འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཉེ་ཆར། ལྗོངས་ཡོངས་ཀྱི་གྲོང་གསེབ་དར་རྒྱས་གཏོང་བའི་དུས་ཚིགས་དང་པོའི་འབྲེལ་མཐུད་མ་དངུལ་ལག་བསྟར་གནས་ཚུལ་གསར་དུ་ཐོན་ནས་ལྷོ་ཁ་གྲོང་ཁྱེར་གྱི་ད་ལོའི་དུས་ཚིགས་དང་པོའི་རིམ་པ་བཞི་པའི་ནོར་སྲིད་འབྲེལ་མཐུད་མ་དངུལ་ལག་བསྟར་མྱུར་ཚད་བརྒྱ་ཆ་29.58དང་།ཀྲུང་དབྱང་ནོར་སྲིད་འབྲེལ་མཐུད་མ་དངུལ་ལག་བསྟར་མྱུར་ཚད་བརྒྱ་ཆ་34ཟིན་ནས་ལྗོངས་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད་པ་རེད།
ཉེ་བའི་ལོ་ཤས་རིང་། ངེད་གྲོང་ཁྱེར་གྱིས་དབུལ་སྐྱོར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དང་གྲོང་གསེབ་དར་རྒྱས་ནུས་ལྡན་འབྲེལ་མཐུད་བྱེད་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱས་ཏེ་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་ནོར་སྲིད་ཀྱི་འབྲེལ་མཐུད་མ་དངུལ་དོ་དམ་སྐོར་གྱི་ལས་ཀའི་བླང་བྱ་གཞིར་བཟུང་།2025ལོའི་དུས་ཚིགས་དང་པོའི་གྲོང་གསེབ་དར་རྒྱས་འབྲེལ་མཐུད་མ་དངུལ་དོ་དམ་བེད་སྤྱོད་ལས་ཀར་སྐུལ་འདེད་ཏན་ཏིག་བཏང་བར་གྲུབ་འབྲས་རགས་ཙམ་ཐོབ་ཡོད་པ་རེད།
ལོ་འགོའི་ལས་དོན་བཀོད་སྒྲིག་གཞིར་བཟུང་། 2025ལོར། ངེད་གྲོང་ཁྱེར་གྱིས་ས་ཁུལ་རིམ་པའི་འགོ་ཁྲིད་ཀྱིས་ཞིང་ལས་ལ་རོགས་རམ་དང་ཞིང་ལས་དར་རྒྱས། ཞིང་ལས་འགན་གཙང་ལེན་བཅས་བྱེད་ཤུགས་ཆེ་རུ་བཏང་བ་དང་། གྲོང་ཁྱེར་རིམ་པའི་གྲོང་གསེབ་དར་རྒྱས་ཀྱི་རྟ་སྒ་ཆ་སྒྲིག་འབྲེལ་མཐུད་མ་དངུལ་སྒོར་དུང་ཕྱུར་1.25བཀོད་སྒྲིག་བྱས་ནས་ཞིང་འབྲོག་ཁུལ་གྱི་ཆད་སྐྱོན་ཞན་ཆ་གསབ་ཏེ་གྲོང་གསེབ་ཀྱི་ཐོན་ལས་གོང་འཕེལ་དང་། གྲོང་གསེབ་འཛུགས་སྐྲུན། གྲོང་གསེབ་བཅོས་སྐྱོང་ཆུ་ཚད་བཅས་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཡོད་པ་རེད། དེའི་ནང་《སྔོན་ཚུད་ནས་2025ལོའི་གྲོང་ཁྱེར་གྱི་རིམ་པ་དེ་གའི་ནོར་སྲིད་ལེ་ལག་གི་དབུལ་སྐྱོར་འགག་སྒྲོལ་གྲུབ་འབྲས་དང་གྲོང་གསེབ་དར་རྒྱས་
(པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད)ནུས་ལྡན་འབྲེལ་མཐུད་མ་དངུལ་(ཁག་དང་པོ)སྐོར་གྱི་ལྷོ་ཁ་གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུས་ཀྱི་བརྡ་ཐོ》གཞིར་བཟུང་། གྲོང་ཁྱེར་གྱི་རིམ་པ་དེ་གའི་ས་ཞིང་ནང་བཤུག་ཡོང་འབབ་སྔོན་རྩིས་ཁྲོད་ནས་2025ལོའི་རིམ་པ་དེ་གའི་ནོར་སྲིད་ལེ་ལག་གི་དབུལ་སྐྱོར་འགག་སྒྲོལ་གྲུབ་འབྲས་དང་གྲོང་གསེབ་དར་རྒྱས་ནུས་ལྡན་འབྲེལ་མཐུད་མ་དངུལ་(ཞིང་ལས་ཐོན་སྐྱེད་འཕེལ་རྒྱས་མ་དངུལ)སྒོར་ཁྲི་2400གཤམ་སྤྲོད་བྱས་པ་དང་། རྫོང་ཁག་(ཆུས་སམ་གྲོང་ཁྱེར་)ཁག་སོ་སོར་རྟ་སྒ་ཆ་སྒྲིག་མ་དངུལ་སྒོར་ཁྲི་200གཤམ་སྤྲོད་བྱས་ཡོད་པ་རེད།
མ་དངུལ་གཏོང་འཇོག་འཆར་འགོད་ཐད། རང་སྐྱོང་ལྗོངས་ཀྱི་ཐོན་ལས་འཕེལ་རྒྱས་བཀོད་པ་དང་། རང་ས་ཁོངས་ཀྱི་ཐོན་ཁུངས་གྱི་སྐྱེ་སྟོབས་དང་ཟུང་འབྲེལ་བྱས་ནས་མ་དངུལ་མང་ཆེ་བ་ཁྱད་ལྡན་ཐོན་ལས་ཀྱི་སྤུས་འབྲས་ལེགས་གཏོང་ལ་རྒྱབ་སྐྱོར་བྱ་རྒྱུར་སྤྱོད་རྒྱུ་དང་། གཙོ་གནད་སྣེ་གདོང་ཆུས་ཀྱི་ནས་ལས་སྣོན་ཞིབ་བཟོ་ཐོན་ལས་གླིང་རྒྱ་བསྐྱེད་དང་། གྲ་ནང་རྫོང་གི་ཚགས་ཤ་གྲང་ཕྲེང་མཛོད་ཉར་རྟེན་གཞི། མཚོ་སྣ་གྲོང་ཁྱེར་གྱི་རིག་གནས་ཡུལ་སྐོར་མཉམ་འདྲེས་དཔེ་སྟོན་གྲོང་ཚོ་སོགས་སྒུལ་ཤུགས་ཆེ་ལ། ཞིང་ལས་དང་འབྲེལ་ཞིང་ཕན་འབྲས་མངོན་གསལ་དོད་པའི་ཐོན་ལས་རྣམ་གྲངས་32ཐད་གཏོང་རྒྱུ་ཡིན་པ་རེད། དེ་དང་ཆབས་ཅིག་གྲབས་གསོག་མ་དངུལ་དེ་དག་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་ཞན་རིགས་གསབ་རྒྱུའི་ཐད་སྤྱད་དེ་གོང་དཀར་རྫོང་གི་གྲོང་གསེབ་འགྲོ་ལམ་མཁྲེགས་འགྱུར་ལས་གྲྭ་དང་། ལྷོ་བྲག་རྫོང་གི་ཞིང་ཆུ་འདྲེན་གཏོང་སྒྲིག་བཀོད་སྒྱུར་བཅོས། འཕྱོངས་རྒྱས་རྫོང་གི་སྡོད་མལ་ཁོར་ཡུག་ལེགས་བཅོས་མཐོར་འདེགས་སོགས་དམངས་འཚོའི་རྣམ་གྲངས་45ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་སྟེ་མང་ཚོགས་ཀྱི་བྲེལ་དཀའ་སྡུག་སྨོན་གྱི་གནད་དོན་ཐག་གཅོད་བྱས་ཐོག་གྲོང་གསེབ་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལ་ལེགས་བཅོས་གང་ལེགས་བྱས་པ་རེད།
མ་དངུལ་དོ་དམ་གྱི་ལམ་སྲོལ་འཛུགས་པའི་ཐད། གྲོང་ཁྱེར་རིམ་ངོས་ནས་སྲིད་གཞུང་གྱི་ཁག་བགོས་དོ་དམ་འགོ་ཁྲིད་ཀྱིས་ཙུའུ་ཀྲང་གནང་བའི་མ་དངུལ་ལྟ་སྡོམ་ཆེད་སྒྲུབ་ཚོ་ཆུང་བཙུགས་པ་དང་། དུས་བཀག་ནང་རྣམ་གྲངས་སྐུལ་འདེད་ཚོགས་འདུ་འཚོགས་ནས་དཀའ་གནད་གནད་དོན་ཐག་གཅོད་བྱས་པ། རྫོང་ངམ་ཆུས་རིམ་གཉིས་ཀྱིས་རྣམ་གྲངས་ཀྱི་སྔོན་འགྲོའི་ཞིབ་དཔྱད་དང་། འོས་སྐུལ་དོ་དམ། མཇུག་འགྲིལ་རྩིས་ལེན་བཅས་ལག་བསྟར་ནན་པོ་བྱས་ཏེ་མ་དངུལ་གཏོང་ཚད་གནད་ལ་འཁེལ་ཞིང་སྒྲིག་སྲོལ་དང་མཐུན་པའི་འགན་ལེན་བྱས་པ། གྲོང་ཚོ་རིམ་བརྒྱུད་ཀྱིས་གྲོང་དོན་སྤྱི་བསྒྲགས་ཆེད་སྒྲོམ་དང་འཕྲིན་སྟེགས་སོགས་ཐབས་ལམ་བརྒྱུད་དུས་བཀག་ནང་མ་དངུལ་བེད་སྤྱོད་བྱས་ཚུལ་ཡོངས་བསྒྲགས་བྱས་ནས་མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་ཀྱི་ཡོད། མིག་སྔའི་བར་གྲོང་ཁྱེར་ཡོངས་ཀྱིས་ཆེད་དམིགས་ལྟ་སྐུལ་ཞིབ་བཤེར་ཐེངས་6བྱས་ནས་མྱུར་ཚད་རྗེས་ལུས་ཐེབས་པའི་རྣམ་གྲངས་27ལག་བསྟར་བྱེད་མགྱོགས་སུ་གཏོང་རྒྱུར་སྐུལ་འདེད་བཏང་ཐོག་མ་དངུལ་གཏོང་སྤྲོད་དང་རྣམ་གྲངས་འཛུགས་སྐྲུན་གཉིས་དུས་མཉམ་ཡོང་རྒྱུ་འགན་ལེན་བྱས་ཡོད།
མ་དངུལ་སྤྱོད་པའི་ལས་ཕྱོད་ནི་གྲོང་གསེབ་དར་རྒྱས་ཀྱི་ཕན་འབྲས་ལ་ཚོད་བགམ་བྱེད་པའི་ཚད་གཞི་གལ་ཆེན་ཞིག་ཡིན། ངེད་གྲོང་ཁྱེར་གྱི་གྲོང་གསེབ་དར་རྒྱས་ཅུད་ཀྱི་འགན་འཁུར་བས་གོམ་སྟབས་རྗེས་མར། རྒྱུན་མཐུད་གྱི་ཕན་འབྲས་དང་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྣམ་གྲངས་མཐའ་དག་འཆར་འགོད་དང་བསྟུན་ནས་འགྲོ་རྒྱུ་དང་། མ་དངུལ་མཐའ་དག་རྣམ་གྲངས་དང་བསྟུན་ནས་འགྲོ་རྒྱུ། འགན་འཁྲི་མཐའ་དག་མ་དངུལ་དང་བསྟུན་ནས་འགྲོ་བའི་གདུབ་ཟུམ་དོ་དམ་ལམ་སྲོལ་ཟུངས་ནུས་གཙོ་གནད་ཐོན་ལས་སྦྲེལ་ཐག་སྣུར་སྲིང་དང་། གཉེར་སྐྱོང་གཙོ་གཟུགས་གསར་པ་སྐྱེད་སྲིང་། ཞིང་འབྲེལ་ཞིང་ཁྲིད་ལམ་སྲོལ་གསར་གཏོད་སོགས་ཐད་གཏོང་ཆ་གཏོང་ཤུགས་ཆེ་རུ་བཏང་ཐོག་མ་དངུལ་རྣམས་རྣག་ཐོག་གཙག་འཁེལ་ཡོང་བའི་འགན་ལེན་བྱ་རྒྱུ། དུས་ཚིགས་གཉིས་པའི་རྣམ་གྲངས་འཛུགས་སྐྲུན་གྱི་དུས་མཚམས་ཡག་ཤོས་སླེབས་པ་དང་ཆབས་ཅིག་ལྷོ་ཁ་གྲོང་ཁྱེར་གྱིས་མཆོང་སྐྱོད་རྣམ་པའི་སྙིང་སྟོབས་ཐོག་ནས་ནུས་ཤུགས་ཡོད་རྒུས་འབྲེལ་མཐུད་མ་དངུལ་དང་རྣམ་གྲངས་ཁག་དོན་འཁྱོལ་དང་ཕན་འབྲས་དངོས་ཐོན་རྒྱུར་སྐུལ་འདེད་བཏང་ཐོག་ས་མཐོའི་གྲོང་གསེབ་དར་རྒྱས་ཀྱི་དཔེ་མཚོན་དཔེ་གཞི་གཏོད་རྒྱུར་ནོར་ཤུགས་ཀྱི་འགན་ལེན་བརྟན་པོ་མཁོ་འདོན་བྱེད་རྒྱུའི་ཆོད་སེམས་བརྟན་ནོ།།
བསོད་ནམས་བསྟན་པས་བསྒྱུར། བསོད་ཡེ་བདེས་ཞུས།