第04版:理论 上一版3
 
版面导航

第01版
头版

第02版
党建

第03版
综合新闻
 
标题导航
| 山南网首页 |
2025年5月23日 星期
放大 缩小 默认
ཞིང་གསུམ་ལས་དོན་ཡག་པོ་བསྒྲུབ་པའི་ཐད་ཀྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན། (༢)
 

འབྲུ་རིགས་ཐོན་སྐྱེད་བརྟན་པོ་དང་འབྲུ་རིགས་བདེ་འཇགས་འགན་ལེན་བྱེད་དགོས་ན། ངེས་པར་དུ་ཞིང་པས་འབྲུ་རིགས་གདབ་པ་དང་ས་གནས་ཀྱིས་འབྲུ་རིགས་ལ་དམ་འཛིན་བྱེད་པའི་ཧུར་སེམས་སྲུང་སྐྱོང་དང་སྐུལ་སློང་། འབྲུ་རིགས་འདེབས་མཁན་གྱི་ཞིང་པའི་ཁེ་ཕན་འགན་སྲུང་ལམ་སྲོལ་དང་འབྲུ་རིགས་ཐོན་ཁུལ་གཙོ་བོའི་ཁེ་ཕན་ཁ་གསབ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། སྲིད་ཇུས་ཀྱི་གནད་འཁེལ་རང་བཞིན་དང་ཕན་འབྲས་དངོས་ཀྱི་རང་བཞིན་ཆེ་རུ་གཏོང་བ། འབྲུ་རིགས་བདེ་འཇགས་ཀྱི་རྨང་གཞི་བརྟན་དུ་གཏོང་བ་བཅས་བྱེད་དགོས།

2024ལོའི་ཟླ་6ཚེས་11ཉིན། ཞི་ཅིན་ཕིང་གིས་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་པའི་ཐོག་གནང་བའི་གསུང་བཤད།

འབྲུ་རིགས་དང་ཞིང་ལས་ཐོན་རྫས་གལ་ཆེན་ཐོན་སྐྱེད་ཐད་དམ་འཛིན་ལྷོད་མེད་དང་། ཞིང་ལས་ཐད་ཚན་རྩལ་དང་སྒྲིག་ཆས་ཀྱིས་འདེགས་སྐྱོར་བྱ་ཤུགས་ཆེ་རུ་གཏོང་བ། ཞིང་ལས་གཞི་ཁྱོན་འོས་འཚམ་གྱིས་གཉེར་སྐྱོང་བྱེད་པའི་ཕྱོགས་སུ་གོང་སྤེལ་གཏོང་བ། ཡུལ་བབ་དང་བསྟུན་ནས་ཁྱད་ཆོས་དང་དགེ་མཚན་ལྡན་པའི་ཞིང་ལས་གོང་སྤེལ་གཏོང་བ་བཅས་བྱེད་དགོས། ཐན་ཞོད་ཅི་འདྲ་བྱུང་ཡང་ལོ་ཏོག་བསྡུ་རྒྱུ་ཡོད་པའི་ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་དང་། ས་ཞིང་བ་ཚྭ་ཅན་ཕྱོགས་བསྡུས་སྒྱུར་བཀོད་དང་བེད་སྤྱོད་ཐད་དམ་འཛིན་བྱས་ཏེ། ས་ཞིང་གི་སྤུས་ཚད་མཐོ་རུ་གཏོང་གང་ཐུབ་བྱེད་དགོས།

2024ལོའི་ཟླ་9ཚེས་12ཉིན། ཞི་ཅིན་ཕིང་གིས་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་པོས་གོང་འཕེལ་གཏོང་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད།

རྣམ་གསར་གྲོང་ཁྱེར་གྲོང་རྡལ་ཅན་ཏུ་འགྱུར་རྒྱུ་དང་གྲོང་གསེབ་དར་རྒྱས་གཏོང་རྒྱུ་གཅིག་གྱུར་འཆར་འགོད་བྱས་ཏེ། དམངས་འཚོའི་བདེ་རྩ་བརྟན་པོའི་ངང་ཆེ་རུ་གཏོང་དགོས། གྲོང་ཁྱེར་ཆེ་འབྲིང་ཆུང་གསུམ་དང་གྲོང་ཁྱེར་གྲོང་རྡལ་ཆུང་གྲས་མཐུན་སྦྱོར་གོང་སྤེལ་གཏོང་རྒྱུར་ཁྲིད་སྟོན་དང་། ཁྱབ་ཚུལ་ཚགས་ཚུད་པོ་ཡོང་བ་བྱས་ཏེ་རྫོང་གྲོང་གི་ཐོན་ལས་དང་མི་འབོར་ཐེག་ནུས་ཆེ་རུ་གཏོང་བ་དང་། སྐྱེ་ཁམས་ཉམས་ཞན་ཁུལ་གྱི་ཐེག་ཚད་གནོན་ཤུགས་ཆུང་དུ་གཏོང་དགོས། རྫོང་གྲོང་གིས་གྲོང་ཁྱེར་དང་འབྲེལ་མཐུད། གྲོང་གསེབ་ལ་སྐུལ་ཁྲིད་བྱེད་པའི་ནུས་པ་སྔར་བས་འདོན་སྤེལ་གང་ལེགས་བྱས་ཏེ། རྫོང་ཁོངས་སུ་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་གོང་སྤེལ་གཏོང་རྒྱུ་སྔོན་ལ་མངོན་འགྱུར་ཐུབ་པ་བྱེད་དགོས། གྲོང་ཚོ་འཛུགས་སྐྲུན་ལ་རིགས་དབྱེ་སྐུལ་འདེད་ཐོག་གནས་འཕྲོད་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་འཛུགས་སྐྲུན་བྱེད་དགོས། སྤྱི་ཕན་རང་བཞིན་དང་རྨང་གཞིའི་རང་བཞིན། མཐའ་སྐྱོང་རང་བཞིན་བཅས་ཀྱི་དམངས་འཚོ་འགན་སྲུང་བྱ་ཤུགས་ཆེ་རུ་གཏོང་དགོས། ལས་ཞུགས་དེ་ཉིད་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་སྟེ། གྲོང་ཁྱེར་དང་གྲོང་རྡལ་གྱི་ཐོན་ལས་གོང་སྤེལ་དང་གྲོང་གསེབ་ཀྱི་ཐོན་ལས་སྐྱེད་སྲིང་བྱ་རྒྱུ་ཚང་མས་ལས་ཞུགས་ཤོང་ཚད་ཆེ་རུ་གཏོང་རྒྱུར་མཐོང་ཆེན་བྱེད་དགོས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་ནས་གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་སྔོན་འགོག་བྱེད་དགོས། དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་སྲིད་དོན་གལ་ཆེན་པོའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ཟབ་གཏོང་དང་། མི་རིགས་དང་ཆོས་ལུགས་ལས་དོན་ཁྲིམས་ལྟར་བཅོས་སྐྱོང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཆང་བ་བཅས་བྱེད་དགོས།

2024ལོའི་ཟླ་9ཚེས་12ཉིན། ཞི་ཅིན་ཕིང་གིས་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་པོས་གོང་འཕེལ་གཏོང་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད།

གྲོང་གསེབ་དར་རྒྱས་གཏོང་བར་ཞིང་འབྲོག་པའི་ཡོང་འབབ་འཕར་སྣོན་བྱེད་པའི་གཙོ་གནད་འབུར་དུ་ཐོན་པ་དང་། ས་མཐོའི་ཁྱད་ལྡན་འདེབས་ལས་གོང་སྤེལ་གཏོང་བའི་བྱ་སྤྱོད་ལ་སྐུལ་འདེད་མགྱོགས་སུ་གཏོང་བ། འབྱུང་འཕྲོད་སྐྱེ་ལྡན་གྱི་ཞིང་འབྲོག་ལས་གོང་སྤེལ་གཏོང་བ། ས་མཐོའི་ཡུལ་ཟོག་ཐོན་རྫས་ཀྱི་གྲགས་རྟགས་གཏོད་པ་བཅས་བྱེད་དགོས། ས་མཐོའི་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་དང་གོམས་སྲོལ་ངན་པ་འགྱུར་ལྡོག་གཏོང་དགོས། དབུལ་ལོག་སྔོན་འགོག་གི་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་ལམ་སྲོལ་དོན་འཁྱོལ་བྱས་ཏེ། གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་མི་ཡོང་བ་བྱེད་དགོས།

2024ལོའི་ཟླ་6ཚེས་18ཉིན་ནས་ཚེས་19ཉིན་བར། ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད།

གྲོང་གསེབ་དར་རྒྱས་གཏོང་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་དང་། གནས་སྤོས་ཡུལ་མི་ཁྲི་བརྒྱའི་ཕྱུག་འགྱུར་རིམ་སྤར་བྱ་སྤྱོད་ལག་བསྟར་ཡག་པོ་བྱས་ཏེ། མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་དང་གྲོང་གསེབ་ཀྱི་གོམས་སྲོལ་ངན་པ་འགྱུར་ལྡོག་གཏོང་དགོས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། དམིགས་འཛུགས་རོགས་སྐྱོར་དང་སྤྱི་ཚོགས་ཀྱི་རོགས་སྐྱོར་གཏིང་ཟབ་ཏུ་བཏང་ནས་གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་མཐའ་གཅིག་ཏུ་མེད་པ་བཟོ་དགོས།

2024ལོའི་ཟླ་6ཚེས་19ཉིན་ནས་ཚེས་20ཉིན་བར། ཞི་ཅིན་ཕིང་གིས་ཉིང་ཞ་རུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད།

གཏན་འབེབས་འཆར་ཟིན་ནང་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་གོང་སྤེལ་གྱི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུའི་ཐད་བཀོད་སྒྲིག་བྱས་ཤིང་། རྣམ་གསར་གྲོང་ཁྱེར་གྲོང་རྡལ་ཅན་ཏུ་འགྱུར་བར་སྐུལ་འདེད་གཏོང་བའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། གྲོང་གསེབ་ཀྱི་གཞི་རྩའི་གཉེར་སྐྱོང་ལམ་ལུགས་སྲ་བརྟན་དང་འཐུས་ཚང་དུ་གཏོང་བ། ཞིང་ལས་ལ་ཤུགས་སྣོན་དང་ཞིང་པར་ཕན་སྦྱར། ཞིང་པ་ཕྱུག་འགྱུར་བཅས་ལ་རྒྱབ་སྐྱོར་བྱེད་ལམ་འཐུས་ཚང་དུ་གཏོང་བ། ས་ཞིང་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་བཅས་བཏོན་ཡོད།

ཞི་ཅིན་ཕིང་གིས་《སྒྱུར་བཅོས་སྔར་བས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས》ལ་གསལ་བཤད་གནང་སྐབས། ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་2024ལོའི་ཟླ་7ཚེས་21ཉིན་གློག་འཕྲིན་འབྱོར་གསལ།

རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་འཛུགས་སྐྲུན་ཤུགས་ཆེན་བྱེད་པ་དང་། རྣམ་གསར་བཟོ་ལས་ཅན་དང་ཆ་འཕྲིན་ཅན། གྲོང་ཁྱེར་གྲོང་རྡལ་ཅན་བཅས་སུ་འགྱུར་རྒྱུར་སྐུལ་འདེད། གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་བཅས་བཏང་སྟེ། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་བསྐྲུན་མགྱོགས་སུ་གཏོང་དགོས།

2024ལོའི་ཟླ་8ཚེས་22ཉིན། ཞི་ཅིན་ཕིང་གིས་བློ་མཐུན་ཏེང་ཞའོ་ཕིང་འཁྲུངས་ནས་ལོ་120འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད།

ཤང་གྲོང་དར་སྤེལ་གཏོང་བའི་འགག་རྩ་ནི་ཐོན་ལས་དར་སྤེལ་གཏོང་རྒྱུ་དེ་ཡིན། ལོ་70ལྷག་ཙམ་སྐྱེད་སྲིང་དང་གོང་སྤེལ་བཏང་བ་བརྒྱུད། ཧྭ་ཉིའུ་ཀུ་ཤུའི་ཚོང་རྟགས་དེ་སྐད་གྲགས་ཅན་ཏུ་འགྱུར་ཡོད། སྣ་རིགས་སྲུང་སྐྱོང་དང་སྐྱེད་སྲིང་བྱ་ཤུགས་ཆེ་རུ་གཏོང་བ། གདབ་སྟངས་ལེགས་གཏོང་། ཚོང་གཉེར་བྱེད་སྟངས་གསར་གཏོད་བཅས་བྱས་ཏེ། ཁྱད་ལྡན་ཐོན་ལས་དེ་ཉིད་རྒྱ་སྟོབས་ཆེ་རུ་བཏང་ནས་མང་ཚོགས་དེ་བས་མང་བ་འབབ་འཕར་ཕྱུག་འགྱུར་ཐུབ་པ་བྱེད་དགོས།

2024ལོའི་ཟླ་9ཚེས་10ཉིན་ནས་ཚེས་13ཉིན་བར། ཞི་ཅིན་ཕིང་གིས་ཀན་སུའུ་རུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད།

དེང་རབས་ཀྱི་གྲང་ཐན་ཁྱད་ལྡན་ཞིང་ལས་གོང་སྤེལ་ཧུར་ཐག་བཏང་ནས་འགྲན་རྩོད་ནུས་པ་ལྡན་པའི་ཞིང་ལས་གྲགས་རྟགས་ཁག་ཅིག་སྐྱེ་སྲིང་བྱེད་དགོས།

2024ལོའི་ཟླ་9ཚེས་10ཉིན་ནས་ཚེས་13ཉིན་བར། ཞི་ཅིན་ཕིང་གིས་ཀན་སུའུ་རུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད།

ད་ལོ། ང་ཚོས་ཅུང་ཚབས་ཆེ་བའི་རང་བྱུང་གནོད་འཚེ་སོགས་ཀྱི་ཤུགས་རྐྱེན་ངན་པ་ཁྱད་བསད་བྱས་ཏེ། དབྱར་བསྡུའི་ལོ་ཏོག་ཐོན་འཕར་དང་སྔ་སྨིན་འབྲས་ཀྱི་ཐོན་འབབ་བརྟན་པོ་བྱུང་ནས་ལོ་ཧྲིལ་པོའི་འབྲུ་རིགས་ཐོན་འབབ་ཀྱི་འཕེལ་ངོ་བཟང་པོ་མངོན་ཞིང་། དེས་དཔལ་འབྱོར་བསྐྱར་འཕར་དང་ལེགས་སུ་འགྲོ་རྒྱུ་སྲ་བརྟན་བྱུང་ནས་སྤུས་ཚད་མཐོ་པོས་གོང་སྤེལ་གཏོང་རྒྱུར་འདེགས་སྐྱོར་ནུས་ལྡན་ཐུབ་ཡོད།

ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་རྒྱ་ཆེའི་ཞིང་པ་དང་ཞིང་གསུམ་འཐབ་ས་མདུན་མར་ལས་ཀ་བྱེད་བཞིན་པའི་བློ་མཐུན་ཚོར་དུས་ཆེན་གྱི་རྟེན་འབྲེལ་ཞུ་བ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ། ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་2024ལོའི་ཟླ་9ཚེས་21ཉིན་གློག་འཕྲིན་འབྱོར་གསལ།

ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས་ན། ངེས་པར་དུ་རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཞིང་ལས་ཀྱི་རྨང་གཞི་སྲ་བརྟན་དུ་བཏང་སྟེ་གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་དགོས། ཏང་ཨུད་དང་སྲིད་གཞུང་རིམ་པ་ཁག་གིས་ཞིང་གསུམ་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐར་ཕྱིན་བྱས་ཏེ། ཁྲི་སྟོང་ལས་གཞིའི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད། འབྲུ་རིགས་དང་ཞིང་ལས་ཐོན་རྫས་གལ་ཆེན་བརྟན་ཞིང་བདེ་འཇགས་ལྡན་པའི་ངང་མཁོ་སྤྲོད་བྱ་རྒྱུར་དམ་འཛིན། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དང་རྒྱ་སྐྱེད། ཞིང་ལས་ཀྱི་ཕན་འབྲས་ཆེ་རུ་གཏོང་བ། ཞིང་པའི་ཡོང་འབབ་འཕར་སྣོན། གྲོང་གསེབ་ཀྱི་གསོན་ཤུགས་ཆེ་རུ་གཏོང་བ་བཅས་ལ་ཐབས་བརྒྱ་ཇུས་སྟོང་གིས་སྐུལ་འདེད་བཏང་ནས་ཞིང་པ་མང་ཚོགས་ཚོས་ཐད་ཀར་ཚོར་ཐུབ་པ་དང་མྱོང་ཐུབ་པ། ཕན་པ་ཐོབ་ཐུབ་པ་བྱེད་དགོས། རེ་བར་རྒྱ་ཆེའི་ཞིང་པ་མང་ཚོགས་དང་སྤྱི་ཚོགས་ལས་རིགས་ཁག་ཚང་མས་བྱ་སྤྱོད་ཧུར་ཐག་སྤེལ་བ་དང་། ཏན་ཏན་ཏིག་ཏིག་ངང་གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་གཏོང་བའི་འཆར་གཞི་བཟང་པོ་དོན་ཐོག་འཁྱོལ་བ་བྱས་ཏེ། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་བ་དང་ཞིང་ལས་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་ཆེད་རྨང་གཞི་འདིང་དགོས།

ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་རྒྱ་ཆེའི་ཞིང་པ་དང་ཞིང་གསུམ་འཐབ་ས་མདུན་མར་ལས་ཀ་བྱེད་བཞིན་པའི་བློ་མཐུན་ཚོར་དུས་ཆེན་གྱི་རྟེན་འབྲེལ་ཞུ་བ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ། ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་2024ལོའི་ཟླ་9ཚེས་21ཉིན་གློག་འཕྲིན་འབྱོར་གསལ། (མུ་མཐུད་འགོད་རྒྱུ)

གྲོང་ཁྱེར་རྩོམ་སྒྱུར་ཅུད་ཀྱིས་རྩོམ་སྒྱུར་བྱས།

ས་གནས། ལྷོ་ཁ་རྩེད་ཐང་གྲོང་རྡལ་ཧུའུ་ནན་ལམ་སྒོ་རྟཊ་ཨང་19 རྩོམ་སྒྲིག་ཁང་གི་ཞལ་པར། 0893-7829597 སྦྲག་ཨང་850000 བོད་ལྗོངས་རི་ཆུ་པར་ལས་ལག་རྩལ་ཚད་ཡོད་ཀུང་སིས་པར་བཏབ། (ས་གནས། ལྷ་ས་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་Bཁུལ་ལྷ་མཚོ་ནུབ་ལམ་1པོ) དེ་རིང་པར་ངོས་བཞི། སིལ་ཚོང་རིན་སྒོར་ 0.6 པར་ཟིན་དུས་ཆུ་ཚོད་2

放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:党建
   第03版:综合新闻
   第04版:理论
ཞིང་གསུམ་ལས་དོན་ཡག་པོ་བསྒྲུབ་པའི་ཐད་ཀྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན། (༢)