བོད་ལ་ལྟ་བ།
བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་བའི་དྲིལ་བསྒྲགས་སྦྱར་ཡིག